རྒྱལ་ཡོངས་དགའ་སྐྱིདདཔལ་འཛོམས་ལྷན་ཚོགས་ཀྱི་དྲུང་ཆེན་ ཇཱ་པཱན་རྒྱལ་སྤྱིའི་ལས་སྡེ་གཉིས་ཀྱིས་བར་ན་ གྲོགས་རམ་གྱི་གན་རྒྱ་དང་གྲོས་བསྡུར་གྲོས་ཆོད་གུར་མཚན་རྟགས་བཀོད་གནང་ཡི། དེ་ཡང་ འབྲུག་གཞུང་གི་ངོ་ཚབ་ རྒྱལ་ཡོངས་དགའ་སྐྱིདདཔལ་འཛོམས་ལྷན་ཚོགས་དང་ ཇཱ་པཱན་གཞུང་གི་ངོ་ཚབ་ འབྲུག་ལུ་ཇཱ་པཱན་རྒྱལ་སྤྱིའི་ལས་སྡེའི་ཡིག་ཚང་གཉིས་ཀྱིས་བར་ན་ སོ་ནམ་འཕྲུལ་ཆས་བཀྲམ་སྤེལ་གོ་རིམ་ ༢ པའི་ལས་འགུལ་གྱི་དོན་ལུ་ གྲོགས་རམ་གྱི་གན་རྒྱ་གུར་མཚན་རྟགས་བཀོལ་གནང་ཡི།

སྤྱི་ཚེས་ ༩/༠༣/༢༠༢༠ ལུ་ས་གནས་ནིའུ་ལྡིལ་ལི་ལུ་ ཇཱ་པཱན་ལུ་འབྲུག་གཞུང་གི་སྐུ་ཚབ་ བེཊ་སོབ་ རྣམ་རྒྱལ་དང་ འབྲུག་ལུ་ཇཱ་པཱན་གཞུང་གི་སྐུ་ཚབ་ སཱ་ཏོ་ཤི་ སུ་ཟུ་ཀི་གཉིས་ཀྱིས་བར་ན་ ཡིག་ཆས་བརྗེ་སོར་གུར་མཚན་རྟགས་གནང་བའི་ཤུལ་མ་ རྒྱལ་ཡོངས་དགའ་སྐྱིདདཔལ་འཛོམས་ལྷན་ཚོགས་ཀྱི་དྲུང་ཆེན་ འཕྲིན་ལས་རྣམ་རྒྱལ་དང་ འབྲུག་ལུ་ཇཱ་པཱན་གཞུང་གི་སྐུ་ཚབ་ཡིག་ཚང་ལས་ གཙོ་འཛིན་ངོ་ཚབ་ ངོམ་ ཀོ་ཟོ་ ཝ་ཏ་ན་སྦི་གཉིས་ཀྱི་བར་ན་ སྤྱི་ཚེས་ ༢༧/༠༣/༢༠༢༠ ལུ་ དངུལ་ཀྲམ་བསྡོམས་ཧ་ལམ་ ས་ཡ་ ༢༩༡.༨ དེམ་ཅིག་ ཇཱ་པཱན་གྱི་ཡེན་ཨིན་པ་ཅིན་ ༤༢༧,༠༠༠,༠༠༠ དེམ་ཅིག་གནས་པའི་ སོ་ནམ་འཕྲུལ་ཆས་བཀྲམ་སྤེལ་གོ་རིམ་ ༢ པའི་ལས་འགུལ་གྱི་དོན་ལུ་ གྲོགས་རམ་གྱི་གན་རྒྱ་གུར་མཚན་རྟགས་བཀོལ་གནང་ཡི། གྲོགས་རམ་གྱི་གན་རྒྱ་འདི་ཡང་ འབྲུག་གཞུང་གིས་ཞུ་བ་ཕུལ་མི་དང་འཁྲིལ་ཏེ་ཨིན། འཆར་གཞི་ནང་འཁོད་ཡོད་པའི་མཁོ་ཆས་མཁོ་སྒྲུབ་ནི་ཨིན་མི་ཚུ་ཡང་ འཕྲུལ་ཆས་ པ་ཝར་ ཀྲི་ལར་ ༢༠༠ འཕྲུལ་ཆས་ པ་ཝར་ ཁ་གསལ་ཆེད་ལྷབ་ནི།

