ས་སྟོང་གསལ་བསྒྲགས།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་ཁ་ཐུག་ལས་ འབྲུགཔ་མི་ཁྱད་ཚད་ལྡན་མི་ཚུ་ལས་ སྔོ་ལྗངས་གནམ་གཤིས་འགྱུར་བའི་མ་དངུལ་གྱི་དོན་ལུ་ ས་སྟོང་གསལ་བགྲགས་འབདཝ་ཨིན་ དེ་ཡང་གཤམ་འཁོད་ལས་འགུལ་གྱི་དོན་ལས་ཨིད། “འབྲུག་རྒྱལ་ཁབ་ནང་ལུ་ སོ་ནམ་ལས་སྡེ་ནང་ གནམ་གཤིས་འགྱུར་བ་ལས་ཟློག་ཐབས་དང་གནམ་གཤིས་འགྱུར་བ་བའི་དོན་ལས་རྒྱབ་སྐྱོར་དོན་ལུ།” གོ་གནས། བལྟ་རྟོགས་དང་དབྱེ་ཞིབ་འགོ་དཔོན། (ནང་འཁོད) ལཱ་གི་དུས་ཡུན། བལྟ་རྟོགས་དང་དབྱེ་ཞིབ་འགོ་དཔོན་འདི་ འགོ་ཐོག་ལོ་ངོ་གཅིག་གི་དོན་ལས་བསྐོ་བཞག་འབད་ནི་ཨིན་རུུང་ ལཱ་གིས་གྲུབ་འབྲས་ལུ་གཞི་བཞག་སྟེ་དུས་ཡུན་འདི་བསྐྱར་གསོ་འབད་ནི་ཨིན། ཤེས་ཚད། དཔལ་འབྱོར་གོང་འཕེལ་ གྲོང་གསེབ་གོང་འཕེལ་ མི་སྡེའི་ཚན་རིག་ རང་བཞིན་འཐོན་སྐྱེད་འཛིན་སྐྱོང་དང་གཞན་འབྲེལ་ཡོད་སློབ་སྦྱོང་འབད་མི་ ཤེས་ཚད་ཉུང་མཐའ་ མཐོ་རིམ་གོང་མའི་ཤེས་ཚད་ཡོད་མི། ཉམས་མྱོང་། ༡. གཙོ་བོ་འཆར་གཞི་ལུ་བཏོན་ཡོད་པའི་ ལས་འགུལ་དང་ལས་རིམ་ཚུ་ནང་འབྲེལ་བ་ཡོད་པའི་ལས་འགུལ་གོང་འཕེལ་དང་འཛིན་སྐྱོང་ བལྟ་རྟོགས་ སྙན་ཞུ་ འབྲེལ་བ་ཡོད་པའི་ལས་སྡེ་ དེ་ལས་ རྒྱལ་ཡོངས་དང་ས་གནས་གཞུང་གི་གནས་རིམ་ནང་ལུ་ ལཱ་གི་ཉམས་མྱོང་ཉུང་མཐའ་ ལོ་ངོ་ ༥ ཡོད་མི་ཚུ། ༢. ལས་འགུལ་འདི་མཐར་འཁྱོལ་ཅན་ཅིག་སྦེ་ལག་ལེན་འཐབ་ནིའི་དོན་ལུ་ བལྟ་རྟོགས་དང་དབྱེ་ཞིབ་ཀྱི་ལོ་བསྟར་གྱི་འཆར་བཞི་བརྩམ་ནི། ༣. ལས་འགུལ་གྱི་དུས་ཕྱེད་དང་མཐའ་མཇུག་དབྱེ་ཞིབ་ལུ་ལྷན་ཐབས་འབད་ནི། ༤.  ལས་འགུལ་འདི་ བརྟག་ཞིབ་དང་དབྱེ་ཞིབ་ཚུ་འབད་ནི། ༥. གཞུང་གི་འཆར་གཞི་ འཆར་དངུལ་དང་མཁོ་སྒྲུབ་ཀྱི་རིམ་ལུགས་ནང་ལུ་ ཤེས་ཡོན་དང་ཉམས་མྱོང་ལེགས་ཤོམ་ཡོད་མི། ཁ་གསལ་ཆེད་ལྷབ་ནི།

སོ་ནམ་དང་ནགས་ཚལ་ལྷན་ཁག་དང་བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གི་འཆར་གཞི་གཙོ་འཛིན་འགོ་དཔོན་གྱི་དོ་ལུ་ཕྱི་སེལ་གྲུབ་མིའི་ གདམ་འཐུའི་དྲི་བ་དྲིས་ལན་གྱི་ཚེས་གྲངས་གསལ་བསྒྲགས་འབདཝ་ཨིན།

