ཞིབ་རོགས་བལྟ རྟོགས་དང་འགོ་འདྲེན་འགོ་དཔོན་ཚུའི་ ས་སྟོང་གསལ་བསྒྲགས།

ཞིབ་རོགས་བལྟ རྟོགས་དང་འགོ་འདྲེན་འགོ་དཔོན་ཚུའི་ ས་སྟོང་གསལ་བསྒྲགས།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་ཁ་ཐུག་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་ཏེ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཆོས་རྒྱུགས་བརྐྱབས་ཏེ་ ཉུང་མཐའ་ཚད་གཞིའི་ཁྱད་ཚད་དང་ལྡན་མི་ཚུ་གིས་ སྤྱི་ཚེས་ ༡/༠༤/༢༠༢༡ གི་ནང་འཁོད་ གཤམ་འཁོད་ཁ་འབགཔ་ཀྱི་ས་སྟོང་གསལ་བསྒྲགས་འབད་དེ་ཡོད་མིའི་དོན་ལུ་ ཞུ་ཡིག་བཙུགས་གནང་།

འགན་ཚད། – ཕབ་ལེན་འབད་ས།

གོ་གནས། ས་སྟོང་གི་གྱངས་ཁ། ས་སྒོ། གོ་གནས་གནས་རིམ་ དངུལ་ཕོགས་དང་ཁ་འབགཔ་གི་དུསཡུན།
ཞིབ་རོགས་འཆར་གཞི་བལྟ་རྟོགས་དང་དང་འགོ་འདྲེན་སྡེ་ཚན།

 

        ༡  

 

 

རྩི་རང་རྫོང་ཁག་བདག་སྐྱོང་།

 

 

 

 

-གདམ་འཐུ་གྲུབ་མི་གཙུག་ལག་ཤེས་ཚད་ཡོད་མི་ཚུ་ གོ་གནས་ གནས་རིམ་ ཁྱད་འཛིན་ ༥ པ་ ཀ་ ནང་བསྐོ་བཞག་འབད་ནི་ཨིན།

-འགོ་བཙུགས་དངུལ་ཕོགས་ཐོབ་ཚད་ཡང་ དངུལ་ཀྲམ་ ༢༠༦༤༥/- དང་དེ་གུར་ཁ་འབག་གི་འཐུས་བརྒྱ་ཆ་ ༣༠ ཐོབ་ནི་དང་ ཐོབ་ལམ་དང་འཁྲིལ་ཏེ་ ཁང་གླའི་འཐུས་ཡང་ཐོབ་ལམ་ཡོདཔ་ཨིན།

– འགོ་ཐོགས་ལུ་ ཁ་འབགཔ་གི་དུས་ཡུན་འདི་ལོ་ངོ་ ༢ ཀྱི་རིང་ཨིན་རུང་ ལཱ་ཤུལ་གྲུབ་འབྲས་ལུ་གཞི་བཞག་སྟེ་ དུས་ཡུན་འདི་ཕར་གྱངས་འབད་ནི་ཨིན།

. ཉུང་མཐའི་ཚད་གཞི། ཞུ་ཡིག་བཙུགས་ཐངས།
–རྒྱ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཆོས་རྒྱུགས་ནང་ལས་ སྐུགས་ཚད་ཉུང་མཐའ་བརྒྱ་ཆ་ ༥༥ ཐོབ་མི། ༼ཡིག་ཐོགས་ ཤེས་ཚད་གྲུབ་འབྲས་དང་ངག་ཐོགས་དྲི་བ་འདྲིས་ལན་གྱི་སྐུས་བསྡོམས༽

– མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་གིས་ སྔོན་མ་ལས་འབྲུག་ཞི་གཡོག་གི་ཆོས་རྒྱུགས་ནང་ལུ་བཅའ་མར་གཏོགས་མི་ཚུ་གིས་ཡང་ཞུ་ཡིག་བཙུགས་ཆོགཔ་ཨིན།

