བལྟ་རྟོགས་དང་དབྱེད་ཞིབ་འགོ་དཔོན་གྱི་ས་སྟོང་གསལ་བསྒྲགས།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་ཁ་ཐུག་ལས་ འབྲུགཔ་མི་ཁྱད་ཚད་ལྡན་མི་ཚུ་ལས་ སྔོ་ལྗངས་གནམ་གཤིས་འགྱུར་བའི་མ་དངུལ་གྱི་དོན་ལུ་ ས་སྟོང་གསལ་བགྲགས་འབདཝ་ཨིན་ དེ་ཡང་གཤམ་འཁོད་ལས་འགུལ་གྱི་དོན་ལས་ཨིན།

འབྲུག་རྒྱལ་ཁབ་ནང་ལུ་ སོ་ནམ་ལས་སྡེ་ནང་ གནམ་གཤིས་འགྱུར་བ་ལས་ཟློག་ཐབས་དང་གནམ་གཤིས་འགྱུར་བ་བའི་དོན་ལས་རྒྱབ་སྐྱོར་དོན་ལུ།

གོ་གནས། བལྟ་རྟོགས་དང་དབྱེ་ཞིབ་འགོ་དཔོན། (ནང་འཁོད)
ལཱ་གི་དུས་ཡུན། བལྟ་རྟོགས་དང་དབྱེ་ཞིབ་འགོ་དཔོན་འདི་ འགོ་ཐོག་ལོ་ངོ་གཅིག་གི་དོན་ལས་བསྐོ་བཞག་འབད་ནི་ཨིན་རུུང་ ལཱ་གིས་གྲུབ་འབྲས་ལུ་གཞི་བཞག་སྟེ་དུས་ཡུན་འདི་བསྐྱར་གསོ་འབད་ནི་ཨིན།
ཤེས་ཚད། དཔལ་འབྱོར་གོང་འཕེལ་ གྲོང་གསེབ་གོང་འཕེལ་ མི་སྡེའི་ཚན་རིག་ རང་བཞིན་འཐོན་སྐྱེད་འཛིན་སྐྱོང་དང་གཞན་འབྲེལ་ཡོད་སློབ་སྦྱོང་འབད་མི་ ཤེས་ཚད་ཉུང་མཐའ་ མཐོ་རིམ་གོང་མའི་ཤེས་ཚད་ཡོད་མི།

༡. གཙོ་བོ་འཆར་གཞི་ལུ་བཏོན་ཡོད་པའི་ ལས་འགུལ་དང་ལས་རིམ་ཚུ་ནང་འབྲེལ་བ་ཡོད་པའི་ལས་འགུལ་གོང་འཕེལ་དང་འཛིན་སྐྱོང་ བལྟ་རྟོགས་ སྙན་ཞུ་ འབྲེལ་བ་ཡོད་པའི་ལས་སྡེ་ དེ་ལས་ རྒྱལ་ཡོངས་དང་ས་གནས་གཞུང་གི་གནས་རིམ་ནང་ལུ་ ལཱ་གི་ཉམས་མྱོང་ཉུང་མཐའ་ ལོ་ངོ་ ༥ ཡོད་མི་ཚུ།
༢. ལས་འགུལ་འདི་མཐར་འཁྱོལ་ཅན་ཅིག་སྦེ་ལག་ལེན་འཐབ་ནིའི་དོན་ལུ་ བལྟ་རྟོགས་དང་དབྱེ་ཞིབ་ཀྱི་ལོ་བསྟར་གྱི་འཆར་བཞི་བརྩམ་ནི།
༣. ལས་འགུལ་གྱི་དུས་ཕྱེད་དང་མཐའ་མཇུག་དབྱེ་ཞིབ་ལུ་ལྷན་ཐབས་འབད་ནི།

༤.  ལས་འགུལ་འདི་ བརྟག་ཞིབ་དང་དབྱེ་ཞིབ་ཚུ་འབད་ནི།

༥. གཞུང་གི་འཆར་གཞི་ འཆར་དངུལ་དང་མཁོ་སྒྲུབ་ཀྱི་རིམ་ལུགས་ནང་ལུ་ ཤེས་ཡོན་དང་ཉམས་མྱོང་ལེགས་ཤོམ་ཡོད་མི།

༦. གནམ་གཞིས་འགྱུར་བ་དང་རང་བཞིན་གནས་སྟངས་དང་འབྲེལ་བ་ཡོད་པའི་ལས་སྡེ་གཙོ་བོ་ཚུ་ནང་ལཱ་གི་ཉམས་མྱོང་ཡོད་མི།

