གནས་ཚུལ་གསར་བཏོན

དཔལ་འབྱོར་མཉམ་འབྲེལ་སྐོར་ འབྲུག་དང་ཇཱ་པཱན་གྱི་ལོ་བསྟར་གྲོས་བསྟུན་ཞལ་འཛོམས་ཐེངས་ ༡༥ པ།  དཔལ་འབྱོར་མཉམ་འབྲེལ་སྐོར་ འབྲུག་དང་ཇཱ་པཱན་གྱི་བར་ན་ལོ་བསྟར་གྲོས་བསྟུན་ཞལ་འཛོམས་ཐེངས་ ༡༥ པ་འདི་ སྤྱི་ཚེས་ ༣༠/༠༩/༢༠༢༠ ལུ་གློག་རིག་ཐོག་ལས་འགོ་འདྲེན་འཐབ་ཅི། གྲོས་བསྟུན་ཞལ་འཛོམས་འདི་ཡང་ ཕྱི་འབྲེལ་ལྷན་ཁག་ ཟུང་ཕྱོགས་ལས་ཁུངས་ཀྱི་མདོ་ཆེན་ བསོད་ནམས་སྟོབས་རྒྱས་ཀྱིས་འགོ་ཁྲིད་འབད་ཡི། ཇཱ་པཱན་གཞུང་གི་ཁ་ཐུག་ཁ་ལས་ ནིའུ་ལྡིལ་ལུ་ཇཱ་པཱན་གྱི་གནས་སྡོད་ཡིག་ཚང་ལས་ དཔལ་འབྱོར་གོང་འཕེལ་གྱི་བློན་པོ་ ཤིང་སྒོ་ མི་ཡ་མོ་ཏོ་གིས་འགོ་ཁྲིད་འབད་ཡི། ཇཱ་པཱན་རྒྱལ་སྤྱི་མཉམ་འབྲེལ་ལས་ལྡེའི་ཡིག་ཚང་ལྟེ་བ་དང་ འབྲུག་ལུ་ཇཱ་པཱན་གྱི་གཞུང་ཚབ་ཡིག་ཚང་གི་གཙོ་འཛིན་ངོ་ཚབ་ སྐུ་ཟོ་ ཝ་ཏ་ནཱ་བཱི་རྩིས་ཏེ་འགོ་དཔོན་ཚུ་གིས་ཡང་གྲལ་གཏོགས་མཛད་གནང་ཡི། རྒྱལ་ཁབ་གཉིས་ཀྱིས་ཁ་ཐུག་ལས་ ཇཱ་པཱན་གཞུང་གི་འབྲུག་རྒྱལ་ཁབ་ལུ་གྲོགས་རམ་གྱི་གནས་རིམ་ ཟུང་ཕྱོགས་གོང་འཕེལ་གྲོགས་རམ་གྱི་སྐོར་ལས་བརྟག་ཞིབ་ ༢༠༢༠ དགོ་པའི་ཁར་ལུ་ གཞན་མཉམ་འབྲེལ་གྱི་སྐོར་ལས་ཡང་གྲོས་བསྟུན་མཛད་ཡི། དོ་རུ་ཡང་རྒྱལ་ཁབ་གཉིས་ཀྱིས་ཁ་ཐུག་ལས་ ད་ལྟོ་ལག་ལེན་འཐབ་པའི་བསྒང་ཡོད་ཡོད་མི་ལས་འགུལ་ཚུ་ཡང་བསྐྱར་ཞིབ་འབད་དེ་ འབྲུག་གཞུང་གིས་གཙོ་རིམ་ལས་འགུལ་སྦེ་ཕུལ་མི་འདི་གུར་ལུ་གྲོས་བསྟུན་མཛད་གནང་ཡི། དེ་ཡི་ནང་དོན་ཉིད་ལས་ཡང་འབྲུག་གིས་ཁ་ཐུག་ལས་ལོ་ལྔ་འཆར་གཞི་ ༡༢ པའི་གྲུབ་འབྲས་སྙན་ཞུ་ཡང་སྤྱན་འབུལ་ཕུལ་ཡི། འབྲུག་དང་ཇཱ་པཱན་གྱི་བར་ན་དཔལ་འབྱོར་མཉམ་འབྲེལ་གྱི་ལོ་བསྟར་གྲོས་བསྟུན་ཞལ་འཛོམས་འདི་ སྤྱི་ལོ་ ༢༠༠༦ ལུ་གཞི་བཙུགས་འབད་མི་འདི་གིས་ ཁ་གསལ་ཆེད་ལྷབ་ནི།