– ཡིག་ཆ་མ་ཚང་མི་ ཡང་ཅིན་ ཞག་དུས་ནང་འཁོད་མ་ཕུལ་མི་ཞུ་ཡིག་ཚུ་ ངོས་ལེན་མི་འབད།

-འབྲུག་ཞི་གཡོག་ཆོས་རྒྱུགས་ཀྱི་གྲུབ་འབྲས་འདི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ ཆོས་རྒྱུགས་སྡེ་ཚན་གྱིས་ངོ་སྦྱོར་འབད་དགོཔ་དང་ གལ་སྲིད་ཆོས་རྒྱུགས་སྡེ་ཚན་གྱི་བྱིན་མི་བརྡ་དོན་འདི་མ་འདྲཝ་རེ་འཐོན་པ་ཅིན་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་བྱིན་མི་གྲུབ་འབྲས་འདི་ངོས་ལེན་འབད་ནི་ཨིན།

– ཞི་གཡོགཔ་ཚུ་གིས་ཞུ་ཡིག་བཙུགས་ནིའི་འོས་འབབ་མེད།

– ཞུ་ཡིག་འདི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ མི་སྟོབས་ལས་ཚན་ནང་ལུ་ གཤམ་འཁོད་ཡིག་ཆས་རྐྱངམ་ཅིག་ སྤྱི་ཚེས་ ༡/༠༤/༢༠༢༡ ཀྱི་ནང་འཁོད་ལུ་བཙུགས་དགོཔ་ཨིན།

-ཞུ་ཡིག་འབྲི་ཤོག་ཆ་ཚང་དང་ མི་ཁུངས་ངོ་སྤྲོད་ལག་འཁྱེར་འདྲ།

– ཤོག་ལེབ་གཅིག་ནང་ལུ་ འབྲུག་ཞི་གཡོག་ཆོས་རྒྱུགས་ཀྱི་གྲུབ་འབྲས་འདི་བཙུགས་དགོཔ་དང་ དེ་ནང་མི་ཁུངས་ངོ་སྤྲོད་ལག་འཁྱེར་ ཡང་ཅིན་ཐོ་བཀོད་ཨང་འདི་འཁོད་དེ་ཡོད་མི་འདི་ ཕབ་ལེན་འབད་ཚུགས་ནི་དང་ འབྲུག་ཞི་གཡོག་ ཆོས་རྒྱུགས་སྡེ་ཚན་ནང་ལས་ཐོབ་ཚུགས།

-.ཞུ་ཡིག་གི་འབྲི་ཤོག་འདི་ ང་བཅས་ཀྱི་ཡོངས་ཁ་བྱང་ནང་ལས་ཕབ་ལེན་འབད་ཚུགས་ནི་དང་ཡང་ཅིན་གློག་འཕྲིན་ཐོགས་ལས་ཐོབ་ཚུགས།

– ཞུ་ཡིག་ཚུ་ གློག་འཕྲིན་ ཡང་ན་ པར་འཕྲིན་ཐོག་ལས་ཕུལ་མི་ ཡིག་ཆ་མ་ཚང་མི་ ཞུ་ཡིག་ཕུལ་ནིའི་ཞག་དུས་ནང་འཁོད་མ་ཕུལ་མི་ཞུ་ཡིག་ཚུ་ ངོས་ལེན་མི་འབད།

– མི་ཁུངས་ངོ་སྤྲོད་ལག་འཁྱེར་གྱི་འདྲ་འདི་ གསལ་ཏོག་ཏོ་དང་ལྷག་ཚུགསཔ་དགོ།

ཕྱི་སེལ་གདམ་འཐུའི་ཚད་གཞི། མཐའ་དཔྱད་གདམ་འཐུ་དང་བསྐོ་བཞག
– གོ་གནས་འདི་གི་དོན་ལུ་ དྲི་བ་འདྲིས་ལན་འགོ་འདྲེན་འཐབ་ནི་ལུ་མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ ཉུང་མཐའ་ ༣ གྱི་ཞུ་ཡིག་བཙུགས་དགོཔ་ཨིན། ཨིན་དེ་རང་འབད་རུང་ ག་དེམ་ཅིག་སྦེ་ཞུ་ཡིག་བཙུགས་མི་ལེ་ཤ་འཐོན་པ་ཅིན་ ཕྱི་སེལ་བརྐྱབ་ནིའི་དོན་ལས་ མི་སྟོབས་ཚོགས་ཆུང་གིས་གྲོས་ཐག་བཅད་ནི་ཨིན།