གདམ་འཐུའི་དྲི་བ་དྲིས་ལེན་གྱི་གྲུབ་འབྲས།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་ཁ་ཐུག་ལས་ སྔོ་ལྗངས་གནམ་གཤིས་འགྱུར་བའི་མ་དངུལ་གྱི་ ལས་འགུལ་འཛིན་སྐྱོང་པའི་དོན་ལུ་ སྤྱི་ཚེས་ ༥/༠༢/༢༠༢༠ ལུ་འགོ་འདྲེན་འཐབ་ཡོད་པའི་གདམ་འཐུའི་དྲི་བ་དྲིས་ལེན་གྱི་གྲུབ་འབྲས་འདི་གསལ་བསྒྲགས་འབདཝ་ཨིན། ཨང་། མིང་གསལ། མི་ཁུངས་ངོ་སྤྲོད་ལག་འཁྱེར་ཨང་། སྐུགས་ཚད་ཡོངས་བསྡོམས། ༼བརྒྱ་ཆ༽ གྲུབ་འབྲས། ༡ ཀུན་བཟང་དབང་མོ། ༡༡༤༡༠༠༠༤༨༧༤ ༧༩.༥༠ སོར་འཐེབ། ༢ ཤེས་རབ་རྒྱལ་མཚན། ༡༢༠༠༠༠༠༠༥༠ ༨༢.༧༠ གདམ་འཐུ་གྲུབ་ཡོདཔ། ༣ ཚེ་རིང་ཕུན་ཚོགས། ༡༠༦༠༧༠༠༠༥༥༤ ༧༥.༦༧  མདོ་ཆེན། རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས།

ཡང་བསྐྱར་ས་སྟོང་གསལ་བསྒྲགས།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཁ་ཐུག་ལས་ གཤམ་འཁོད་འགོ་དཔོན་གྱི་་དོན་ལུ་ཡང་བསྐྱར་ས་སྟོང་གསལ་བསྒྲགས་འབདཝ་ཨིན། གོ་གནས། འགོ་གནས་ཀྱི་གནས་རིམ། སྡེ་ཚན། ཤེས་ཚད་ཉུང་མཐའ། འཆར་གཞི་གཙོ་འཛིན་འགོ་དཔོན། ཁྱད་འཛིན་ ༡ པ་ ཀ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས།ས་གནས་གོང་འཕེལ་སྡེ་ཚན། གཙུག་ལག་གཞི་རིམ་གྱི་ཤེས་ཚད་ཡོད་མི་དང་དེ་ཡི་ལྟག་ལས་ཤེས་ཚད་ཡོད་མི་ཚུ། གཡོག་ཐོག་ཞི་གཡོགཔ་ སྤྱི་གཡོག་སྒྲིག་བཀོད་གཅིག་པའི་ བདག་སྐྱོང་གི་ཞབས་ཏོག་གི་ ཁྱད་རིག་ལས་གཡོག་ནང་ཚུད་མི་ འབྲུག་ཞི་གཡོག་བཅའ་ཡིག་དང་སྒྲིག་གཞི་ ༢༠༡༨ ཅན་མའི་ དོན་ཚན་ ༡༣.༧.