བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གི་ འཆར་གཞི་གཙོ་འཛིན་འགོ་དཔོན་གྱི་གྲུབ་འབྲས།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཁ་ཐུག་ལས་ སྤྱི་ཚེས་ ༡༠/༠༦/༢༠༢༠ ལུ་ འགོ་འདྲེན་འཐབ་ཡོད་པའི་ སོ་བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གི་ འཆར་གཞི་གཙོ་འཛིན་འགོ་དཔོན་གྱི་ གདམ་འཐུའི་གྲུབ་འབྲས་གསལ་བསྒྲགས་འབདཝ་ཨིན། ཨང་གྲངས། མིང་གསལ། ཞི་གཡོག་ངོ་རྟགས་ཨང་། ད་ལྟོའི། དགའ་གདམ། དྲན་གསོ། གོ་གནས་གནས་རིམ། ལས་སྡེ། ༡ ཕུརཔ་རྒྱལ་མཚན། ༢༠༠༤༠༡༠༧༤ འཆར་གཞི་གཙོ་འཛིན་འགོ་དཔོན་འོགམ། བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག མི་ངོ་ ༡ གིས་དགའ་གདམ་འབད་ནུག  སོར་ཐེབ། ༢ འཆི་མེད་རྡོ་རྗེ། ༢༠༠༥༠༡༠༨༩ ལས་རིམ་གཙོ་འཛིན་འགོ་དཔོན་འོགམ། འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན། མི་ངོ་ ༤ གིས་དགའ་གདམ་འབད་ནུག གདམ་འཐུ་གྲུབ་ཡོདཔ། (རིན་ཆེན་དབང་འདུས)   མདོ་ཆེན།

བསོད་ནམས་ལྷན་ཁག་གི་ འཆར་གཞི་གཙོ་འཛིན་འགོ་དཔོན་གྱི་གྲུབ་འབྲས།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཁ་ཐུག་ལས་ སྤྱི་ཚེས་ ༡༠/༠༦/༢༠༢༠ ལུ་ འགོ་འདྲེན་འཐབ་ཡོད་པའི་ སོ་ནམ་དང་ནགས་ཚལ་ལྷན་ཁག་གི་ འཆར་གཞི་གཙོ་འཛིན་འགོ་དཔོན་གྱི་ གདམ་འཐུའི་གྲུབ་འབྲས་གསལ་བསྒྲགས་འབདཝ་ཨིན། ཨང་གྲངས། མིང་གསལ། ཞི་གཡོག་ངོ་རྟགས་ཨང་། ད་ལྟོའི། དགའ་གདམ། དྲན་གསོ། གོ་གནས་གནས་རིམ། ལས་སྡེ། ༡ ཀརྨ་ཚེ་རིང་། ༩༩༠༤༡༠༩ ལས་རིམ་གཙོ་འཛིན་འགོ་དཔོན་འོགམ། རྒྱལ་ཡོངས་འཐའ་འཁོར་གནས་སྟངས་ལྷན་ཚོགས། མི་ངོ་ ༤ གིས་དགའ་གདམ་འབད་ནུག གདམ་འཐུ་གྲུབ་ཡོདཔ། ༢ འཆི་མེད་རྡོ་རྗེ། ༢༠༠༥༠༡༠༨༩ ལས་རིམ་གཙོ་འཛིན་འགོ་དཔོན་འོགམ། འབྲུག་སྱོ་རྩས་བཀག་འཛིན་དབང་འཛིན། མི་ངོ་ ༡ གིས་དགའ་གདམ་འབད་ནུག ༣ འཕྲིན་ལས་རིན་འཛིན། ༢༡༠༡༠༢༧ ལས་རིམ་གཙོ་འཛིན་འགོ་དཔོན། འབྲུག་བལྟ་བཤལ་ཚོགས་སྡེ། མི་ངོ་ ༤ གིས་དགའ་གདམ་འབད་ནུག སོར་ཐེབ། ཁ་གསལ་ཆེད་ལྷབ་ནི།

ལས་འགུལ་གུར་མཚན་རྟགས་བཀོད་ཡོདཔ།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་དང་ཨེ་ཤི་ཡཱན་ནགས་ཚལ་མཉམ་འབྲེལ་ལས་སྡེའི་བར་ན་ འཚོ་བའི་གནས་སྟངས་ཡར་དྲགས་བཏང་ཐབས་ཀྱི་ མི་སྡེ་ལུ་གཞི་བཞག་གི་ཚོང་འབྲེལ་ཟེར་བའི་ལས་འགུལ་གྱི་ཆིངས་ཡིག་གུར་མཚན་རྟགས་བཀོད་གནང་ཡི། ཆིངས་ཡིག་གུར་མཚན་རྟགས་ཀྱི་མཛད་སྒོའི་སྐབས་ ལས་འགུལ་ལག་ལེན་འཐབ་མི་ སོ་ནམ་ལྷན་ཁག་གི་ ནགས་ཚལ་དང་གླིང་ག་ཞབས་ཏོག་ལས་ཁུངས་ཀྱི་གྲལ་ཁར་གཏོགས་ཡི། ཆིངས་ཡིག་གུར་མཚན་རྟགས་བཀོད་གནང་མི་འདི་གི་ ཨེ་ཤི་ཡཱན་ནགས་ཚལ་མཉམ་འབྲེལ་ལས་སྡེ་གིས་ ལོ་ངོ་ ༤ གི་རིང་ལུ་ འབྲུག་རྒྱལ་ཁབ་ལུ་ ཡུ་ཨེས་ཌོ་ལར་ ༡,༠༠༠,༠༠༠.༠༠ བྱིན་ནིའི་ཁས་ལེན་འབད་ཡོདཔ་ཨིན། ལས་འགུལ་འདི་གིས་དམིགས་ཡུལ་གཙོ་བོ་ར་ མི་སྡེ་ནགས་ཚལ་དང་ནགས་ཚལ་ལས་བརྟེན་པའི་ཤིང་མིན་འཐོན་སྐྱེད་ཀྱི་བཟོ་གྲྭ་ཁང་ཡར་དྲགས་བཏང་ནི་འདི་ཨིན། དེ་ཡང་ མི་སྡེ་ལུ་གཞིར་བཞག་གི་ཚོངས་འབྲེལ་གཞི་བཙུགས་འབད་དེ་ གྲོང་གསེབ་ཀྱི་མི་སྡེ་ལུ་འོང་འབབ་གཞན་གྱི་འཐོན་ཁུངས་བཟོ་ནི་དང་ ཡུན་བརྟན་ནགས་ཚལ་འཛིན་སྐྱོང་བརྒྱུད་དེ་ མི་སྡེ་ནང་ལུ་གནམ་གཤིས་འགྱུར་བ་དང་དེའི་འབྲེལ་མཐུན་གུར་ ཤེས་ཡོན་དང་འཕྲུལ་རིག་ཡར་དྲགས་བཏང་འདི་ཨིན།