ས་སྟོང་གསལ་བསྒྲགས།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་ཁ་ཐུག་ལས་ ཞི་གཡོགཔ་ཚུ་ལུ་ ནང་འཁོད་གནས་སོར་ཐོག་ལས་ གཤམ་འཁོད་ཀྱི་ས་སྟོང་གསལ་བསྒྲགས་འབདཝ་ཨིན། གོ་གནས། གོ་གནས་ཀྱི་གནས་རིམ།  ཤེས་ཚད། གཡོག་གི་ས་སྟོང་གི་གྱངས་ཁ། ལཱ་གི་ས་སྒོ། འཆར་གཞི་འགོ་དཔོན་གོངམ། ཁྱད་འཛིན་ ༣ པ་ ཀ ཉུང་མཐའ་གཙུག་ལག་གཞི་རིམ་གྱི་ཤེས་ཚད།  ༢ གོང་འཕེལ་མཉམ་འབྲེལ་སྡེ་ཚན་དང་ འཆར་གཞི་བལྟ་རྟོགས་དང་འགོ་འདྲེན་སྡེ་ཚན།  དང་འདོད་ཅན་གྱི་ཁྱད་ཚད་དང་ལྡན་མི་གཡོག་ཐོག་ཞི་གཡོགཔ་ སྤྱི་གཡོག་སྒྲིག་བཀོད་གཅིག་པའི་ བདག་སྐྱོང་གི་ཞབས་ཏོག་གི་ ཁྱད་རིག་ལས་གཡོག་ནང་ཚུད་མི་ ཁྱད་ཚད་དང་ལྡན་པའི་ ཞི་གཡོགཔ་ཚུ་གིས་ སྤྱི་ཚེས་ ༢༤/༠༩/༢༠༢༠ ཀྱི་ནང་འཁོད་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ མི་སྟོབས་ལས་ཚན་ནང་ལུ་ མ་དཔེ་ཞུ་ཡིག་དང་གཤམ་འཁོད་ཡིག་ཆ་ཚུ་དང་སྦྲགས་ཏེ་ཞུ་ཡིག་བཙུགས་གནང་། དུས་མཐུན་བཟོ་བའི་ཞི་གཡོག་བརྡ་དོན་རིམ་ལུགས་ཀྱི་ཁ་བྱང་གི་འདྲ་དང་ རང་སོའི་ཁྱད་ཡོན་གྱི་ཐོ། ༢. སྤྱི་ལོ་ ༢༠༡༧-༢༠༡༨ དང་ ༢༠༡༨-༢༠༡༩ གི་(ཞི་གཡོག་བརྡ་དོན་རིམ་ལུགས) ཀྱི་ལཱ་གི་གྲུབ་འབྲས་བརྟག་ཞིབ་ཀྱི་འདྲ། ༣. ཤེས་ཚད་ལག་འཁྱེར་/གཙུག་ལག་གཞི་རིམ་གྱི་ཤེས་ཚད་ལག་འཁྱེར་/གཙུག་ལག་གོང་མའི་ཤེས་ཚད་ལག་འཁྱེར་གྱི་འདྲ། ༤. སྦྱོང་བརྡར་གྱི་ལག་ཁྱེར་ཚུ། ༥. ཉོགས་མེད་ལག་འཁྱེར་དང་རྩིས་ཞིབ་ཀྱི་ཉོགས་མེད་ལག་འཁྱེར་ཚུ་གི་འདྲ། ཕྱི་སེལ་གདམ་འཐུའི་ཚད་གཞི: ལཱ་གཡོག་ཞབས་ཏོག: ཞི་གཡོག་ནང་ལུ་ཉུང་མཐའ་ལོ་ངོ་ ༣ ཁ་གསལ་ཆེད་ལྷབ་ནི།

