འབྲུག་རྒྱལ་ཁབ་ནང་ལུ་ ཁྱབ་གནད་ཆེ་བའི་ནད་ཡམས་ཀོ་ཝིཌ་- ༡༩ བཀག་ཐབས་གྲ་སྒྲིག་གི་དོན་ལས་ ཨཱས་ཀྲི་ཡ་གིས་ ཡུ་རོ་ ༥༢༠,༠༠༠/- གྲོགས་རམ་གནང་ཡི།

འབྲུག་རྒྱལ་ཁབ་ནང་ལུ་ ཁྱབ་གནད་ཆེ་བའི་ནད་ཡམས་ཀོ་ཝིཌ་– ༡༩ བཀག་ཐབས་གྲ་སྒྲིག་གི་དོན་ལས་ ཨཱས་ཀྲི་ཡ་གིས་ ཡུ་རོ་ ༥༢༠,༠༠༠/- གྲོགས་རམ་གནང་ཡི། སྤྱི་ཚེས་ ༢༨/༠༥/༢༠༢༠ ལུ་ བཀྲ་ཤིས་ཆོས་རྫོང་ནང་ལུ་སྦེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་མདོ་ཆེན་ ངོམ་ རིན་ཆེན་དབང་འདུས་དང་ ཨཱས་ཀྲི་ཡན་འགོ་འདྲེན་ཡིག་ཚང་ གོང་འཕེལ་མཉམ་འབྲེལ་གྱི་ འབྲུག་རྒྱལ་ཁབ་ཀྱི་གནས་སྡུད་སྐུ་ཚབ་ མཁས་དབང་ཇོ་ཧེནསི་ བཱིན་དར་གཉིས་ཀྱིས་བར་ན་ འབྲུག་རྒྱལ་ཁབ་ནང་ལུ་ ཁྱབ་གནད་ཆེ་བའི་ནད་ཡམས་ཀོ་ཝིཌ་- ༡༩ བཀག་ཐབས་གྲ་སྒྲིག་གི་དོན་ལས་ ཨཱས་ཀྲི་ཡ་གིས་ ཡུ་རོ་ ༥༢༠,༠༠༠/- (དངུལ་ཀྲམ་ནང་ཕབ་པ་ཅིན་ དངུལ་ཀྲམ་ ས་ཡ་ ༤༢ ) གྲོགས་རམ་སྦེ་གནང་ནིའི་གྲོགས་རམ་གན་ཡིག་གུར་མཚན་རྟགས་བཀོད་གནང་ཡི། གན་ཡིག་གུར་མཚན་རྟགས་བཀོད་གནང་བའི་སྐབས་ལུ་ ཨཱས་ཀྲི་ཡན་འགོ་འདྲེན་ཡིག་ཚང་ ཐིམ་ཕུག་ གོང་འཕེལ་མཉམ་འབྲེལ་ལས་ མཁས་དབང་ཇོ་ཧེནསི་ བཱིན་དར་གྱིས་ འབྲུག་རྒྱལ་ཁབ་ནང་ གཞུང་གིས་ཁ་ཐུག་ལས་ མི་ངོམ་ཚུ་ཆ་མཉམ་ཉེན་སྲུང་དང་ལྡནམ་སྦེ་བཞག་ནི་ལུ་བརྩོན་ཤུགས་བསྐྱེད་མི་འདི་ལུ་ རྒྱབ་བསྣོན་འབད་ཡོདཔ་ཨིན། གཞན་ལུ་བརྟེན་ཏེ་མི་རེ་རེ་བཞིན་དུ་ལུ་སྤེལ་བའི་འབུ་ནད་དར་ཁྱབ་འབྱུང་མི་འདི་བཀག་ཐབས་འབད་དགོཔ་འདི་ག་ནི་བ་གལ་ཆེ་ཤོས་ཅིག་ཨིན། འདི་གིས་དམིགས་ཡུལ་འདི་ཡང་ ཁ་གསལ་ཆེད་ལྷབ་ནི།

