གྲོགས་རམ་མཆིངས་ཡིག་གུར་མཚན་རྟགས་བཀོད་ནི།

སྤྱི་ཚེས་ ༢༡/༡༠/༢༠༢༠ ལུ་ ཐིམ་ཕུག་ལུ་སྦེ་ འབྲུག་གཞུང་དང་འབྲུག་གི་བློ་གཏད་མ་དངུལ་ རང་བཞིན་གནས་སྟངས་ཉམས་སྲུང་གཉིས་ཀྱི་བར་ན་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་གི་དྲུང་ཆེན་ འཕྲིན་ལས་རྣམ་རྒྱཱལ་དང་ འབྲུག་གི་རང་བཞིན་གནས་སྟངས་ཉམས་སྲུང་གི་བློ་གཏད་མ་དངུལ་ལས་འཛིན་ བི་ཀྲི་ཨེཕ་སི་གི་མདོ་ཆེན་ངོ་ཚབ་ ཨྱོན་ལྷུན་གྲུབ་གཉིས་ཀྱིས་ ཕྱག་སྙིགས་འཛིན་སྐྱོང་གཙོ་རིམ་ལས་རིམ་གྱི་གྲོགས་རམ་མཆིངས་ཡིག་གུར་མཚན་རྟགས་བཀོད་གནང་ཡི། ནད་ཡམས་ཀོ་ཝིཌ་ ༡༩ གི་གདོང་ལེན་འབད་ཐབས་དང་འབྲེལ་བའི་གནད་དོན་ དེ་ལས་གཞུང་གིས་གཙོ་རིམ་གྱི་ཐབས་ལམ་ཚུའི་མཐའ་དོན་ལུ་ འབྲུག་གཞུང་ལས་གཙོ་རིམ་ཅན་གྱི་ལས་འགུལ་ ༢༠༢༠ ལུ་ མ་དངུལ་དགོཔ་གི་སྐོར་ལས་ཞུ་བ་ཕུལ་མི་ལུ་ འབྲུག་གི་རང་བཞིན་གནས་སྟངས་ཉམས་སྲུང་གི་བློ་གཏད་མ་དངུལ་ལས་འཛིན་ བི་ཀྲི་ཨེཕ་སི་གིས་ཁ་ཐུག་ལས་ སྔར་མེད་ཀྱི་རྒྱབ་སྐྱོར་མཛད་ནི་ལུ་ཁས་ལེན་འབད་དེ་ དངུལ་ཀྲམ་ས་ཡ་ ༨༥ གྲོགས་མཛད་གནང་ཡི། རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་དང་ འབྲུག་གི་རང་བཞིན་གནས་སྟངས་ཉམས་སྲུང་གི་བློ་གཏད་མ་དངུལ་ལས་འཛིན་ བི་ཀྲི་ཨེཕསི་གི་བར་ན་ཞལ་འཆམ་བྱུང་མི་དང་འཁྲིལ་ཏེ་ མ་དངུལ་འདི་ཡང་རང་བཞིན་གནས་ཉམས་སྲུང་ནང་ལུ་བཏང་ནི་ཨིན་། དེ་ཡང་ འབྲུག་གི་རང་བཞིན་གནས་སྟངས་ཉམས་སྲུང་གི་བློ་གཏད་མ་དངུལ་ལས་འཛིན་ བིམསི་ཊེག་གི་ལཱ་འགན་དང་འབྲུག་གཞུང་གིས་གཙོ་རིམ་ལས་རིམ་ཚུ་དང་འཁྲིལ་ཏེ་ཨིན། མ་དངུལ་དེ་ཡང་ རྒྱལ་ཁབ་ཀྱི་ཕྱག་སྙིགས་ཀྱི་གཙོ་རིམ་ལས་རིམ་གྱི་དོན་ལས་བགོ་ཀྲམ་འབད་ཡོདཔ་ཨིན།  རང་བཞིན་ནགས་ཚལ་ ཤིང་སྣ་ སྲོག་ཆགས་ རི་དྭགས་སེམས་ཅན་ སྐྱེལ་ལྡན་གནས་སྟངས་རིམ་ལུགས་དང་སྐྱེལ་ལྡན་རིགས་སྣ་ཚུ་ཉམས་སྲུང་བརྒྱུད་དེ་ ཁ་གསལ་ཆེད་ལྷབ་ནི།