ལས་འགུལ་གུར་མཚན་རྟགས་བཀོད་ཡོདཔ།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་དང་འབྲུག་གི་འཛམ་གླིང་སྤྱི་ཚོགས་ཡིག་ཚང་གཉིས་ཀྱི་བར་ན་ ད་རེས་མཉམ་འབྲེལ་གྱི་གན་ཡིག་གུར་མཚན་རྟགས་བཀོད་གནང་ཡི། དེ་ཡང་ འཛམ་གླིང་སྤྱི་ཚོགས་ཡིག་ཚང་བརྒྱུད་དེ་ ཇཱ་པཱན་གཞུང་གིས་ ནད་ཡམས་ཀོ་ཝིཊ -༡༩ གི་གདོང་ལེན་དང་དྲག་ཐབས་ཀྱི་ལས་འགུལ་འགོ་བཙུགས་ཐབས་ཀྱི་དོན་ལས་གྲོགས་རམ་གནང་འདི་ཡོད།
ཡུ་ཨེས་ཌོ་ལར་ ༡,༥༥༠,༠༠༠/- འབད་མི་ ཐབས་བྱུས་ཅན་གྱི་ལས་འགུལ་འདི་ འབྲུག་གི་དུས་རབས་ ༢༡ པའི་ནང་ལུ་གདོང་ལེན་ཚུ་འབད་ཐབས་ཀྱི་དོན་ལས་ ཤུལ་མའི་ཟླ་ངོ་ ༩ གི་ནང་འཁོད་ལག་ལེན་འཐབ་ནི་ཨིན། ལས་འགུལ་དེ་ཡང་ ནད་ཡམས་ཀོ་ཝིཌ-༡༩ དྲག་ཐབས་ཀྱི་དོན་ལུ་གཙོ་བོ་བཏོན་མི་ རྒྱལ་སྤྱིའི་འཛམ་གླིང་སྤྱི་ཚོགས་ཀྱི་ཡན་ལག་གི་ལས་འགུལ་ཅིག་ཨིནམ་དང་ ་ ཨེ་ཤི་ཡ་པེ་སི་ཕིག་ནང་ལས་ རྒྱལ་ཁབ་ ༡༡ དང་རྒྱལ་སྤྱི་ལས་རྒྱལ་ཁབ་ ༢༩  གི་གྲལ་ལས་ མ་དངུལ་གྲོགས་རམ་ཐོབ་མི་གྲལ་ལུ་གདམ་འཐུ་གྲུབ་མི་གཅིགཔོ་འདི་ འབྲུག་རྒྱལ་ཁབ་ཨིན།
ལས་འགུལ་འདི་གིས་ འབྲུག་གཞུང་ལུ་ ཁྱབ་གནད་ཆེ་བའི་ནད་ཡམས་ལས་གདོང་ལེན་དང་དྲག་ཐབས་ཀྱི་ཐབས་ལམ་བཏོན་ནི་ལུ་ཁེ་ཕན་འབྱུང་ནི་དང་ དེ་ཡང་ རྒྱལ་ཁབ་ཀྱི་གསོ་བའི་རིམ་ལུགས་སྒྲིང་སྒྲིང་བཟོ་ནི་དང་མི་སྡེ་དཔལ་འབྱོར་ལུ་གནོད་པ་ཚུ་འབྱུང་མི་ཚུ་བསལ་ཚུགས་པའི་ཐབས་ཤེས་ཅིག་ཨིན།

ལས་འགུལ་གུར་མཚན་རྟགས་བཀོད་པའི་སྐབས་ལུ་  པར་ (གཡོན་ཕྱོགས་ལས་གཡས་ཕྱོགས་ལུ) འཛམ་གླིང་སྤྱི་ཚོགས་ཡིག་ཚང་གི་གནས་སྡོད་སྐུ་ཚབ་ ཨ་ཟུ་ས་ སྐུ་བོ་ཏ་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་དྲུང་གཉིས་ བཞུགས་ནུག །

Leave a Reply

Your email address will not be published. Required fields are marked *