ས་སྟོངས་གསལ་བསྒྲགས།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་ཁ་ཐུག་ལས་ འབྲུགཔ་མི་ཁྱད་ཚད་ལྡན་མི་ཚུ་ལས་ སྔོ་ལྗངས་གནམ་གཤིས་འགྱུར་བའི་མ་དངུལ་གྱི་དོན་ལུ་ ས་སྟོང་གསལ་བསྒྲགས་འབདཝ་ཨིན་ དེ་ཡང་གཤམ་འཁོད་ལས་འགུལ་གྱི་དོན་ལས་ཨིན། འབྲུག་རྒྱལ་ཁབ་ནང་ལུ་ སོ་ནམ་ལས་སྡེ་ནང་ གནམ་གཤིས་འགྱུར་བ་ལས་ཟློག་ཐབས་དང་གནམ་གཤིས་འགྱུར་བ་བའི་དོན་ལས་རྒྱབ་སྐྱོར་དོན་ལུ།

འགན་ཚད། – ཕབ་ལེན་འབད་ས།

གོ་གནས། བཟོ་རིགས་འགོ་དཔོན། (ཆུ་གཡུར་ནང་མཁས་མཆོག)
ལཱ་གི་དབྱེ་བ། ལས་འགུལ་གྱི་དུས་ཡུན་དང་འཁྲིལ་ཏེ་ཁ་འབགཔ་ཐོག་ལས་ཨིན།
ལཱ་གི་དུས་ཡུན། གདམ་འཐུ་གྲུབ་མི་ མི་ངོ་འདི་འགོ་ཐོག་ལོ་ངོ་གཅིག་གི་དོན་ལས་བསྐོ་བཞག་འབད་ནི་ཨིན་རུུང་ ལཱ་གིས་གྲུབ་འབྲས་ལུ་གཞི་བཞག་སྟེ་དུས་ཡུན་འདི་བསྐྱར་གསོ་འབད་ནི་ཨིན།
ཤེས་ཚད། བཟོ་རིགས་ཀྱི་ནང་ལུ་ མཐོ་རིམ་ཤེས་ཚད་ཡོད་པའི་ཁར་ དམིགས་གསལ་གྱི་ཆུ་གཡུར་ནང་ལུ་བཟོ་རིགས་ཁྱད་ཆོས་ཡོད་མི། རང་བཞིན་འཐོན་སྐྱེད་འཛིན་སྐྱོང་དང་གཞན་འབྲེལ་ཡོད་སློབ་སྦྱོང་འབད་མི་ ཤེས་ཚད་ཉུང་མཐའ་ མཐོ་རིམ་ཤེས་ཚད་ ཡང་ཅིན་ འདི་གི་མཐོ་ཤོས་ཀྱི་ཤེས་ཚད་ཡོད་མི། གོ་གནས་ཀྱི་དོན་ལས་ ཚན་རིགས་ཀྱི་ཤེས་ཚད་ཡོད་མི་གོ་སྐབས་བྱིན་ནི།
ས་གནས།  སྔོ་ལྗངས་གནམ་གཤིས་འགྱུར་བའི་མ་དངུལ་ ལས་འགུལ་བལྟ་རྟོགས་སྡེ་ཚན། རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་། ཐིམ་ཕུག །
ས་སྟོང་།
དངུལ་ཕོགས་ཀྱི་ཚད་གཞི དངུལ་ཀྲམ། ༡༡༠,༠༠༠/- (སྟབས་ཅིག་ལག་སྤྲོད)

ཉམས་མྱོང་དགོཔ:

༡. གཤམ་འཁོད་ནང་ལུ་ཉུང་མཐའ་ལོ་ངོ་ ༡༠ ཀྱི་ཉམས་མྱོང་དགོ །

  • ཆུ་གཡུར་རིམ་ལུགས་བཟོ་བཀོད་དང་འཆར་གཞི་བརྩམ་ནི་ བཟོ་བསྐྲུན་དང་བསྐྲམ་སྤེལ་རིམ་ལུགས་ ཆུ་འཐོན་ནིའི་རིམ་ལུགས་ ཆུ་མཛོད་བཟོ་ནི་དང་ཆུ་སིམ་མི་འགྱོ་ནིའི་འགྲེམ་སྟོན་ཁང་ཚུ་རྒྱལ་ཁབ་ནང་ལུ་གནས་སྟངས་དང་འཁྲིལ་བཟོ་ཚུགསཔ་དགོ །
  • ཁྱད་རིགས་ཀྱི་ཚད་གཞི་བཟོ་ནི་ རིན་གོང་ཚད་རྩིས་བཏོན་ནི་ རིན་བསྡུར་ཡིག་ཆས་ཚུ་ འབྲུག་རྒྱལ་ཁབ་དང་རྒྱལ་སྤྱིའི་མཁོ་སྒྲུབ་ལམ་ལུགས་དང་འཁྲིལ་བཟོ་དགོ།
  •  བཟོ་བཀོད་སྙན་ཞུ་ཁ་གསལ་སྦེ་གྲ་སྒྲིག་འབད་འདི་བཟོ་དགོ །
  • ཆུ་གཡུར་གོང་འཕེལ་ནང་ལུ་ཁྱད་རིགས་དང་ཉམས་མྱོང་དགོ །
  • འབྲུག་རྒྱལ་ཁབ་ནང་ལུ་ ཆུ་གཡུར་གྱི་ལས་འགུལ་མཐར་འཁྱོལ་ཅན་སྦེ་ལག་ལེན་འཐབ་ཡོད་པའི་རྒྱབ་རྟེན་བདེན་ཁུངས་ཡོདཔ་དགོ །
  • བརྟག་ཞིབ་དང་བཟོ་བཀོད་ཀྱི་ཉམས་མྱོང་ དེ་ལས་ སྤུས་ཚད་ཅན་ བཟོ་བསྐྲུན་འཛིན་སྐྱོང་དང་གཞན་མི་ངོ་ཚུ་ལུ་སྦྱོང་བརྡར་བྱིན་ཚུགས་པའི་ཉམས་མྱོང་ཡོད་མི་དགོ
  • ལས་འགུལ་འཛིན་སྐྱོང་དང་ཆུ་གཡུར་གོང་འཕེལ་གྱི་བརྟག་ཞིབ་ བཟོ་བཀོད་དང་སྡེ་ཚན་ཆུང་བའི་ལཱ་ ཆུ་ཐིགས་དང་ཆུ་གཏོར་ཆས་ཀྱི་ལཱ་ དེ་ལསཆུ་བསག་མཛོད་ཀྱི་ལཱ་ནང་ཉམས་མྱོང་ཡོད་མི།
  • སྡེ་ཚན་ཆུང་ཀུའི་ཐོག་ལས་ བཟོ་བཀོད་དང་བརྟག་ཞིབ་ཀྱི་ལཱ་ཚུ་འཛིན་སྐྱོང་འབད་ནི་ལུ་ཉམས་མྱོང་ཡོད་མི།
  • འབྲེལ་བ་ཡོད་པའི་ལས་སྡེ་ཚུ་དང་གཅིག་ཁར་ལཱ་འབད་ནི་དང་སྦྱོང་བརྡར་བྱིན་ཏེ་ ལྕོགས་གྲུབ་གོང་འཕེལ་བཏང་ནི།

༢. ཆུའི་མཁོ་འདོད་དང་བསྟུན་ ཆུ་གཡུར་རིམ་ལུགས་ཀྱི་ཐད་ཁར་ གནས་སྟངས་དང་འཁྲིལ་ཏེ་ རྒྱལ་ཡོངས་ཀྱི་ཉམས་མྱོང་དང་དམིགས་གཏད་ཚུ་དགོ །

༣. ཨོ་ཀྲོ་ཀེབ་དང་ཆུའི་ཀེབ་ཀྱི་སྐོར་ལས་ཤེས་གོམཤ་འདྲིས་ཡོད་མི་ ཡང་ཅིན་ དེ་དང་འབྲེལ་བའི་ ཧའི་གྲོ་ལིག་གི་བཟོ་བཀོད་མཉེན་ཆས་སྐོར་ལས་ཤེས་མི།

༤. སྐད་ཡིག་དགོས་མཁོ། : རྒྱལ་ཡོངས་སྐད་ཡིག་དང་ཨིང་སྐད་གཉིས་ཆ་རའི་ནང་ འབྲི་ནི་དང་སླབ་ནི་ནང་ལེགས་ཤོམ་ཡོད་མི།

