ས་སྟོང་གསལ་བསྒྲགས།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་ཁ་ཐུག་ལས་ འབྲུགཔ་མི་ཁྱད་ཚད་ལྡན་མི་ཚུ་ལས་ སྔོ་ལྗངས་གནམ་གཤིས་འགྱུར་བའི་མ་དངུལ་གྱི་དོན་ལུ་ ས་སྟོང་གསལ་བསྒྲགས་འབདཝ་ཨིན་ དེ་ཡང་གཤམ་འཁོད་ལས་འགུལ་གྱི་དོན་ལས་ཨིན། འབྲུག་རྒྱལ་ཁབ་ནང་ལུ་ སོ་ནམ་ལས་སྡེ་ནང་ གནམ་གཤིས་འགྱུར་བ་ལས་ཟློག་ཐབས་དང་གནམ་གཤིས་འགྱུར་བ་བའི་དོན་ལས་རྒྱབ་སྐྱོར་དོན་ལུ།

འགན་ཚད། – ཕབ་ལེན་འབད་ས།

གོ་གནས།  ས་འཇལ་པ།
ལཱ་གི་དབྱེ་བ། ལས་འགུལ་གྱི་དུས་ཡུན་དང་འཁྲིལ་ཏེ་ཁ་འབགཔ་ཐོག་ལས་ཨིན།
ལཱ་གི་དུས་ཡུན། གདམ་འཐུ་གྲུབ་མི་ མི་ངོ་འདི་འགོ་ཐོག་ལོ་ངོ་གཅིག་གི་དོན་ལས་བསྐོ་བཞག་འབད་ནི་ཨིན་རུུང་ ལཱ་གིས་གྲུབ་འབྲས་ལུ་གཞི་བཞག་སྟེ་དུས་ཡུན་འདི་བསྐྱར་གསོ་འབད་ནི་ཨིན།
ཤེས་ཚད། གཙུག་ལག་འོག་མའི་ཤེས་ཚད་ཡོད་པའི་ཁར་ (ས་འཇལ་ནང་ལུ་ གནས་རིམ་ ༤༠༠ གི་སློབ་སྦྱོང་ཡོད་མི) ས་འཇལ་དང་འབྲེལ་བའི་ཇུང་མཐའ་ལོ་ལོ་གསུམ་གྱི་ཉམས་མྱོང་ཡོདཔ་དགོ །
ས་སྒོ། སྔོ་ལྗངས་གནམ་གཤིས་འགྱུར་བའི་མ་དངུལ་ ལས་འགུལ་བལྟ་རྟོགས་སྡེ་ཚན། རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་། ཐིམ་ཕུག །
ས་སྟོང་།       ༢
དངུལ་ཕོགས་ཀྱི་ཚད་གཞི དངུལ་ཀྲམ། ༣༥,༠༠༠/- (སྟབས་ཅིག་ལག་སྤྲོད)

  ཤེས་ཚད་དང་ཉམས་མྱོང་དགོཔ །

༡. གཙུག་ལག་འོག་མའི་ཤེས་ཚད་ཡོད་པའི་ཁར་ (ས་འཇལ་ནང་ལུ་ གནས་རིམ་ ༤༠༠ གི་སློབ་སྦྱོང་ཡོད་མི) ས་འཇལ་དང་འབྲེལ་བའི་ཉུང་མཐའ་ལོ་ངོ་གསུམ་གྱི་ཉམས་མྱོང་ཡོདཔ་དགོ །
༢. རྒེད་འོག་གནས་སྡུད་རིམ་ལུགས་ལག་ལེན་འཐབ་ཐོག་ལས་ ས་འཇལ་དང་འབྲེལ་བའི་ཁག་ཆེ་བའི་ལམ་ལུགས་ཚུ་ དེ་ལས་ས་ཁོངས་ ལིས་ཀཌ་དང་ཨོ་ཀྲོ་ཀེབ་་ཀྱི་མཉེན་ཆས་སྐོར་ལས་ལེགས་ཤོམ་སྦེ་ཤེས་མི།
༢. རྒེད་འོག་གནས་སྡུད་རིམ་ལུགས་ལག་ལེན་འཐབ་ཐོག་ལས་ ས་འཇལ་དང་འབྲེལ་བའི་ཁག་ཆེ་བའི་ལམ་ལུགས་ཚུའི་སྐོར་ལས་ཤེས་མི་ བཀོད་རྒྱ་བརྐྱབ་ནི་ འགོ་འདྲེན་འཐབ་ནི་ ལས་འགུལ་གྲ་སྒྲིག་འབད་ནི་དང་ འཁོར་ལམ་དང་སོ་ནམ་ཞིང་ལམ་ དེ་ལས་ཆུ་གཡུར་ཚུ་ལག་ལེན་འཐབ་ནིའི་ནང་ཉམས་མྱོང་དགོ།
༤. རྒྱལ་ཡོངས་སྐད་ཡིག་དང་ཨིང་སྐད་གཉིས་ཆ་རའི་ནང་ འབྲི་ནི་དང་སླབ་ནི་ནང་ལེགས་ཤོམ་ཡོད་མི།
༥. གནས་སྟངས་ལཱ་ཁག་ཡོད་རུང་ ལཱ་འབད་ཚུགས་འབད་དགོཔ་དང་ ཀུན་ཚང་མཁས་མཆོག་དང་གཅིག་ཁར་ལས་རིམ་འགོ་འདྲེན་འཐབ་ནི་ དེ་ལས་ ལས་འགུལ་གྱི་ས་ཁོངས་ཚུ་ནང་འཕྲལ་འཕྲལ་འགྱོ་ནིའི་དང་འདོད་ཡོད་མི།
༦. མཐའ་ཟུར་གྱི་ས་ཁོངས་ནང་ལུ་འགྲོ་འགྲུལ་འབད་ནི་ལུ་དང་འདོད་ཡོད་མི།