– འབྲུག་ཆོས་རྒྱུགས་འདི་སྤྱི་ལོ་ག་ཅི་ལོ་ལུ་བརྐྱབས་ཡོད་རུང་ ཕྱི་སེལ་གདམ་འཐུ་འདི་ཡང་མི་ངོམ་ཚུ་འབྲུག་ཞི་གཡོག་ཆོས་རྒྱུགས་ཀྱི་སྐུགས་ཚད་ལུ་གཞི་བཞག་ནི་ཨིན།

-ཕྱི་སེལ་འབད་བའི་སྐབས་ལུ་ གལ་སྲིད་མཐོ་རིམ་ཤེས་ཚད་མཐར་འཁྱོལ་མིའི་གྲལ་ལས་ སྐུགས་ཚད་འགྲན་འདྲ་འབད་མི་གཅིག་ལས་ལྷག་འཐོན་སོང་པ་ཅིན་ སྐུགས་ཚད་འགྲན་འདྲ་འབད་མི་ཚུ་ཆ་མཉམ་ཕྱི་སེལ་གྲུབ་མི་ནང་ཚུད་ནི་ཨིན།

– ཕྱི་སེལ་གྲུབ་མི་ཚུ་ དྲི་བ་འདྲིས་ལན་གྱི་དོན་ལུ་འབོ་ནི་དང་ གདམ་འཐུའི་ཚེས་གྲངས་ཡང་གསལ་བསྒྲགས་འབད་ནི་ཨིན།

– མཐའ་དཔྱད་གདམ་འཐུ་འདི་ཡང་ བརྒྱ་ཆ་ ༥༠ འདི་གདམ་འཐུའི་གྲུབ་འབྲས་དང་ བརྒྱ་ཆ་ ༥༠ འདི་འབྲུག་ཞི་གཡོག་གི་ཆོས་རྒྱུགས་གྲུབ་འབྲས་ལུ་གཞི་བཞག་སྟེ་འབད་ནི་ཨིན།

– གོ་གནས་ཀྱི་ས་སྟོང་ཡོད་མི་དང་འཁྲིལ་ཏེ་ གདམ་འཐུ་གྲུབ་མི་འདི་སྐུགས་ཀྱི་ཐོབ་ཚད་དང་འཁྲིལ་ཏེ་བསྐོ་བཞག་འབད་ནི་ཨིན།

-གདམ་ཁ་འདི་ ལས་འགུལ་འཛིན་སྐྱོང་འབད་ནི་དང་ གོ་གནས་ཀྱི་དོན་ལུ་དགོ་པའི་ ལཱ་གི་ཉམས་མྱོང་ཡོད་མི་དང་འབྲེལ་ཡོད་ཉམས་མྱོང་ཡོད་མི་མི་ངོམ་ལུ་བྱིན་ནི་ཨིན།

– གདམ་འཐུ་གྲུབ་མི་ གཙུག་ལག་ཤེས་ཚད་ཡོད་མི་གིས་གོ་གནས་ནང་ལུ་འཛུལ་ཞུགས་འབད་མ་བཏུབ་པར་ཕྱིར་བཏོན་འབད་བ་ཅིན་ སྐུགས་ཚད་ལུ་གཞི་བཞག་སྟེ་ ཤུལ་མ་འི་མི་ངོམ་ལུ་བྱིན་ནི་ཨིན།

ཁ་གསལ་གྱི་དོན་ལས་ ཡིག་ཚང་གི་དུས་ཚོད་ཁར་ མི་སྟོབས་འགོ་དཔོན་དང་གཅིག་ཁར་བརྒྱུད་འཕྲིན་ཨང་ ༠༢-༣༣༨༢༣༩ ནང་ལུ་འབྲེལ་བ་འཐབ་གནང་།

 

(རིན་ཆེན་དབང་འདུས)

 མདོ་ཆེན།

Leave a Reply

Your email address will not be published. Required fields are marked *