ཡང་བསྐྱར་ས་སྟོང་གསལ་བསྒྲགས།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཁ་ཐུག་ལས་ གཤམ་འཁོད་གོ་གནས་ཀྱི་དོན་ལས་ ཡང་བསྐྱར་ས་སྟོང་གསལ་བསྒྲགས་འབདཝ་ཨིན། གོ་གནས། གོ་གནས་ཀྱི་གནས་རིམ། སྡེ་ཚན། ཤེས་ཚད་ཉུང་མཐའ། བདག་སྐྱོང་གཙོ་འཛིན་འགོ་དཔོན། ཁྱད་འཛིན་ ༡ པ་ཀ ། ལྷན་ཚོགས་ཡིག་ཚང་གི་ཞབས་ཏོག་སྡེ་ཚན། གཙུག་ལག་གཞི་རིམ་ཤེས་ཚད།  དང་འདོད་ཅན་གྱི་གཡོག་ཐོག་ཞི་གཡོགཔ་  ཁྱད་ཚད་དང་ལྡན་མི་ འབྲུག་གི་ཞི་གཡོགཔ་བཅའ་ཁྲིམས་ ༢༠༡༨ དོན་ཚན་ ༡༣.༧.༤ ཅན་མའི་ གོ་གནས་ཡར་སེང་གི་བཅའ་ཡིག་དང་སྒྲིག་གཞི་ལྟར་   སྤྱི་ཚེས་ ༢༤/༠༩/༢༠༢༠ ཀྱི་ནང་འཁོད་  གཤམ་འཁོད་ཡིག་ཆ་ཚུ་དང་སྦྲགས་ཏེ་ཞུ་ཡིག་བཙུགས་གནང་། ༡. ཞི་གཡོག་བརྡ་དོན་རིམ་ལུགས་ལས་བཏོན་མིའི་དང་རང་སོའི་ཤེས་ཡོན་ཁྱད་ཆོས་ཀྱི་ཐོ་གཉིས་ཆ་ར། ༢.  སྤྱི་ལོ་ ༢༠༡༧-༢༠༡༨ དང་ ༢༠༡༨-༢༠༡༩ གི་ (ཞི་གཡོག་བརྡ་དོན་རིམ་ལུགས)ཀྱི་ལཱ་གི་གྲུབ་འབྲས་བརྟག་ཞིབ་ཀྱི་འདྲ། ༣.  རང་སོའི་ལས་སྡེ་ལས་ཇོགས་མེད་ཡིག་གུ་དང་ འབྲེལ་ཡོད་སྦྱོང་བརྡར་གྱི་ལག་འཁྱེར་ཚུ། ༤. ཉོགས་མེད་ལག་འཁྱེར་དང་རྩིས་ཞིབ་ཀྱི་ཉོགས་མེད་ལག་འཁྱེར་ཚུའི་འདྲ། ཞུ་ཡིག་བཙུགས་མི་ཚུ་ཕྱི་སེལ་གདམས་འཐུའི་དོན་ལས་ འབྲེལ་ཡོད་ཤེས་ཚད་  སྦྱོང་བརྡར་དང་ལཱ་གི་ཉམས་མྱོང་ཡོད་མི་ཚུ་ལུ་གོ་སྐབས་བྱིན་ནི། གློག་འཕྲིན་ ཡང་ན་ ཁ་གསལ་ཆེད་ལྷབ་ནི།

སྔོ་ལྗངས་གནམ་གཤིས་འགྱུར་བའི་མ་དངུལ་གྱི་ བལྟ་རྟོགས་དང་དབྱེ་ཞིབ་འགོ་དཔོན་གྱི་དོན་ལས་ཕྱི་སེལ་གྲུབ་མི་མི་ངོམ་ཚུ་གསལ་བསྒྲགས་འབདཝ་ཨིན།