༤ པའི་ གོ་གནས་ཡར་སེང་གི་བཅའ་ཁྲིམས་དང་སྒྲིག་ཁྲིམས་དང་འཁྲིལ་ཏེ་ ཁྱད་ཚད་དང་ལྡན་མི་ ཞི་གཡོགཔ་ཚུ་གིས་ སྤྱི་ཚེས་ ༨/༠༤/༢༠༢༠ ཀྱི་ནང་འཁོད་ལུ་ གཤམ་འཁོད་ཡིག་ཆ་ཚུ་དང་སྦྲགས་ཏེ་ཞུ་ཡིག་བཙུགས་གནང་། དུས་མཐུན་བཟོ་བའི་ཞི་གཡོག་བརྡ་དོན་རིམ་ལུགས་ཀྱི་ཁ་བྱང་གི་འདྲ་དང་ རང་སོའི་ཁྱད་ཡོན་གྱི་ཐོ། སྤྱི་ལོ་ ༢༠༡༧-༢༠༡༨ དང་ ༢༠༡༨-༢༠༡༩ གི་(ཞི་གཡོག་བརྡ་དོན་རིམ་ལུགས) ཀྱི་ལཱ་གི་གྲུབ་འབྲས་བརྟག་ཞིབ་ཀྱི་འདྲ། ད་ལྟོ་ལཱ་འབད་བཞིན་ཡོད་པའི་ལས་སྡེ་ལས་ཉོགས་མེད་ལག་འཁྱེར་དང་འབྲེལ་ཡོད་སྦྱོང་བརྡར་གྱི་ལག་འཁྱེར་ཚུ། ཉོགས་མེད་ལག་འཁྱེར་དང་རྩིས་ཞིབ་ཀྱི་ཉོགས་མེད་ལག་འཁྱེར་ཚུ་གི་འདྲ།  ཕྱི་སེལ་གདམ་འཐུའི་ཚད་གཞི: ལཱ་གཡོག་ཞབས་ཏོག: ཞུ་ཡིག་བཙུགས་ནིའི་ཞག་དུས་གསལ་བསྒྲགས་འབད་བའི་ཉིནམ་ལས་ ཞི་གཡོག་གོ་གནས་རིམ་འགྲན་འདྲ་འབད་མི་ཉུང་མཐའ་ལོ་ངོ་ ༢ འགྱོ་མི་ཚུ་གིསམཐོ་བའི་གནས་རིམ་གྱི་དོན་ལུ་ཞུ་ཡིགབཙུགས་གནང། (གོ་གནས་རྒན་རིམ) འབྲེལ་ཡོད་སྦྱོང་བརྡར་ནང་བཅའ་མར་གཏོགས་འདི་ཡོད་མི་ ཁ་གསལ་ཆེད་ལྷབ་ནི།

འཆར་གཞི་འགོ་དཔོན་གྱི་དོན་ལུ་ ཕྱི་སེལ་གྲུབ་ཡོད་པའི་མི་ངོམ་ཚུ།

ཐིམ་ཕུ་རྫོང་ཁག་གི་འཆར་གཞི་འགོ་དཔོན་གྱི་དོན་ལུ་ གཤམ་འཁོད་ཞུ་ཡིག་བཙུགས་མི་ཚུ་ཕྱི་སེལ་གྲུབ་ཡོད་པའི་གསལ་བསྒྲགས་འབདཝ་ཨིན། ཨང་། མིང་གསལ། ཞི་གཡོག་ངོ་རྟགས་ཨང་། ད་ལྟོའི་གོ་གནས། དྲན་གསོ། ༡ སངས་རྒྱས་ཕུར་པ། ༢༠༡༧༠༡༠༧༧༩༣ མི་སྟོབས་འགོ་དཔོན། མགར་ས་རྫོང་ཁག་བདག་སྐྱོང་། ཕྱི་སེལ་གྲུབ་ཡོདཔ། 2 པདྨ་བསྟན་འཛིན། ༢༠༠༨༠༥༠༠༢ རྒེད་འོག་བདག་སྐྱོང་འགོ་དཔོན་ ༡ པ། གླིང་བཞི་རྒེད་འོག་ ཕིམ་ཕུ་རྫོང་ཁག ཕྱི་སེལ་གྲུབ་ཡོདཔ། མཐའ་དཔྱད་གདམ་འཐུའི་དྲི་བ་དྲིས་ལེན་འདི་ཡང་  ཀོ་ཝིཊ་-༡༩ གི་ནད་གཞིའི་གནས་སྟངས་འདི་ལེགས་ཤོམ་འགྱོ་བ་ཅིན་རྐྱངམ་ཅིག་ སྤྱི་ལོ་ ༢༠༢༠ སྤྱི་ཟླ་ ༤ པའི་བདུན་ཕྲག་ ༡ པའི་ནང་འཁོད་ནང་ལུ་འགོ་འ་དྲེན་འཐབ་ནི་ཨིན། གདམ་འཐུའི་དྲི་བ་དྲིས་ལེན་གྱི་ཚེས་གྲངས་ཏན་ཁེལ་འདི་ཡང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་གི་ ཡོངས་འབྲེལ་འཆར་སྒོའི་ནང་ལུ་ཤུལ་ལས་གསལ་བསྒྲགས་འབད་འོང་།  ཁ་གསལ་གྱི་དོན་ལས་ ཡིག་ཚང་གི་དུས་ཚོད་ཁར་ མི་སྟོབས་ལས་ཚན་ནང་ བརྒྱུད་འཕྲིན་ཨང་ ༣༣༣༢༣༠/༡༧༣༧༨༠༨༧ ཁ་གསལ་ཆེད་ལྷབ་ནི།

ཞིབ་འཚོལ་འགོ་དཔོན་གྱི་དོན་ལུ་ ཕྱི་སེལ་གྲུབ་ཡོད་པའི་མི་ངོམ་ཚུ།

ཞིབ་འཚོལ་འགོ་དཔོན་གྱི་དོན་ལུ་ ཕྱི་སེལ་གྲུབ་ཡོད་པའི་མི་ངོམ་ཚུ། ཞིབ་འཚོལ་འགོ་དཔོན་གྱི་དོན་ལུ་ གཤམ་འཁོད་ཞུ་ཡིག་བཙུགས་མི་འདི་ཕྱི་སེལ་གྲུབ་ཡོད་པའི་གསལ་བསྒྲགས་འབདཝ་ཨིན། རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་།  ཨང་། མིང་གསལ། ཞི་གཡོག་ངོ་རྟགས་ཨང་། ད་ལྟོའི་གོ་གནས། དྲན་གསོ། ༡ བཀྲ་ཤིས་གྲུབ་པ། ༢༠༡༠༠༡༠༠༨ ལས་རིམ་འགོ་དཔོན་གོངམ། གསོ་བའི་འཕྲོད་བསྟེན་གོང་འཕེལ་སྡེ་ཚན། གསོ་བའི་ལྷན་ཁག ། ཐིམ་ཕུ། ཕྱི་སེལ་གྲུབ་ཡོདཔ། མཐའ་དཔྱད་གདམ་འཐུའི་དྲི་བ་དྲིས་ལེན་འདི་ཡང་  ཀོ་ཝིཊ་-༡༩ གི་ནད་གཞིའི་གནས་སྟངས་འདི་ལེགས་ཤོམ་འགྱོ་བ་ཅིན་རྐྱངམ་ཅིག་ སྤྱི་ལོ་ ༢༠༢༠ སྤྱི་ཟླ་ ༤ པའི་བདུན་ཕྲག་ ༡ པའི་ནང་འཁོད་ནང་ལུ་འགོ་འ་དྲེན་འཐབ་ནི་ཨིན། གདམ་འཐུའི་དྲི་བ་དྲིས་ལེན་གྱི་ཚེས་གྲངས་ཏན་ཁེལ་འདི་ཡང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་གི་ ཡོངས་འབྲེལ་འཆར་སྒོའི་ནང་ལུ་ཤུལ་ལས་གསལ་བསྒྲགས་འབད་འོང་།  ཁ་གསལ་གྱི་དོན་ལས་ ཡིག་ཚང་གི་དུས་ཚོད་ཁར་ མི་སྟོབས་ལས་ཚན་ནང་ བརྒྱུད་འཕྲིན་ཨང་ ༣༣༣༢༣༠/༡༧༣༧༨༠༨༧ ནང་ལུ་འབྲེལ་མཛད་གནང། མདོ་ཆེན། རྒྱལ་ཡོངས་དགའ་སྐྱིད་དཔལ་འཚོམས་ལྷན་ཚོགས།

