གནས་ཚུལ་གསར་བཏོན

དཔལ་འབྱོར་མཉམ་འབྲེལ་སྐོར་ འབྲུག་དང་ཇཱ་པཱན་གྱི་ལོ་བསྟར་གྲོས་བསྟུན་ཞལ་འཛོམས་ཐེངས་ ༡༥ པ།  དཔལ་འབྱོར་མཉམ་འབྲེལ་སྐོར་ འབྲུག་དང་ཇཱ་པཱན་གྱི་བར་ན་ལོ་བསྟར་གྲོས་བསྟུན་ཞལ་འཛོམས་ཐེངས་ ༡༥ པ་འདི་ སྤྱི་ཚེས་ ༣༠/༠༩/༢༠༢༠ ལུ་གློག་རིག་ཐོག་ལས་འགོ་འདྲེན་འཐབ་ཅི། གྲོས་བསྟུན་ཞལ་འཛོམས་འདི་ཡང་ ཕྱི་འབྲེལ་ལྷན་ཁག་ ཟུང་ཕྱོགས་ལས་ཁུངས་ཀྱི་མདོ་ཆེན་ བསོད་ནམས་སྟོབས་རྒྱས་ཀྱིས་འགོ་ཁྲིད་འབད་ཡི། ཇཱ་པཱན་གཞུང་གི་ཁ་ཐུག་ཁ་ལས་ ནིའུ་ལྡིལ་ལུ་ཇཱ་པཱན་གྱི་གནས་སྡོད་ཡིག་ཚང་ལས་ དཔལ་འབྱོར་གོང་འཕེལ་གྱི་བློན་པོ་ ཤིང་སྒོ་ མི་ཡ་མོ་ཏོ་གིས་འགོ་ཁྲིད་འབད་ཡི། ཇཱ་པཱན་རྒྱལ་སྤྱི་མཉམ་འབྲེལ་ལས་ལྡེའི་ཡིག་ཚང་ལྟེ་བ་དང་ འབྲུག་ལུ་ཇཱ་པཱན་གྱི་གཞུང་ཚབ་ཡིག་ཚང་གི་གཙོ་འཛིན་ངོ་ཚབ་ སྐུ་ཟོ་ ཝ་ཏ་ནཱ་བཱི་རྩིས་ཏེ་འགོ་དཔོན་ཚུ་གིས་ཡང་གྲལ་གཏོགས་མཛད་གནང་ཡི། རྒྱལ་ཁབ་གཉིས་ཀྱིས་ཁ་ཐུག་ལས་ ཇཱ་པཱན་གཞུང་གི་འབྲུག་རྒྱལ་ཁབ་ལུ་གྲོགས་རམ་གྱི་གནས་རིམ་ ཟུང་ཕྱོགས་གོང་འཕེལ་གྲོགས་རམ་གྱི་སྐོར་ལས་བརྟག་ཞིབ་ ༢༠༢༠ དགོ་པའི་ཁར་ལུ་ གཞན་མཉམ་འབྲེལ་གྱི་སྐོར་ལས་ཡང་གྲོས་བསྟུན་མཛད་ཡི། དོ་རུ་ཡང་རྒྱལ་ཁབ་གཉིས་ཀྱིས་ཁ་ཐུག་ལས་ ད་ལྟོ་ལག་ལེན་འཐབ་པའི་བསྒང་ཡོད་ཡོད་མི་ལས་འགུལ་ཚུ་ཡང་བསྐྱར་ཞིབ་འབད་དེ་ འབྲུག་གཞུང་གིས་གཙོ་རིམ་ལས་འགུལ་སྦེ་ཕུལ་མི་འདི་གུར་ལུ་གྲོས་བསྟུན་མཛད་གནང་ཡི། དེ་ཡི་ནང་དོན་ཉིད་ལས་ཡང་འབྲུག་གིས་ཁ་ཐུག་ལས་ལོ་ལྔ་འཆར་གཞི་ ༡༢ པའི་གྲུབ་འབྲས་སྙན་ཞུ་ཡང་སྤྱན་འབུལ་ཕུལ་ཡི། འབྲུག་དང་ཇཱ་པཱན་གྱི་བར་ན་དཔལ་འབྱོར་མཉམ་འབྲེལ་གྱི་ལོ་བསྟར་གྲོས་བསྟུན་ཞལ་འཛོམས་འདི་ སྤྱི་ལོ་ ༢༠༠༦ ལུ་གཞི་བཙུགས་འབད་མི་འདི་གིས་ ཁ་གསལ་ཆེད་ལྷབ་ནི།