སྔོ་ལྗངས་གནམ་གཤིས་འགྱུར་བའི་མ་དངུལ་གྱི་ ལས་འགུལ་འཛིན་སྐྱོང་སྡེ་ཚན་ཁ་ཐུག་ལས་ བལྟ་རྟོགས་དང་དབྱེ་ཞིབ་འགོ་དཔོན་གྱི་དོན་ལས་ཕྱི་སེལ་གྲུབ་མི་མི་ངོ་ཚུ་ གདམ་འཐུའི་དྲི་བ་འདྲི་ལན་འདི་ སྤྱི་ཚེས་ ༡༤/༠༩/༢༠༢༠ ལུ་ འགོ་འདྲེན་འཐབ་ནི་སྦེ་གསལ་བསྒྲགས་འབད་ཡོད་མི་འདི་ སྤྱི་ཚེས་ ༥/༡༠/༢༠༢༠ ལུ་ཕར་བྱང་འབད་ཡོདཔ་ཨིན། དེ་ཡང་རྫོང་ཁག་དག་པ་ཅིག་ད་ལྟོའི་བར་ན་ཡང་ འགྲོ་འགྲུལ་བཀག་དམ་འབད་དེ་ཡོད་མི་རྫོང་ཁག་ཚུ་ལས་ ཕྱི་སེལ་གྲུབ་མི་ མི་ངོ་ཚུ་གདམ་འཐུའི་དྲི་བ་འདྲི་ལན་ནང་ལུ་ བཅའ་མར་གཏོགས་མི་ཚུགས་ནི་ཨིནམ་ལས་བརྟེན་ཏེ་ཨིན། ཁ་གསལ་གྱི་དོན་ལས་ མི་སྟོབས་སྡེ་ཚན་ནང་ལུ་ འགྲུལ་འཕྲིན་ཨང་ ༡༧༣༧༨༠༨༧ ཡང་ཅིན་ ཡོངས་འབྲེལ་ཁ་བྱང་ karmawangdi@gnhc.gov.bt. ནང་ལུ་འབྲེལ་བ་མཛད་གནང།

སྔོ་ལྗངས་གནམ་གཤིས་འགྱུར་བའི་མ་དངུལ་ལས་འགུལ་གྱི་ བལྟ་རྟོགས་དང་དབྱེ་ཞིབ་འགོ་དཔོན་གྱི་དོན་ལས་ཕྱི་སེལ་གྲུབ་མི་ མི་ངོམ་ཚུ་གསལ་བསྒྲགས་འབདཝ་ཨིན།

ཨང་གྲངས། མིང་གསལ། མི་ཁུངས་ངོ་སྤྲོད་ལག འཁྱེར་ཨང་། དྲན་གསོ། གདམ་འཐུའ་དྲི་བ་འདྲི་ལན་གྱི་གནས་ཚུལ། ༡ ཚེ་རིང་དོན་གྲུབ། ༡༠༩༠༡༠༠༠༡༣༥ ཕྱི་སེལ་གྲུབ་མི། ༡. སྤྱི་ཚེས་ ༡༤/༠༩/༢༠༢༠ ལུ། ༢. ས་གནས: སྔོ་ལྗངས་གནམ་གཤིས་འགྱུར་བའི་མ་དངུལ་གྱི་ ལས་འགུལ་འཛིན་སྐྱོང་སྡེ་ཚན་ཡིག་ཚང་། རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས།༣. དུས་ཚོད: དྲོ་པ་ཆུ་ཚོད་ ༩ :༣༠ ལུ། ༤. འབྲེལ་ཡོད་ཡིག་ཆས་ངོ་མ་ཚུ་འབག་འོང་དགོ ། ༥. ཁས་གསལ་གྱི་དོན་ལུ་ ལས་འགུལ་མདོ་ཆེན་དང་གཅིག་ཁར་འགྲུལ་འཕྲིན་ཨང་ ༧༧༣༥༢༧༧༦ ནང་འབྲེལ་བ་མཛད་ནི་དང་ ཡང་ཅིན་  ༡༧༣༧༨༠༨༧ (མི་སྟོབས་འགོ་དཔོན) དང་གཅིག་ཁར་འབྲེལ་བ་འཐབ་གནང་། ༢ ཚེ་དབང་ནོར་བུ། ༡༡༥༠༨༠༠༢༩༤༡ ཕྱི་སེལ་གྲུབ་མི། ༣ སི་ཏཱ་ངྷེ་བི་ གཱའུ་ཏམ། ༡༡༣༠༥༠༠༥༡༩༧ ཕྱི་སེལ་གྲུབ་མི། ༤ ཀརྨ་ཚེ་རིང་བདེ་སྐྱིད། ༡༠༥༠༡༠༠༢༠༨༦ ཕྱི་སེལ་གྲུབ་མི། ༥ ཚེ་རིང་དབྱངས་མཚོ། ༡༠༡༠༢༠༠༣༠༠༦ ཕྱི་སེལ་གྲུབ་མི། ༦ ཁ་གསལ་ཆེད་ལྷབ་ནི།