༧. མི་ངོམ་འདི་ཁྱད་རིག་ཅན་དགོ་པའི་ཁར་ གསལ་ཞུ་ཕུལ་ནི་ གྲོས་བསྟུན་འབད་ནི་དང་དཀའ་ངལ་ཚུ་བསལ་ནི་ དེ་ལས་ སྣ་མང་སྡེ་ཚན་དང་གཅིག་ཁར་ འཇོན་ཐང་ཅན་དང་དོན་སྨིན་ཅན་གྱིས་ཐོག་ལས་ལཱ་འབད་ཚུགས་མི།

༨. ཞག་དུས་ཀྱི་ནང་འཁོད་ལཱ་འབད་ཚུགས་མི་འཇོན་ཐང་ཅན་དང་  རང་དབང་ཐོག་སྣ་མང་ལས་སྣ་འབད་ཚུགས་མི།

༩. གློག་རིག་ཀམ་པུད་ཊར་དང་གློག་རིག་མཉེན་ཆས་ཆ་ཚང་ལག་ལེན་འཐབ་ཚུགས་པའི་ཉམས་མྱོང་དང་ཡོངས་འབྲེལ་འཛིན་སྐྱོང་འབད་ནིའི་ཉམས་མྱོང་ཡོད་མི།

སྐད་ཡིག་དགོས་མཁོ། : རྒྱལ་ཡོངས་སྐད་ཡིག་དང་ཨིང་སྐད་གཉིས་ཆ་རའི་ནང་ འབྲི་ནི་དང་སླབ་ནི་ནང་ལེགས་ཤོམ་ཡོད་མི།

དངུལ་ཕོགས་ཀྱི་ཚད་གཞི།  དངུལ་ཀྲམ་ ༧༠,༠༠༠  (སྟབས་ཅིག་ལག་སྤྲོད)

དང་འདོད་ཅན་གྱི་ཁྱད་ཚད་དང་ལྡན་མི་ཚུ་གིས་ སྤྱི་ཚེས་ ༢༧/༠༥/༢༠༢༠ ཀྱི་ནང་འཁོད་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ མི་སྟོབས་འགོ་དཔོན་ལུ་ གཤམ་འཁོད་ཡིག་ཆས་ཚུ་དང་སབྲགས་ཏེ་ཞུ་ཡིག་བཙུགས་གནང་། མ་དཔེ་ཞུ་ཡིག་དང་གཤམ་འཁོད་ཡིག་ཆ་ཚུ་དང་སྦྲགས་ཏེ་ཞུ་ཡིག་བཙུགས་གནང་། ཁ་གསལ་གྱི་དོན་ལས་ མི་སྟོབས་འགོ་དཔོན་ ཀརྨ་དབང་འདུས་དང་གཅིག་ཁར་ འགྲུལ་འཕྲིན་ཨང་ ༡༧༣༧༨༠༨༧ ཡང་ཅིན་ ཡོངས་འབྲེལ་ཁ་བྱང་ karmawangdi@gnhc.gov.bt. ནང་ལུ་འབྲེལ་བ་མཛད་གནང། ཕྱི་བསལ་གྲུབ་མི་ མི་ངོམ་ཚུ་རྐྱངམ་ཅིག་ལུ་གདམ་འཐུའི་དོན་ལས་འབྲེལ་བ་འཐབ་ནི་ཨིན།

༡.  ཞི་གཡོགཔ་ལཱ་གཡོག་འཛུལ་ཞུགས་ཀྱི་ཞུ་ཡིག་འབྲི་ཤོག །
༢. རང་སོའི་ཁྱད་ཡོན་གྱི་ཐོ།
༣. ཤེས་ཚད་ལག་འཁྱེར་གྱི་ཚུའི་འདྲ།
༤. དུས་མཐུན་ཡོད་པའི་ཉོགས་མེད་ལག་འཁྱེར།
༥. དུས་མཐུན་ཡོད་པའི་ གསོ་བའི་ལག་འཁྱེར་གྱི་འདྲ།
༦. མི་ཁུངས་ངོ་སྤྲོད་ལག་འཁྱེར་གྱི་འདྲ།
༧. འབྲེལ་བ་ཡོད་པའི་སྦྱོང་བརྡར་ལག་འཁྱེར་གྱི་འདྲ།
༨. གཞན་ལག་འཁྱེར་ཚུ་འི་འདྲ=
༩. ལཱ་ནང་ཨིན་པ་ཅིན་ ཉོགས་བཤད་མེད་པའི་ཡིག་གུ།

མདོ་ཆེན།
རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང། བལྟ་རྟོགས་དང་དབྱེ་ཞིབ་འགོ་དཔོན་གྱི་ཁ་ཚིག་དང་གནས་ཚིག –ཕབ་ལེན་འབད་ས།

Leave a Reply

Your email address will not be published. Required fields are marked *