རྒྱལ་ཡོངས་དགའ་སྐྱིདདཔལ་འཛོམས་ལྷན་ཚོགས་ཀྱི་དྲུང་ཆེན་ ཇཱ་པཱན་རྒྱལ་སྤྱིའི་ལས་སྡེ་གཉིས་ཀྱིས་བར་ན་ གྲོགས་རམ་གྱི་གན་རྒྱ་དང་གྲོས་བསྡུར་གྲོས་ཆོད་གུར་མཚན་རྟགས་བཀོད་གནང་ཡི། དེ་ཡང་ འབྲུག་གཞུང་གི་ངོ་ཚབ་ རྒྱལ་ཡོངས་དགའ་སྐྱིདདཔལ་འཛོམས་ལྷན་ཚོགས་དང་ ཇཱ་པཱན་གཞུང་གི་ངོ་ཚབ་ འབྲུག་ལུ་ཇཱ་པཱན་རྒྱལ་སྤྱིའི་ལས་སྡེའི་ཡིག་ཚང་གཉིས་ཀྱིས་བར་ན་ སོ་ནམ་འཕྲུལ་ཆས་བཀྲམ་སྤེལ་གོ་རིམ་ ༢ པའི་ལས་འགུལ་གྱི་དོན་ལུ་ གྲོགས་རམ་གྱི་གན་རྒྱ་གུར་མཚན་རྟགས་བཀོལ་གནང་ཡི།

སྤྱི་ཚེས་ ༩/༠༣/༢༠༢༠ ལུ་ས་གནས་ནིའུ་ལྡིལ་ལི་ལུ་ ཇཱ་པཱན་ལུ་འབྲུག་གཞུང་གི་སྐུ་ཚབ་ བེཊ་སོབ་ རྣམ་རྒྱལ་དང་ འབྲུག་ལུ་ཇཱ་པཱན་གཞུང་གི་སྐུ་ཚབ་ སཱ་ཏོ་ཤི་ སུ་ཟུ་ཀི་གཉིས་ཀྱིས་བར་ན་ ཡིག་ཆས་བརྗེ་སོར་གུར་མཚན་རྟགས་གནང་བའི་ཤུལ་མ་ རྒྱལ་ཡོངས་དགའ་སྐྱིདདཔལ་འཛོམས་ལྷན་ཚོགས་ཀྱི་དྲུང་ཆེན་ འཕྲིན་ལས་རྣམ་རྒྱལ་དང་ འབྲུག་ལུ་ཇཱ་པཱན་གཞུང་གི་སྐུ་ཚབ་ཡིག་ཚང་ལས་ གཙོ་འཛིན་ངོ་ཚབ་ ངོམ་ ཀོ་ཟོ་ ཝ་ཏ་ན་སྦི་གཉིས་ཀྱི་བར་ན་ སྤྱི་ཚེས་ ༢༧/༠༣/༢༠༢༠ ལུ་ དངུལ་ཀྲམ་བསྡོམས་ཧ་ལམ་ ས་ཡ་ ༢༩༡.༨ དེམ་ཅིག་ ཇཱ་པཱན་གྱི་ཡེན་ཨིན་པ་ཅིན་ ༤༢༧,༠༠༠,༠༠༠ དེམ་ཅིག་གནས་པའི་ སོ་ནམ་འཕྲུལ་ཆས་བཀྲམ་སྤེལ་གོ་རིམ་ ༢ པའི་ལས་འགུལ་གྱི་དོན་ལུ་ གྲོགས་རམ་གྱི་གན་རྒྱ་གུར་མཚན་རྟགས་བཀོལ་གནང་ཡི།

གྲོགས་རམ་གྱི་གན་རྒྱ་འདི་ཡང་ འབྲུག་གཞུང་གིས་ཞུ་བ་ཕུལ་མི་དང་འཁྲིལ་ཏེ་ཨིན། འཆར་གཞི་ནང་འཁོད་ཡོད་པའི་མཁོ་ཆས་མཁོ་སྒྲུབ་ནི་ཨིན་མི་ཚུ་ཡང་ འཕྲུལ་ཆས་ པ་ཝར་ ཀྲི་ལར་ ༢༠༠ འཕྲུལ་ཆས་ པ་ཝར་ ཀྲི་ལར་ཆུང་བ་ ༡༥༠ རྨོ་འཁོར་ ༣༠ ཐོག་བསྡུའི་འཕྲུལ་ཆས་ ༢༠ དང་ཉམས་བཅོས་འབད་ནིའི་མཁོ་ཆས་ཚུ་ཨིན།