ཉམས་མྱོང་གཞན་དགོཔ།

  • ལཱ་གཡོག་ནང་སྦྱོང་བརྡར་དང་ ཆུ་གཡུར་དང་ཞིང་ཆུ་བཀྲམ་སྤེལ་ནང་ལུ་རིག་རྩལ་ཡོད་མི།
  • གནམ་གཤིས་འགྱུར་བའི་གནོད་པ་དང་དེའི་བཟློག་ཐབས་ཀྱི་ཐབས་བྱུས་ནང་ལུ་ཤེས་ཡོད་ཡོད་མི།
  • ཆུ་གཡུར་དང་ཞིང་ཆུ་བཀྲམ་སྤེལ་གྱི་ལས་འགུལ་འཛིན་སྐྱོང་དང་དེའི་སྡེ་ཚན་ཚུ་འགོ་འཁྲིད་འབད་ནི་ལུ་ཉམས་མྱོང་ཡོད་མི།
  • གློག་རིག་ཀམ་པུད་ཊར་གྱི་མཉེན་ཆས་ལག་ལེན་འཐབ་ཐོག་ལས་ བརྟག་ཞིབ་དང་བཟོ་བཀོད་ནང་ལུ་ཤེས་ཡོན་ཡོད་མི།
  • གྲོས་བསྡུར་འག་འདྲེན་འཐབ་ནི་ སྦྱོར་བརྡར་ སྤྱན་འབུལ་དང་གྲོལ་གཏོགས་ཀྱི་ཐབས་རིག་ནང་ལུ་ ཤེས་ཡོན་དང་ཉམས་མྱོང་ཡོད་མི།
  • དམིགས་གཏད་ལམ་སྟོན་ སྙན་ཞུ་ཚུ་དང་བརྟག་ཞིབ་སྙན་འབྲི་ནི་ལུ་ཉམས་མྱོང་ཡོད་མི།
  • གློག་རིག་ཀམ་པུད་ཊར་གྱི་ཤེས་ཡོན་ཡོད་མི།
  • སྙན་ཞུ་ཚུ་ཨིང་སྐད་ཐོག་ལས་འབད་དགོཔ་འཐོན་ནི་ཨིནམ་ལས་བརྟེན་ཏེ་ ཨིང་སྐད་འདི་ལེགས་ཤོམ་དགོ།
  • བལྟ་རྟོགས་འབད་མི་ཉུང་སུའི་ཐོག་ལས་ གྲུབ་འབྲས་བཏོན་ནི་ལུ་ཁྱད་ཆོས་ཡོད་མི།
  • གནས་སྟངས་ལཱ་ཁག་ཡོད་རུང་ ལཱ་འབད་ཚུགས་འབད་དགོཔ་དང་ ཀུན་ཚང་མཁས་མཆོག་དང་གཅིག་ཁར་ལས་རིམ་འགོ་འདྲེན་འཐབ་ནི་ དེ་ལས་ ལས་འགུལ་གྱི་ས་ཁོངས་ཚུ་ནང་འཕྲལ་འཕྲལ་འགྱོ་ནིའི་དང་འདོད་ཡོད་མི།
  • མཐའ་ཟུར་གྱི་ས་ཁོངས་ནང་ལུ་འགྲོ་འགྲུལ་འབད་ནི་ལུ་དང་འདོད་ཡོད་མི།

དང་འདོད་ཅན་གྱི་ཁྱད་ཚད་དང་ལྡན་མི་ཚུ་གིས་ སྤྱི་ཚེས་ ༢༣/༡༠/༢༠༢༠ ཀྱི་ནང་འཁོད་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་ མི་སྟོབས་འགོ་དཔོན་ལུ་ གཤམ་འཁོད་ཡིག་ཆས་ཚུ་དང་སྦྲགས་ཏེ་ཞུ་ཡིག་བཙུགས་གནང་། ཁ་གསལ་གྱི་དོན་ལས་ མི་སྟོབས་འགོ་དཔོན་ ཀརྨ་དབང་འདུས་དང་གཅིག་ཁར་ འགྲུལ་འཕྲིན་ཨང་ ༡༧༣༧༨༠༨༧ ཡང་ཅིན་ ཡོངས་འབྲེལ་ཁ་བྱང་ karmawangdi@gnhc.gov.bt. ཕྱི་བསལ་གྲུབ་མི་ མི་ངོམ་ཚུ་རྐྱངམ་ཅིག་ལུ་གདམ་འཐུའི་དོན་ལས་འབྲེལ་བ་འཐབ་ནི་ཨིན། རྒྱབ་རྟེན་དོན་ལས་གན་ཚད་ཟུར་སྦྲགས་སྦེ་བཙུགས་ཏེ་ཡོད།

༡. ཞི་གཡོགཔ་ལཱ་གཡོག་འཛུལ་ཞུགས་ཀྱི་ཞུ་ཡིག་འབྲི་ཤོག །
༢. རང་སོའི་ཁྱད་ཡོན་གྱི་ཐོ།
༣. ཤེས་ཚད་ལག་འཁྱེར་གྱི་ཚུའི་འདྲ།
༤. དུས་མཐུན་ཡོད་པའི་ཉོགས་མེད་ལག་འཁྱེར།
༥. དུས་མཐུན་ཡོད་པའི་ གསོ་བའི་ལག་འཁྱེར་གྱི་འདྲ།
༦. མི་ཁུངས་ངོ་སྤྲོད་ལག་འཁྱེར་གྱི་འདྲ།
༧. འབྲེལ་བ་ཡོད་པའི་སྦྱོང་བརྡར་ལག་འཁྱེར་གྱི་འདྲ།
༨. གཞན་ལག་འཁྱེར་ཚུ་འི་འདྲ=
༩. ལཱ་ནང་ཨིན་པ་ཅིན་ ཉོགས་བཤད་མེད་པའི་ཡིག་གུ།

(ཤེས་རབ་རྒྱལ་མཚན)
ལས་འགུལ་མདོ་ཆེན།

ལས་འགུལ་བལྟ་རྟོགས་སྡེ་ཚན། ། སྔོ་ལྗངས་གནམ་གཤིས་འགྱུར་བའི་མ་དངུལ།

Leave a Reply

Your email address will not be published. Required fields are marked *