ས་སྟོང་གསལ་བསྒྲགས།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་ཁ་ཐུག་ལས་  སྤྱི་ལོ་ ༢༠༡༩ གི་ སྔོ་ལྗངས་གནམ་གཤིས་འགྱུར་བའི་མ་དངུལ་གྱི་དོན་ལུ་ གྲ་སྒྲིག་རྒྱབ་སྐྱོར་ལས་འགུལ་གྱི་ ལས་འགུལ་འགོན་གྱི་ས་སྟོང་གསལ་བསྒྲགས་འབདཝ་ཨིན། ཨང་གྲངས། གོ་གནས་དང་ས་སྟོང་། ཤེས་ཚད་དང་ཉམས་མྱོང། ༡. ལས་འགུལ་འགོ་དཔོན། ས་སྟོང་།: ༡ མི་སྡེའི་ཚན་རིག་ རང་བཞིན་འཐོན་སྐྱེད་འཛིན་སྐྱོང་ རང་བཞིན་མཐའ་འཁོར་གནས་སྟངས་འཛིན་སྐྱོང་དང་གོང་འཕེལ་ནང་ལུ་ གཙུག་ལག་གཞི་རིམ་གྱི་ཤེས་ཚད་ཡོད་མི། ལས་འགུལ་འཛིན་སྐྱོང་གི་གྲ་སྒྲིག་འབད་ནི་ སྣ་མང་ལས་སྡེ་ ཡང་ཅིན་ རྒྱལ་སྤྱིའི་གྲོགས་རམ་ལས་སྡེ་ནང་ལུ་འབྲེལ་ཡོད་ལཱ་གིས་ཉམས་མྱོང་ཡོད་མི། འགན་ཚད་ཁ་གསལ་དང་ཤེས་ཚད་གྱི་དོན་ལུ་ཡོངས་འབྲེལ་ཁ་བྱང་ www.gnhc.gov.bt, ཡང་ཅིན་ ཡིག་ཚང་གི་དུས་ཚོད་ཁར་ མི་སྟོབས་འགོ་དཔོན་དང་གཅིག་ཁར་འགྲུལ་འཕྲིན་ཨང་ ༡༧༣༧༨༠༨༧ ནང་ལུ་འབྲེལ་བ་འཐབ་གནང་། [ Download Terms of Reference (ToR) ] ཞུ་ཡིག་དང་གཅིག་ཁར་ རང་སོའི་ཁྱད་ཡོན་གྱི་ཐོ་ ཤེས་ཚད་ལག་འཁྱེར་ འབྲེལ་ཡོད་ཉམས་མྱོང་གི་ལག་འཁྱེར་ མི་ཁུངས་ངོ་སྤྲོད་ལག་འཁྱེར་གྱི་འདྲ་ ཉོགས་མེད་ལག་འཁྱེར་དང་གཡོག་ནང་ཨིན་པ་ཅིན་ལས་སྡེ་ལས་ཉོགས་མེད་ལག་འཁྱེར་ཚུ་ སྤྱི་ཚེས་ ༢/༡༡/༢༠༢༠ མི་སྟོབས་ལས་ཚན་ནང་ལུ་བཙུགས་དགོཔ་དང་། ཁ་གསལ་ཆེད་ལྷབ་ནི།

ས་སྟོང་གསལ་བསྒྲགས།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་ཁ་ཐུག་ལས་ ཞི་གཡོགཔ་ཚུ་ལུ་ ནང་འཁོད་གནས་སོར་ཐོག་ལས་ གཤམ་འཁོད་ཀྱི་ས་སྟོང་གསལ་བསྒྲགས་འབདཝ་ཨིན། འགོ་གནས། འགོ་གནས་ཀྱི་གནས་རིམ། ཤེས་ཚད། ས་སྟོང་གི་གྲངས་ཁ། ས་སྒོ།  འཆར་གཞི་འགོ་དཔོན། ཁྱད་འཛིན་ ༤ པ ཀ/ ཁྱད་འཛིན་ ༣ པ ཀ། གཙུག་ལག་གཞི་རིམ་གྱི་ཤེས་ཚད་ཡོད་མི། ༡ གོང་འཕེལ་མཉམ་འབྲེལ་སྡེ་ཚན། ཞིབ་འཚོལ་འགོ་དཔོན། ཁྱད་འཛིན་ ༤ པ ཀ/ ཁྱད་འཛིན་ ༣ པ ཀ། གཙུག་ལག་གཞི་རིམ་གྱི་ཤེས་ཚད་ཡོད་མི། ༢ ཞིབ་འཚོལ་དང་དབྱེ་ཞིབ་སྡེ་ཚན། དང་འདོད་ཅན་གྱི་ཁྱད་ཚད་དང་ལྡན་མི་གཡོག་ཐོག་ཞི་གཡོགཔ་ སྤྱི་གཡོག་སྒྲིག་བཀོད་གཅིག་པའི་ བདག་སྐྱོང་གི་ཞབས་ཏོག་གི་ ཁྱད་རིག་ལས་གཡོག་ནང་ཚུད་མི་ ཁྱད་ཚད་དང་ལྡན་པའི་ ཞི་གཡོགཔ་ཚུ་གིས་ སྤྱི་ཚེས་ ༢/༡༡/༢༠༢༠ ཀྱི་ནང་འཁོད་ལུ་ ཁ་གསལ་ཆེད་ལྷབ་ནི།