ལོ་བསྟར་རིན་བསྡུར

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་ཁ་ཐུག་ལས་ ཁྱད་ཚད་ལྡན་པའི་ དང་འདོད་ཅན་གྱི་རིན་བསྡུར་པ་ཚུ་གིས་ གཤམ་འཁོད་ཅ་ཆས་དང་ཞབས་ཏོག་ཚུའི་དོན་ལུ་ ཐིའུ་ཅན་གཡི་རིན་བསྡུར་ཡིག་ཆས་བཙུགས་གནང་ཟེར་ཞུ་ནི་ཨིན། རྩིས་ལོ་ ༢༠༢༠ ལས་ ༢༠༢༡ ལོའི་ ལོ་བསྟར་བཞེས་སྒོ་སྐྱེལ་དྲང་གི་ཞབས་ཏོག་དོན་ལས། རྩིས་ལོ་ ༢༠༢༠ ལས་ ༢༠༢༡ ལོའི་ ལོ་བསྟར་ སྣུམ་འཁོར་གླ་ཁར་ལེན་ནིའི་དོན་ལུ། རྩིས་ལོ་ ༢༠༢༠ ལས་ ༢༠༢༡ ལོའི་ ལོ་བསྟར་ སྣུམ་འཁོར་གྱི་འཁོར་ལོ་བཀྲམ་སྤེལ་གྱི་དོན་ལུ། རྩིས་ལོ་ ༢༠༢༠ ལས་ ༢༠༢༡ ལོའི་ ལོ་བསྟར་གློག་རིག་ཀམ་པུཊ་ཀྲར་དང་ཡན་ལག་མཁོ་ཆས་ཚུ་བཀྲམ་སྤེལ་གྱི་དོན་ལུ། རྩིས་ལོ་ ༢༠༢༠ ལས་ ༢༠༢༡ ལོའི་ ལོ་བསྟར་སྣུམ་འཁོར་ཉམས་བཅོས་ཀྱི་དོན་ལུ། རྩིས་ལོ་ ༢༠༢༠ ལས་ ཁ་གསལ་ཆེད་ལྷབ་ནི།

དང་འདོད་གསལ་སྟོན

གཤམ་འཁོད་རྒྱལ་སྤྱིའི་གྲོས་སྟོན་པ་ཚུའི་དོན་ལུ་ དང་འདོད་གསལ་སྟོན་བཙུགས་གནང། ༡. བརྡ་དོན་བརྒྱུད་འབྲེལ་དང་འཕྲུལ་རིག་གི་ དྲང་ཁྲིམས་ལས་སྡེ་གཅིག་འབྲེལ་བཟོ་ནི་དང་ རྒྱལ་སྤྱིའི་གནས་སྡུད་ཉེན་སྲུང་གི་རྒྱབ་སྐྱོར། ༢. དྲང་ཁྲིམས་ལས་སྡེ་ལུ་ རྒྱལ་སྤྱིའི་གྲོས་སྟོན་པའི་རྒྱབ་སྐྱོར། ༣. དྲང་ཁྲིམས་ལས་སྡེ་ལུ་ཁྱད་རིག་གི་རྒྱབ་སྐྱོར། དང་འདོད་གསལ་སྟོན་བཙུགས་ནིའི་མཐའ་མཇུག་ཚེས་གྲངས་འདི་ཡང་ སྤྱི་ལོ་ ༢༠༢༠ སྤྱི་ཟླ་ ༦ པའི་སྤྱི་ཚེས་ ༥ ལུ་ཨིན།  དྲང་ཁྲིམས་ལས་སྡེ་ལུ་ཁྱད་རིག་རྒྱབ་སྐྱོར་གྱི་དང་འདོད་གསལ་སྟོན།  –ཕབ་ལེན་འབད་ས། དྲང་ཁྲིམས་ལས་སྡེ་ལུ་ རྒྱལ་སྤྱིའི་གྲོས་སྟོན་པའི་དོན་ལུ་ དང་འདོད་གསལ་སྟོན། – ཕབ་ལེན་འབད་ས། བརྡ་དོན་བརྒྱུད་འབྲེལ་དང་འཕྲུགལ་རིག་གི་ དྲང་ཁྲིམས་ལས་སྡེ་གཅིག་འབྲེལ་བཟོ་ནི་དང་ རྒྱལ་སྤྱིའི་གནས་སྡུད་ཉེན་སྲུང་རྒྱབ་སྐྱོར་གྱི་དོན་ལུ་ དང་འདོད་གསལ་སྟོན། – ཕབ་ལེན་འབད་ས།

