ལས་འགུལ་གུར་མཚན་རྟགས་བཀོད་ཡོདཔ།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་དང་ཨེ་ཤི་ཡཱན་ནགས་ཚལ་མཉམ་འབྲེལ་ལས་སྡེའི་བར་ན་ འཚོ་བའི་གནས་སྟངས་ཡར་དྲགས་བཏང་ཐབས་ཀྱི་ མི་སྡེ་ལུ་གཞི་བཞག་གི་ཚོང་འབྲེལ་ཟེར་བའི་ལས་འགུལ་གྱི་ཆིངས་ཡིག་གུར་མཚན་རྟགས་བཀོད་གནང་ཡི། ཆིངས་ཡིག་གུར་མཚན་རྟགས་ཀྱི་མཛད་སྒོའི་སྐབས་ ལས་འགུལ་ལག་ལེན་འཐབ་མི་ སོ་ནམ་ལྷན་ཁག་གི་ ནགས་ཚལ་དང་གླིང་ག་ཞབས་ཏོག་ལས་ཁུངས་ཀྱི་གྲལ་ཁར་གཏོགས་ཡི།

ཆིངས་ཡིག་གུར་མཚན་རྟགས་བཀོད་གནང་མི་འདི་གི་ ཨེ་ཤི་ཡཱན་ནགས་ཚལ་མཉམ་འབྲེལ་ལས་སྡེ་གིས་ ལོ་ངོ་ ༤ གི་རིང་ལུ་ འབྲུག་རྒྱལ་ཁབ་ལུ་ ཡུ་ཨེས་ཌོ་ལར་ ༡,༠༠༠,༠༠༠.༠༠ བྱིན་ནིའི་ཁས་ལེན་འབད་ཡོདཔ་ཨིན།

ལས་འགུལ་འདི་གིས་དམིགས་ཡུལ་གཙོ་བོ་ར་ མི་སྡེ་ནགས་ཚལ་དང་ནགས་ཚལ་ལས་བརྟེན་པའི་ཤིང་མིན་འཐོན་སྐྱེད་ཀྱི་བཟོ་གྲྭ་ཁང་ཡར་དྲགས་བཏང་ནི་འདི་ཨིན། དེ་ཡང་ མི་སྡེ་ལུ་གཞིར་བཞག་གི་ཚོངས་འབྲེལ་གཞི་བཙུགས་འབད་དེ་ གྲོང་གསེབ་ཀྱི་མི་སྡེ་ལུ་འོང་འབབ་གཞན་གྱི་འཐོན་ཁུངས་བཟོ་ནི་དང་ ཡུན་བརྟན་ནགས་ཚལ་འཛིན་སྐྱོང་བརྒྱུད་དེ་ མི་སྡེ་ནང་ལུ་གནམ་གཤིས་འགྱུར་བ་དང་དེའི་འབྲེལ་མཐུན་གུར་ ཤེས་ཡོན་དང་འཕྲུལ་རིག་ཡར་དྲགས་བཏང་འདི་ཨིན།

Leave a Reply

Your email address will not be published. Required fields are marked *