འབྲུག་རྒྱལ་ཁབ་ནང་ལུ་ ཁྱབ་གནད་ཆེ་བའི་ནད་ཡམས་ཀོ་ཝིཌ་- ༡༩ བཀག་ཐབས་གྲ་སྒྲིག་གི་དོན་ལས་ ཨཱས་ཀྲི་ཡ་གིས་ ཡུ་རོ་ ༥༢༠,༠༠༠/- གྲོགས་རམ་གནང་ཡི།

འབྲུག་རྒྱལ་ཁབ་ནང་ལུ་ ཁྱབ་གནད་ཆེ་བའི་ནད་ཡམས་ཀོ་ཝིཌ་ ༡༩ བཀག་ཐབས་གྲ་སྒྲིག་གི་དོན་ལས་ ཨཱས་ཀྲི་ཡ་གིས་ ཡུ་རོ་ ༥༢༠,༠༠༠/- གྲོགས་རམ་གནང་ཡི།

སྤྱི་ཚེས་ ༢༨/༠༥/༢༠༢༠ ལུ་ བཀྲ་ཤིས་ཆོས་རྫོང་ནང་ལུ་སྦེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་མདོ་ཆེན་ ངོམ་ རིན་ཆེན་དབང་འདུས་དང་ ཨཱས་ཀྲི་ཡན་འགོ་འདྲེན་ཡིག་ཚང་ གོང་འཕེལ་མཉམ་འབྲེལ་གྱི་ འབྲུག་རྒྱལ་ཁབ་ཀྱི་གནས་སྡུད་སྐུ་ཚབ་ མཁས་དབང་ཇོ་ཧེནསི་ བཱིན་དར་གཉིས་ཀྱིས་བར་ན་ འབྲུག་རྒྱལ་ཁབ་ནང་ལུ་ ཁྱབ་གནད་ཆེ་བའི་ནད་ཡམས་ཀོ་ཝིཌ་- ༡༩ བཀག་ཐབས་གྲ་སྒྲིག་གི་དོན་ལས་ ཨཱས་ཀྲི་ཡ་གིས་ ཡུ་རོ་ ༥༢༠,༠༠༠/- (དངུལ་ཀྲམ་ནང་ཕབ་པ་ཅིན་ དངུལ་ཀྲམ་ ས་ཡ་ ༤༢ ) གྲོགས་རམ་སྦེ་གནང་ནིའི་གྲོགས་རམ་གན་ཡིག་གུར་མཚན་རྟགས་བཀོད་གནང་ཡི།

གན་ཡིག་གུར་མཚན་རྟགས་བཀོད་གནང་བའི་སྐབས་ལུ་ ཨཱས་ཀྲི་ཡན་འགོ་འདྲེན་ཡིག་ཚང་ ཐིམ་ཕུག་ གོང་འཕེལ་མཉམ་འབྲེལ་ལས་ མཁས་དབང་ཇོ་ཧེནསི་ བཱིན་དར་གྱིས་ འབྲུག་རྒྱལ་ཁབ་ནང་ གཞུང་གིས་ཁ་ཐུག་ལས་ མི་ངོམ་ཚུ་ཆ་མཉམ་ཉེན་སྲུང་དང་ལྡནམ་སྦེ་བཞག་ནི་ལུ་བརྩོན་ཤུགས་བསྐྱེད་མི་འདི་ལུ་ རྒྱབ་བསྣོན་འབད་ཡོདཔ་ཨིན། གཞན་ལུ་བརྟེན་ཏེ་མི་རེ་རེ་བཞིན་དུ་ལུ་སྤེལ་བའི་འབུ་ནད་དར་ཁྱབ་འབྱུང་མི་འདི་བཀག་ཐབས་འབད་དགོཔ་འདི་ག་ནི་བ་གལ་ཆེ་ཤོས་ཅིག་ཨིན། འདི་གིས་དམིགས་ཡུལ་འདི་ཡང་ གསོ་བའི་ལས་སྡེ་ནང་ གསོ་བའི་མཁས་མཆོག་མ་ལངམ་དང་ ཚན་རིག་བརྟག་དཔྱད་ཁང་ནང་ལུ་མཁས་མཆོག་དང་གཞན་ཅ་ཆས་དང་མཁོ་ཆས་ཚུ་མ་ལང་ས་པའི་དཀའ་ངལ་ཚུ་འབྱུང་ཡོད་རུང་ དེ་ལས་བཟློག་ཐབས་འབད་ནིའི་ཐབས་ལམ་ཅིག་ཨིན།

དེ་འབདཝ་ལས་བརྟེན་ཏེ་ ཨཱས་ཀྲི་ཡན་གྱི་གྲོགས་རམ་འདི་གིས་ འབྲུག་རྒྱལ་ཁབ་ཀྱིས་ འཚབས་ཆེན་སྨན་བཅོས་སྡེ་ཕྲན་གྱི་དོན་ལུ་འཕྲུལ་རིགདབུགས་རྡུང་ (ཨེམ་ཝིཧི ༢༠༠༠- /ཨི་ཝིཧིཨོ) དེ་ལས་ ཁ་རས་དང་གཞན་ཚད་གཞི་ཅན་གྱི་གསོ་བའི་མཁོ་ཆས་ཚུ་མཁོ་སྒྲུབ་འབད་ནི་ལུ་རྒྱབ་སྐྱོར་འབད་ཚུགས་ནི་ཨིན།

Leave a Reply

Your email address will not be published. Required fields are marked *