ས་གནས་གོང་འཕེལ་སྡེ་ཚན་གྱི་ འཆར་གཞི་གཙོ་འཛིན་འགོ་དཔོན་གྱི་གདམ་འཐུའི་དྲི་བ་དྲིས་ལན་གྱི་གྲུབ་འབྲས།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཁ་ཐུག་ལས་ སྤྱི་ཚེས་ ༢༧/༠༤/༢༠༢༠ ལུ་འགོ་འདྲེན་འཐབ་ཡོད་པའི་ ས་གནས་གོང་འཕེལ་སྡེ་ཚན་གྱི་ འཆར་གཞི་གཙོ་འཛིན་འགོ་དཔོན་གྱི་གདམ་འཐུའི་དྲི་བ་དྲིས་ལན་གྱི་གྲུབ་འབྲས་གསལ་བསྒྲགས་འབདཝ་ཨིན། ཨང་གྲངས། མིང་གསལ། ཞི་གཡོག་ངོ་རྟགས་ཨང་། ད་ལྟོའི། གདམ་ཁ། དྲན་གསོ། གོགནས་ གནས་རིམ། ལས་སྡེ། ༡ རྟ་མགྲིན་དབང་མོ། ༢༠༠༤༠༡༠༧༨ ཁྱད་འཛིན་ ༡ པ ཀ། རྒྱལ་ཡོངས་དགའ་སྐྱིད་དཔལ་འཚོམས་ལྷན་ཚོགས་ཡིག་ཚང་། གདམ་འཐུའི་འཐུས་མི་ ༥ གིས་གདམ་འཐུ་འབད་ཡི། གདམ་འཐུ་གྲུབ་ཡོདཔ། (རིན་ཆེན་དབང་འདུས)   མདོ་ཆེན།

ས་སྟོང་གསལ་བསྒྲགས།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་ཁ་ཐུག་ལས་ འབྲུགཔ་མི་ཁྱད་ཚད་ལྡན་མི་ཚུ་ལས་ སྔོ་ལྗངས་གནམ་གཤིས་འགྱུར་བའི་མ་དངུལ་གྱི་དོན་ལུ་ ས་སྟོང་གསལ་བགྲགས་འབདཝ་ཨིན་ དེ་ཡང་གཤམ་འཁོད་ལས་འགུལ་གྱི་དོན་ལས་ཨིད། “འབྲུག་རྒྱལ་ཁབ་ནང་ལུ་ སོ་ནམ་ལས་སྡེ་ནང་ གནམ་གཤིས་འགྱུར་བ་ལས་ཟློག་ཐབས་དང་གནམ་གཤིས་འགྱུར་བ་བའི་དོན་ལས་རྒྱབ་སྐྱོར་དོན་ལུ།” གོ་གནས། བལྟ་རྟོགས་དང་དབྱེ་ཞིབ་འགོ་དཔོན། (ནང་འཁོད) ལཱ་གི་དུས་ཡུན། བལྟ་རྟོགས་དང་དབྱེ་ཞིབ་འགོ་དཔོན་འདི་ འགོ་ཐོག་ལོ་ངོ་གཅིག་གི་དོན་ལས་བསྐོ་བཞག་འབད་ནི་ཨིན་རུུང་ ལཱ་གིས་གྲུབ་འབྲས་ལུ་གཞི་བཞག་སྟེ་དུས་ཡུན་འདི་བསྐྱར་གསོ་འབད་ནི་ཨིན། ཤེས་ཚད། དཔལ་འབྱོར་གོང་འཕེལ་ གྲོང་གསེབ་གོང་འཕེལ་ མི་སྡེའི་ཚན་རིག་ རང་བཞིན་འཐོན་སྐྱེད་འཛིན་སྐྱོང་དང་གཞན་འབྲེལ་ཡོད་སློབ་སྦྱོང་འབད་མི་ ཤེས་ཚད་ཉུང་མཐའ་ མཐོ་རིམ་གོང་མའི་ཤེས་ཚད་ཡོད་མི། ཉམས་མྱོང་། ༡. གཙོ་བོ་འཆར་གཞི་ལུ་བཏོན་ཡོད་པའི་ ལས་འགུལ་དང་ལས་རིམ་ཚུ་ནང་འབྲེལ་བ་ཡོད་པའི་ལས་འགུལ་གོང་འཕེལ་དང་འཛིན་སྐྱོང་ བལྟ་རྟོགས་ སྙན་ཞུ་ འབྲེལ་བ་ཡོད་པའི་ལས་སྡེ་ དེ་ལས་ རྒྱལ་ཡོངས་དང་ས་གནས་གཞུང་གི་གནས་རིམ་ནང་ལུ་ ལཱ་གི་ཉམས་མྱོང་ཉུང་མཐའ་ ལོ་ངོ་ ༥ ཡོད་མི་ཚུ། ༢. ལས་འགུལ་འདི་མཐར་འཁྱོལ་ཅན་ཅིག་སྦེ་ལག་ལེན་འཐབ་ནིའི་དོན་ལུ་ བལྟ་རྟོགས་དང་དབྱེ་ཞིབ་ཀྱི་ལོ་བསྟར་གྱི་འཆར་བཞི་བརྩམ་ནི། ༣. ལས་འགུལ་གྱི་དུས་ཕྱེད་དང་མཐའ་མཇུག་དབྱེ་ཞིབ་ལུ་ལྷན་ཐབས་འབད་ནི། ༤.  ལས་འགུལ་འདི་ བརྟག་ཞིབ་དང་དབྱེ་ཞིབ་ཚུ་འབད་ནི། ༥. གཞུང་གི་འཆར་གཞི་ འཆར་དངུལ་དང་མཁོ་སྒྲུབ་ཀྱི་རིམ་ལུགས་ནང་ལུ་ ཤེས་ཡོན་དང་ཉམས་མྱོང་ལེགས་ཤོམ་ཡོད་མི། ཁ་གསལ་ཆེད་ལྷབ་ནི།

