སྔོ་ལྗངས་གནམ་གཤིས་འགྱུར་བའི་མ་དངུལ་ལས་འགུལ་གྱི་དོན་ལས་ ལས་འགུལ་གྱི་བཟོ་རིག་འགོ་དཔོན་གྱི་ ཕྱི་སེལ་གྲུབ་མི་ མི་ངོ།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་ཁ་ཐུག་ལས་ གཤམ་འཁོད་མི་ངོ་འདི་ སྔོ་ལྗངས་གནམ་གཤིས་འགྱུར་བའི་མ་དངུལ་ལས་འགུལ་གྱི་དོན་ལས་ ལས་འགུལ་གྱི་བཟོ་རིག་འགོ་དཔོན་སྦེ་ ཕྱི་སེལ་གྲུབ་ཡོདཔ་འབད་གསལ་བསྒྲགས་འབདཝ་ཨིན་ དེ་ཡང་ འབྲུག་གི་ཞི་གཡོག་བཅའ་ཡིག་དང་སྒྲིག་གཞི་ ༢༠༡༨ ཅན་མའི་དོན་ཚན་ ༡༣.༧.༤ གི་ཚད་གཞི་ལུ་གཞི་བཞག་སྟེ་ སྤྱི་ཚེས་ ༩/༡༠/༢༠༢༠ ལུ་ས་སྟོང་གསལ་བསྒྲགས་འབད་ཡོད་མི་དང་འཁྲིལ་ཏེ་ཨིན། ༡. སྐལ་བཟང་བསྟན་འཛིན། (མི་ཁུངས་ངོ་སྤྲོད་ལག་འཁྱེར་ཨང་ ༡༠༦༠༡༠༠༤༠༢༣) – ཕྱི་སེལ་གྲུབ་མི.  མཐའ་དཔྱད་ཀྱི་གདམ་འཐུའི་དྲི་བ་འདྲི་ལེན་འདི་ཡང་ སྤྱི་ཚེས་ ༢/༡༡/༢༠༢༠ ལུ་ དྲོ་པ་ཆུ་ཚོད་ ༩:༣༠ ལས་ ༡:༠༠ ཚུན་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ བཀྲ་ཤིས་ཆོས་རྫོང་གི་ཕྱི་ཁའི་ཡིག་ཚང་ མདོ་ཆེན་གྱི་ཞལ་འཛོམས་ཁང་ནང་ལུ་འགོ་འདྲེན་འཐབ་ནི་ཨིན། ལས་འགུལ་མདོ་ཆེན། ལས་འགུལ་བལྟ་རྟོགས་སྡེ་ཚན། ། སྔོ་ལྗངས་གནམ་གཤིས་འགྱུར་བའི་མ་དངུལ།