རྒྱལ་ཡོངས་དགའ་སྐྱིདདཔལ་འཛོམས་ལྷན་ཚོགས་ཁ་ཐུག་ལས་ སོ་ནམ་དང་ནགས་ཚལ་ལྷན་ཁག་དང་བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གི་འཆར་གཞི་གཙོ་འཛིན་འགོ་དཔོན་གྱི་ གདམ་འཐུའི་དྲི་བ་དྲིས་ལན་འདི་ འོག་ལུ་འཁོད་དེ་ཡོད་མི་ཚེས་གྲངས་དང་ས་སྒོ་ཚུ་གསལ་བསྒྲགས་འབདཝ་ཨིན། ཨང་གྲངས། གོ་གནས་ཀྱི་དོན་ལས་གདམ་འཐུའི་དྲི་བ་དྲིས་ལན། ཟླ་ཚེས། ས་སྒོ། སྙན་ཞུའི་དུས་ཚོད། ༡ འཆར་གཞི་གཙོ་འཛིན་འགོ་དཔོན། སོ་ནམ་དང་ནགས་ཚལ་ལྷན་ཁག ༡༠/༦/༢༠༢༠ མདོ་ཆེན་གྱི་ཞལ་འཛོམས་ཁང་ནང་ལུ། ༨:༢༠ ༼དྲོ་པ༽ ༢ འཆར་གཞི་གཙོ་འཛིན་འགོ་དཔོན། བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག ༡༠/༦/༢༠༢༠ མདོ་ཆེན་གྱི་ཞལ་འཛོམས་ཁང་ནང་ལུ། ༡༢:༣༠༼ཕྱི་རུ༽ དེ་འབདཝ་ལས་བརྟེན་ཏེ་ རང་སོའི་གོ་གནས་ཀྱི་དོན་ལུ་ ཞུ་ཡིག་བཙུགས་ཏེ་ཕྱི་སེལ་གྲུབ་མི་ཚུ་ གོང་གི་ས་སྒོ་དང་ཚེ་གྲངས་ལུ་ གདམ་འཐུའི་དྲི་བ་དྲིས་ལན་གྱི་དོན་ལུ་གཤམ་འཁོད་ཡིག་ཆས་ངོ་མ་ཚུ་འབག་སྟེ་འབྱོན་གནང་ཟེར་ཞུ་བ་འབདཝ་ཨིན། ཡིག་བཙུགས་མི་ མི་ངོ་ཚུ་ གདམ་འཐུའི་དྲི་བ་དྲིས་ལན་ལས་ཕྱིར་བཏོན་འབད་ནིའི་རེ་འདོད་རེ་ཡོད་པ་ཅིན་ ལྷན་ཚོགས་ཡིག་ཚང་གི་འགོ་འཛིན་ལུ་ ཕྱིར་བཏོན་གྱི་ཞུ་ཡིག་བཙུགས་གནང་ཟེར་ཞུ་ནི་ཨིན། རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཁ་ཐུག་ལས་ གདམ་འཐུའི་དྲི་བ་དྲིས་ལན་གྱི་དོན་ལུ་འབྱོན་མི་ཚུ་ལུ་ ཉི་མའི་གསོལཝ་དང་གསོལ་ཇ་ཡང་དྲང་ནི་ཨིན།  ཁ་གསལ་དང་བརྡ་དོན་གྱི་དོན་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་ མི་སྟོབས་འགོ་དཔོན་ ངོམ་ ཀརྨ་དབང་འདུས་དང་གཅིག་ཁར་འགྲུལ་འཕྲིན་ཨང་ ༡༧༣༧༨༠༨༧ ཁ་གསལ་ཆེད་ལྷབ་ནི།

འཆར་གཞི་འགོ་དཔོན་ ཞིབ་འཚོལ་འགོ་དཔོན་དང་ཞིབ་རོགས་བལྟ་རྟོགས་དང་འགོ་འདྲེན་འགོ་དཔོན་གྱི་དོན་ལུ་ གདམ་འཐུའི་དྲི་བ་དྲིས་ལན་གྱི་ཚེས་གྲངས་གསལ་བསྒྲགས་འབདཝ་ཨིན།

རྒྱལ་ཡོངས་དགའ་སྐྱིདདཔལ་འཛོམས་ལྷན་ཚོགས་ཁ་ཐུག་ལས་ འཆར་གཞི་འགོ་དཔོན་ ཞིབ་འཚོལ་འགོ་དཔོན་དང་ཞིབ་རོགས་བལྟ་རྟོགས་དང་འགོ་འདྲེན་འགོ་དཔོན་གྱི གདམ་འཐུའི་དྲི་བ་དྲིས་ལན་འདི་ འོག་ལུ་འཁོད་དེ་ཡོད་མི་ཚེས་གྲངས་དང་ས་སྒོ་ཚུ་གསལ་བསྒྲགས་འབདཝ་ཨིན། ཨང་གྲངས། གོ་གནས་ཀྱི་དོན་ལུ་གདམ་འཐུའི་དྲི་བ་དྲིས་ལན། ཟླ་ཚེས། ས་སྒོ། དུས་ཚོད། ༡ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་ཡིག་ཚང་གི་དོན་ལུ་ འཆར་གཞི་འགོ་དཔོན། ༢༢/༦/༢༠༢༠ མདོ་ཆེན་གྱི་ཞལ་འཛོམས་ཁང་ནང་ལུ། ༩ ལས་ ༥ ཚུན། ༢ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་ཡིག་ཚང་གི་དོན་ལུ་ ཞིབ་འཚོལ་འགོ་དཔོན། ༢༣/༦/༢༠༢༠ མདོ་ཆེན་གྱི་ཞལ་འཛོམས་ཁང་ནང་ལུ། ༡༠:༣༠ ལས་ ༡༡ ཚུན། ༣ ཐིམ་ཕུ་རྫོང་ཁག་གི་དོན་ལུ་ འཆར་གཞི་འགོ་དཔོན། ༢༣/༦/༢༠༢༠ མདོ་ཆེན་གྱི་ཞལ་འཛོམས་ཁང་ནང་ལུ། ༡༡ ལས་ ༡ ཚུན། ༤ ལྷུན་རྩེ་རྫོང་ཁག་གི་ ཞིབ་རོགས་བལྟ་རྟོགས་དང་འགོ་འདྲེན་འགོ་དཔོན། ༢༣/༦/༢༠༢༠ མདོ་ཆེན་གྱི་ཞལ་འཛོམས་ཁང་ནང་ལུ། ཁ་གསལ་ཆེད་ལྷབ་ནི།