ས་སྟོང་གསལ་བསྒྲགས།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཁ་ཐུག་ལས་ གཤམ་འཁོད་འགོ་དཔོན་གྱི་་དོན་ལུ་ས་སྟོང་གསལ་བསྒྲགས་འབདཝ་ཨིན། གོ་གནས། འགོ་གནས་ཀྱི་གནས་རིམ། ལྷན་ཁག ས་སྟོང་། ཤེས་ཚད་ཉུང་མཐའ། འཆར་གཞི་གཙོ་འཛིན་འགོ་དཔོན། ཁྱད་འཛིན་ ༡ པ་ ཀ སོ་ནམ་དང་ནགས་ཚལ་ལྷན་ཁག་གི་སྲིད་བྱུས་དང་འཆར་གཞི་སྡེ་ཚན་དང་ བརྒྱུད་འབྲེལ་ལྷག་གི་འཆར་གཞི་དང་སྲིད་བྱུས་སྡེ་ཚན། ༢ གཙུག་ལག་གཞི་རིམ་གྱི་ཤེས་ཚད་ཡོད་མི་དང་དེ་ཡི་ལྟག་ལས་ཤེས་ཚད་ཡོད་མི་ཚུ།  གཡོག་ཐོག་ཞི་གཡོགཔ་ སྤྱི་གཡོག་སྒྲིག་བཀོད་གཅིག་པའི་ བདག་སྐྱོང་གི་ཞབས་ཏོག་གི་ ཁྱད་རིག་ལས་གཡོག་ནང་ཚུད་མི་ འབྲུག་ཞི་གཡོག་བཅའ་ཡིག་དང་སྒྲིག་གཞི་ ༢༠༡༨ ཅན་མའི་ དོན་ཚན་ ༡༣.༧.༤ པའི་ གོ་གནས་ཡར་སེང་གི་བཅའ་ཁྲིམས་དང་སྒྲིག་ཁྲིམས་དང་འཁྲིལ་ཏེ་ ཁྱད་ཚད་དང་ལྡན་མི་ ཞི་གཡོགཔ་ཚུ་གིས་ སྤྱི་ཚེས་ ༡༩/༠༥/༢༠༢༠ ཀྱི་ནང་འཁོད་ལུ་ གཤམ་འཁོད་ཡིག་ཆ་ཚུ་དང་སྦྲགས་ཏེ་ཞུ་ཡིག་བཙུགས་གནང་། དུས་མཐུན་བཟོ་བའི་ཞི་གཡོག་བརྡ་དོན་རིམ་ལུགས་ཀྱི་ཁ་བྱང་གི་འདྲ་དང་ རང་སོའི་ཁྱད་ཡོན་གྱི་ཐོ། སྤྱི་ལོ་ ༢༠༡༧-༢༠༡༨ དང་ ༢༠༡༨-༢༠༡༩ གི་(ཞི་གཡོག་བརྡ་དོན་རིམ་ལུགས) ཀྱི་ལཱ་གི་གྲུབ་འབྲས་བརྟག་ཞིབ་ཀྱི་འདྲ། ད་ལྟོ་ལཱ་འབད་བཞིན་ཡོད་པའི་ལས་སྡེ་ལས་ཉོགས་མེད་ལག་འཁྱེར་དང་འབྲེལ་ཡོད་སྦྱོང་བརྡར་གྱི་ལག་འཁྱེར་ཚུ། ཉོགས་མེད་ལག་འཁྱེར་དང་རྩིས་ཞིབ་ཀྱི་ཉོགས་མེད་ལག་འཁྱེར་ཚུ་གི་འདྲ། ཕྱི་སེལ་གདམ་འཐུའི་ཚད་གཞི: ལཱ་གཡོག་ཞབས་ཏོག: ཞུ་ཡིག་བཙུགས་ནིའི་ཞག་དུས་གསལ་བསྒྲགས་འབད་བའི་ཉིནམ་ལས་ ཞི་གཡོག་གོ་གནས་རིམ་འགྲན་འདྲ་འབད་མི་ཉུང་མཐའ་ལོ་ངོ་ ཁ་གསལ་ཆེད་ལྷབ་ནི།