དང་འདོད་ཅན་གྱི་ཁྱད་ཚད་དང་ལྡན་མི་ཚུ་གིས་ སྤྱི་ཚེས་ ༢༣/༡༠/༢༠༢༠ ཀྱི་ནང་འཁོད་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་ མི་སྟོབས་འགོ་དཔོན་ལུ་ གཤམ་འཁོད་ཡིག་ཆས་ཚུ་དང་སྦྲགས་ཏེ་ཞུ་ཡིག་བཙུགས་གནང་། ཁ་གསལ་གྱི་དོན་ལས་ མི་སྟོབས་འགོ་དཔོན་ ཀརྨ་དབང་འདུས་དང་གཅིག་ཁར་ འགྲུལ་འཕྲིན་ཨང་ ༡༧༣༧༨༠༨༧ ཡང་ཅིན་ ཡོངས་འབྲེལ་ཁ་བྱང་ karmawangdi@gnhc.gov.bt. ཕྱི་བསལ་གྲུབ་མི་ མི་ངོམ་ཚུ་རྐྱངམ་ཅིག་ལུ་གདམ་འཐུའི་དོན་ལས་འབྲེལ་བ་འཐབ་ནི་ཨིན། རྒྱབ་རྟེན་དོན་ལས་གན་ཚད་ཟུར་སྦྲགས་སྦེ་བཙུགས་ཏེ་ཡོད།

༡. ཞི་གཡོགཔ་ལཱ་གཡོག་འཛུལ་ཞུགས་ཀྱི་ཞུ་ཡིག་འབྲི་ཤོག །
༢. རང་སོའི་ཁྱད་ཡོན་གྱི་ཐོ།
༣. ཤེས་ཚད་ལག་འཁྱེར་གྱི་ཚུའི་འདྲ།
༤. བརྒྱུད་སྐུལ་ཡི་ཆས།
༥. དུས་མཐུན་ཡོད་པའི་ཉོགས་མེད་ལག་འཁྱེར།
༥. རྒྱབ་རྟེན་ཡིག་ཆས་ འབྲེལ་བ་ཡོད་པའི་སྦྱོང་བརྡར་ལག་འཁྱེར་གྱི་འདྲ།

༦. དུས་མཐུན་ཡོད་པའི་ གསོ་བའི་ལག་འཁྱེར་གྱི་འདྲ།
༧. མི་ཁུངས་ངོ་སྤྲོད་ལག་འཁྱེར་གྱི་འདྲ།
༨. གཞན་ལག་འཁྱེར་ཚུ་འི་འདྲ།
༩. ལཱ་ནང་ཨིན་པ་ཅིན་ ཉོགས་བཤད་མེད་པའི་ཡིག་གུ།

(ཤེས་རབ་རྒྱལ་མཚན)
ལས་འགུལ་མདོ་ཆེན།

ལས་འགུལ་བལྟ་རྟོགས་སྡེ་ཚན། ། སྔོ་ལྗངས་གནམ་གཤིས་འགྱུར་བའི་མ་དངུལ།

Leave a Reply

Your email address will not be published. Required fields are marked *