ལོ་ལྔ་འཆར་གཞི་ ༡༢ པ་བརྩམ་ནིའི་གྲ་སྒྲིག

ང་བཅས་རའི་རྒྱལ་ཁབ་འདི་སྒྲིང་སྒྲིང་བཟོ་ནིའི་དོན་ལས་ གེ་ར་གིས་བཅའ་མར་གཏོགས་ཏེ་རྒྱབ་སྐྱོར་མཛད་གནང་ཟེར་ཞུ་ནི་ཨིན། ལོ་ལྔའི་འཆར་གཞི་ ༡༢ པ་འདི་ འཆར་གཞི་ག་ཅི་བཟུམ་ཅིག་འོང་དགོཔ་ཨིན་ན་ ཁྱོད་རའི་བསམ་འཆར་དང་བསམ་བཀོད་ཚུ་བཀོད་གནང་། ཤུལ་མམ་གི་འཆར་གཞི་ནང་ ཡར་རྒྱས་གོང་འཕེལ་གྱི་རེ་འདོད་གཙོ་བོ་ག་ཅི་ར་ཨིན་ནང་བཅས་ཀྱི་གདོང་ལེན་འབྱུང་བཞིན་ཡོད་མི་ཚུ་སེལ་ཏེ་ ང་བཅས་ལུ་གོ་སྐབས་ག་དེ་མངམང་ཐོབ་ཚུགས་པའི་ ཀུན་ཚང་གི་འཆར་གཞི་ཅིག་ག་དེ་འབད་བརྩམ་ནི་ཨིན་ན? ང་བཅས་ཀྱིས་ ཡར་རྒྱས་གོང་འཕེལ་གྱི་འཆར་གཞི་འདི་ རྒྱལ་ཡོངས་ལུ་མོས་མཐུན་ཅན་ག་དེ་འབད་བཟོ་ནི་ཨིན་ན། གཞུང་ སྒེར་སྡེ་ མི་སྡེ་ལས་ཚོགས་དང་མི་དམངས་ཡོངས་ཀྱིས་ ང་བཅས་རའི་རྒྱལ་ཁབ་ཀྱི་སྤྱི་མཐུན་གྱི་རེ་དོན་གྲུབ་ཐབས་ལུ་མཉམ་འབྲེལ་ག་དེ་འབད་ནི་ཨིན་ན? རྒྱུ་མཚན་དེ་ལས་བརྟེན་ ང་བཅས་རའི་རྒྱལ་ཁབ་འདི་ ད་ལས་ཕར་སྒྲིང་སྒྲིང་ག་དེ་འབད་བཟོ་ནིའི་དོན་ལས་ ཁྱོད་རའི་བསམ་འཆར་དང་རིག་པ་གསརཔ་ཚུ་བརྗེ་སོར་མཛད་ནིའི་གོ་སྐབས་ཕུལ་དོ་ཟེར་ཞུ་ནི་ཨིན། ཁྱོད་རའི་བསམ་འཆར་དང་རིག་པ་གསརཔ་ཚུ་ གཤམ་གསལ་ལྟར་བཀོད་ནི་དང་ཡང་ཅིན་ ཐད་བཀར་དུ་ཡོངས་འབྲེལ་ཁ་བྱང་ ppd@gnhc.gov.bt ནང་བཀོད་གནང་ཟེར་ཞུ་ནི་ཨིན།

བཀའ་རྒྱ།

ལོ་ལྔའི་འཆར་གཞི་ ༡༢ པབརྩམ་ནིའི་ལམ་སྟོན་ལུ་ བཀོད་ཁྱབ་བཀའ་རྒྱ།
ལོ་ལྔའི་འཆར་གཞི་ ༡༢ པ་བརྩམ་ནིའི་ལམ་སྟོན་ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ཆ་འཇོག་བཀའ་རྒྱ།