ཞིབ་རོགས་བལྟ་རྟོགས་དང་འགོ་འདྲེན་འགོ་དཔོན་གྱི་དོན་ལས་་ ཕྱི་སེལ་གྲུབ་ཡོད་པའི་མི་ངོམ་ཚུ།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཚོམས་ལྷན་ཚོགས་ཁ་ཐུག་ལས་ འབྲུག་གི་ཞི་གཡོག་བཅའ་ཡིག་དང་སྒྲིག་གཞི་ ༢༠༡༨ དོན་ཚན་ ༤.༨.༣.༣ ཅན་མ་ལུ་གཞི་བཞག་ཐོག་ལས་ ལྷན་ཚོགས་ཡིག་ཚང་གི་ ཡིག་ཨང་ ཇི་ཨེན་ཨེཆ་སི/མི་སྟོབས/-༠༧/༢༠༢༠/༣༣༢ སྤྱི་ཚེས་༤༩/༠༣/༢༠༢༠ ལུ་ གསལ་བསྒྲགས་འབད་ཡོད་མི་དང་འཁྲིལ་ ཞིབ་རོགས་བལྟ་རྟོགས་དང་འགོ་འདྲེན་འགོ་དཔོན་ཚུ་ ཕྱི་སེལ་གྲུབ་མི་ཚུ་གསལ་བསྒྲགས་འབདཝ་ཨིན། ཨང་། མིང་གསལ། མི་ཁུངས་ངོ་སྤྲོད་ལག་འཁྱེར་ཁང་། འབྲུག་གི་ཞི་གཡོག་ཆོས་རྒྱུགས་ཀྱི་གྲུབ་འབྲས་དེའི་ལོ། ཆོས་རྒྱུགས་ཀྱི་དབྱེ་ཁག ༡ གླིང་སྒྲོན་མཚོ་མོ། ༡༠༦༠༡༠༠༣༧༡༠ ༦༢.༢༢-༢༠༡༩ མི་དམངས་བདག་སྐྱོང་གཙུག་ལག་འོག་མའི་ཤེས་ཚད། ༢ བསོད་ནམས་རྒྱ་མཚོ། ༡༠༦༠༥༠༠༠༩༣༧ ༦༡.༨༦-༢༠༡༩ མི་དམངས་བདག་སྐྱོང་གཙུག་ལག་འོག་མའི་ཤེས་ཚད། ༣ ཚེ་རིང་སྒྲོལ་མ། ༡༡༩༠༩༠༠༠༥༩༠ ༦༡.༦༥-༢༠༡༩ མི་དམངས་བདག་སྐྱོང་གཙུག་ལག་འོག་མའི་ཤེས་ཚད། ༤ འཆི་མེད་ལྷ་མོ། ༡༠༦༠༥༠༠༢༩༥༠ ༦༡.༦༡-༢༠༡༩ ཁྱད་རིག་དང་ མི་དམངས་བདག་སྐྱོང་ཁྲིམས་དོན་གཙུག་ལག་འོག་མའི་ཤེས་ཚད། ཁ་གསལ་ཆེད་ལྷབ་ནི།