ཡང་བསྐྱར་ས་སྟོང་གསལ་བསྒྲགས།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་ཁ་ཐུག་ལས་ འབྲུགཔ་མི་ཁྱད་ཚད་ལྡན་མི་ཚུ་ལས་ སྔོ་ལྗངས་གནམ་གཤིས་འགྱུར་བའི་མ་དངུལ་གྱི་དོན་ལུ་ ས་སྟོང་གསལ་བསྒྲགས་འབདཝ་ཨིན་ དེ་ཡང་གཤམ་འཁོད་ལས་འགུལ་གྱི་དོན་ལས་ཨིན། འབྲུག་རྒྱལ་ཁབ་ནང་ལུ་ སོ་ནམ་ལས་སྡེ་ནང་ གནམ་གཤིས་འགྱུར་བ་ལས་ཟློག་ཐབས་དང་གནམ་གཤིས་འགྱུར་བ་བའི་དོན་ལས་རྒྱབ་སྐྱོར་དོན་ལུ།” གོ་གནས། བཟོ་རིགས་འགོ་དཔོན། ལཱ་གི་དབྱེ་བ། ལས་འགུལ་གྱི་དུས་ཡུན་དང་འཁྲིལ་ཏེ་ཁ་འབགཔ་ཐོག་ལས་ཨིན། ལཱ་གི་དུས་ཡུན། གདམ་འཐུ་གྲུབ་མི་ མི་ངོ་འདི་འགོ་ཐོག་ལོ་ངོ་གཅིག་གི་དོན་ལས་བསྐོ་བཞག་འབད་ནི་ཨིན་རུུང་ ལཱ་གིས་གྲུབ་འབྲས་ལུ་གཞི་བཞག་སྟེ་དུས་ཡུན་འདི་བསྐྱར་གསོ་འབད་ནི་ཨིན། ཤེས་ཚད། བཟོ་རིགས་ཀྱི་ནང་ལུ་ མཐོ་རིམ་ཤེས་ཚད་ཡོད་པའི་ཁར་ དམིགས་གསལ་གྱི་ཆུ་གཡུར་ནང་ལུ་བཟོ་རིགས་ཁྱད་ཆོས་ཡོད་མི། རང་བཞིན་འཐོན་སྐྱེད་འཛིན་སྐྱོང་དང་གཞན་འབྲེལ་ཡོད་སློབ་སྦྱོང་འབད་མི་ ཤེས་ཚད་ཉུང་མཐའ་ མཐོ་རིམ་ཤེས་ཚད་ ཡང་ཅིན་ འདི་གི་མཐོ་ཤོས་ཀྱི་ཤེས་ཚད་ཡོད་མི། གོ་གནས་ཀྱི་དོན་ལས་ ཚན་རིགས་ཀྱི་ཤེས་ཚད་ཡོད་མི་གོ་སྐབས་བྱིན་ནི། ས་གནས། སྔོ་ལྗངས་གནམ་གཤིས་འགྱུར་བའི་མ་དངུལ་ ལས་འགུལ་བལྟ་རྟོགས་སྡེ་ཚན། རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་། ཐིམ་ཕུག ། ས་སྟོང་། ༢ དངུལ་ཕོགས་ཀྱི་ཚད་གཞི དངུལ་ཀྲམ། ༨༠,༠༠༠/- (སྟབས་ཅིག་ལག་སྤྲོད) ཉམས་མྱོང་དགོཔ: ༡. གཤམ་འཁོད་ནང་ལུ་ཉུང་མཐའ་ལོ་ངོ་ ༡༠ ཁ་གསལ་ཆེད་ལྷབ་ནི།