མཁོ་ཆས་ཚུ་ཡང་ སྤྱི་ལོ་ ༢༠༢༡ ལུ་སྤྲོད་ལེན་འབད་ནི་ཨིན།

དེ་གུར་ལུ།

རྒྱལ་ཡོངས་དགའ་སྐྱིདདཔལ་འཛོམས་ལྷན་ཚོགས་ཀྱི་དྲུང་ཆེན་ འཕྲིན་ལས་རྣམ་རྒྱལ་དང་ འབྲུག་ལུ་ཇཱ་པཱན་གཞུང་གི་སྐུ་ཚབ་ཡིག་ཚང་ལས་ གཙོ་འཛིན་ངོ་ཚབ་ ངོམ་ ཀོ་ཟོ་ ཝ་ཏ་ན་སྦི་གཉིས་ཀྱི་བར་ན་ སྤྱི་ཚེས་ ༢༧/༠༣/༢༠༢༠ ལུ་ འབྲུག་རྒྱལ་ཁབ་ནང་ལུ་ ཆུ་གཡུར་གྱི་འཆར་གཞི་ ཆུ་གཡུར་བཟོ་བཀོད་དང་བཟོ་བསྐྲུན་འཛིན་སྐྱོང་གི་ལྕོགས་གྲུབ་ཡར་དྲགས་ཟེར་བའི་ལས་འགུལ་གྱི་དོན་ལུ་ གྲོས་བསྡུར་གྲོས་ཆོད་གུར་མཚན་རྟགས་བཀོལ་གནང་ཡི།

དངུལ་ཀྲམ་བསྡོམས་ཧ་ལམ་ ས་ཡ་ ༢༩༡.༨ དེམ་ཅིག་ ཇཱ་པཱན་གྱི་ཡེན་ཨིན་པ་ཅིན་ ༤༢༧,༠༠༠,༠༠༠ དེམ་ཅིག་གནས་པའི་ སོ་ནམ་འཕྲུལ་ཆས་བཀྲམ་སྤེལ་གོ་རིམ་ ༢ པའི་ལས་འགུལ་གྱི་དོན་ལུ་ གྲོགས་རམ་གྱི་གན་རྒྱ་གུར་མཚན་རྟགས་བཀོལ་གནང་ཡི།

 ལས་འགུལ་འདི་གིས་དམིགས་ཡུལ་ངོ་མ་རང་ སོ་ནམ་ལྷན་ཁག་འོག་གི་ སོ་ནམ་བཟོ་རིག་སྡེ་ཚན་ སོ་ནམ་ཞིབ་འཚོལ་དང་གོང་འཕེལ་ལྟེ་བ་དང་བཟོ་རིག་ཞབས་ཏོག་ལས་ཁུངས་ཀྱི་ བཟོ་རིག་འགོ་དཔོན་ཚུ་གིས་ ཆུ་གཡུར་གྱི་འཆར་གཞི་ ཆུ་གཡུར་དང་འབྲེལ་བའི་འཆར་གཞི་བརྩམ་ནི་ བཟོ་བཀོད་འབད་ནི་དང་ཆུ་གཡུར་བཟོ་བསྐྲུན་འཛིན་སྐྱོང་གི་མཐུན་རྐྱེན་ཚུ་ནང་ འཕྲུལ་རིག་གི་ལྕོགས་གྲུབ་གོང་འཕེལ་བཏང་ཐབས་ཀྱི་དོན་ལུ་ཨིན།

དེ་འབདཝ་ལས་ ཆུ་གཡུར་དང་འབྲེལ་བའི་ལས་སྡེ་ཚུ་དང་མཐོ་རིམ་སློབ་གྲྭ་ཚུ་གིས་ཡང་ ལས་འགུལ་ལག་ལེན་འཐབ་ནིའི་དོན་ལས་གྲལ་གཏོགས་འབད་འོང་མནོ་བའི་རེ་བ་ཡོད།

ལས་འགུལ་འདི་ཡང་ སྤྱི་ལོ་ ༢༠༢༠ གི་གནམ་བྱཱར་ལས་འགོ་བཙུགས་ཏེ་ལག་ལེན་འཐབ་ནི་ཨིན།

Leave a Reply

Your email address will not be published. Required fields are marked *