ས་སྟོང་གསལ་བསྒྲགས།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཁ་ཐུག་ལས་ གཤམ་འཁོད་ཀྱི་ས་སྟོང་གསལ་བསྒྲགས་འབདཝ་ཨིན། གོ་གནས། འགོ་གནས་ཀྱི་གནས་རིམ། སྡེ་ཚན། ཤེས་ཚད་ཇུང་མཐའ། འཆར་གཞི་གཙོ་འཛིན་འགོ་དཔོན། ཁྱད་འཛིན་ ༡ པ་ ཀ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས།ས་གནས་གོང་འཕེལ་སྡེ་ཚན། གཙུག་ལག་གཞི་རིམ་གྱི་ཤེས་ཚད་ཡོད་མི་དང་དེ་ཡི་ལྟག་ལས་ཤེས་ཚད་ཡོད་མི་ཚུ།  གཡོག་ཐོག་ཞི་གཡོགཔ་ སྤྱི་གཡོག་སྒྲིག་བཀོད་གཅིག་པའི་ བདག་སྐྱོང་གི་ཞབས་ཏོག་གི་ ཁྱད་རིག་ལས་གཡོག་ནང་ཚུད་མི་ འབྲུག་ཞི་གཡོག་བཅའ་ཡིག་དང་སྒྲིག་གཞི་ ༢༠༡༨ ཅན་མའི་ དོན་ཚན་ ༡༣.༧.༤ པའི་ གོ་གནས་ཡར་སེང་གི་བཅའ་ཁྲིམས་དང་སྒྲིག་ཁྲིམས་དང་འཁྲིལ་ཏེ་ ཁྱད་ཚད་དང་ལྡན་མི་ ཞི་གཡོགཔ་ཚུ་གིས་ སྤྱི་ཚེས་ ༢༤/༠༣/༢༠༢༠ ཀྱི་ནང་འཁོད་ལུ་ གཤམ་འཁོད་ཡིག་ཆ་ཚུ་དང་སྦྲགས་ཏེ་ཞུ་ཡིག་བཙུགས་གནང་། དུས་མཐུན་བཟོ་བའི་ཞི་གཡོག་བརྡ་དོན་རིམ་ལུགས་ཀྱི་ཁ་བྱང་གི་འདྲ་དང་ རང་སོའི་ཁྱད་ཡོན་གྱི་ཐོ། སྤྱི་ལོ་ ༢༠༡༧-༢༠༡༨ དང་ ༢༠༡༨-༢༠༡༩ གི་(ཞི་གཡོག་བརྡ་དོན་རིམ་ལུགས) ཀྱི་ལཱ་གི་གྲུབ་འབྲས་བརྟག་ཞིབ་ཀྱི་འདྲ། ད་ལྟོ་ལཱ་འབད་བཞིན་ཡོད་པའི་ལས་སྡེ་ལས་ཉོགས་མེད་ལག་འཁྱེར་དང་འབྲེལ་ཡོད་སྦྱོང་བརྡར་གྱི་ལག་འཁྱེར་ཚུ། ཉོགས་མེད་ལག་འཁྱེར་དང་རྩིས་ཞིབ་ཀྱི་ཉོགས་མེད་ལག་འཁྱེར་ཚུ་གི་འདྲ།  ཕྱི་སེལ་གདམ་འཐུའི་ཚད་གཞི: ལཱ་གཡོག་ཞབས་ཏོག: ཞུ་ཡིག་བཙུགས་ནིའི་ཞག་དུས་གསལ་བསྒྲགས་འབད་བའི་ཉིནམ་ལས་ ཞི་གཡོག་གོ་གནས་རིམ་འགྲན་འདྲ་འབད་མི་ཉུང་མཐའ་ལོ་ངོ་ ༢ འགྱོ་མི་ཚུ་གིསམཐོ་བའི་གནས་རིམ་གྱི་དོན་ལུ་ཞུ་ཡིགབཙུགས་གནང། (གོ་གནས་རྒན་རིམ) འབྲེལ་ཡོད་སྦྱོང་བརྡར་ནང་བཅའ་མར་གཏོགས་འདི་ཡོད་མི་ ཁ་གསལ་ཆེད་ལྷབ་ནི།