ན་པ་ ༣ པའི་ ལས་འགུལ་འགོ་དཔོན་གྱི་དོན་ལས་ ཡང་བསྐྱར་གསལ་བསྒྲགས་འབདཝ་ཨིན།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཁ་ཐུག་ལས་ གཤམ་འཁོད་གོ་གནས་ཀྱི་དོན་ལུ་ ན་པ་ ༣ པའི་ ལས་འགུལ་འགོ་དཔོན་གྱི་དོན་ལས་ ཡང་བསྐྱར་གསལ་བསྒྲགས་འབདཝ་ཨིན།

ཨང་གྲངས། ས་སྟོང་དང་གོ་གནས། ཤེས་ཚད་དང་ཉམས་མྱོང་།
༡. ལས་འགུལ་འགོ་དཔོན། གཙུག་ལག་མཐོ་རིམ་གོང་མའི་ཤེས་ཚད་ཡོད་པའི་ཁར་ ལོ་ངོ་ལྔ་གི་ལཱ་གི་ཉམས་མྱོང་དང་ ལས་འགུལ་འཛིན་དང་འབྲེལ་བའི་ ཉུང་མཐའ་ལོ་ངོ་གཉིས་ཀྱི་ལཱ་གི་ཉམས་མྱོང་ཡོད་མི།
ས་སྟོང་།
ལས་སྡེ། ན་པ་ ༣ པའི་ལས་འགུལ། ཇེཨིཕ་ ཨེལ་ཌི་སི་ཨེཕ། རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས།
ལཱ་གི་གནས་ཡུན། ལོ་ངོ་ གཉིས།
དངུལ་ཕོགས་ཀྱི་ཚད་གཞི མཐོ་རིམ་གོང་མའི་ཤེས་ཚད་ཡོད་མི་ལུ་ དངུལ་ཀྲམ། ༨༥,༠༠༠/- (སྟབས་ཅིག་ལག་སྤྲོད) དང་ མཐོ་རིམ་ཤེས་ཚད་ཡོད་མི་ལུ་ དངུལ་ཀྲམ་ ༧༥,༠༠༠/-

འགན་ཚད་དང་ཤེས་ཚད་ཁ་གསལ་ཚུའི་སྐོར་ལས་ ཡིག་ཚང་གི་དུས་ཚོད་ཁར་ མི་སྟོབས་འགོ་དཔོན་དང་ཅིག་ཁར་ འགྲུལ་འཕྲིན་ཨང་ ༡༧༣༧༨༠༨༧ ནང་ལུ་འབྲེལ་བ་མཛད་གནང།

[འགན་ཚད་ཕབ་ལེན་འབད་ས།]

ཞུ་ཡིག་ཚུ་དང་གཅིག་ཁར་ཤེས་ཡོན་དང་ཉམས་མྱོང་ཚུ་གི་ཤེས་ཡོན་ཁྱད་ཆོས་ཐོ་ འབྲེལ་ཡོད་ལཱ་གི་ཉམས་མྱོང་ལག་འཁྱེར་ཚུ་ མི་ཁུངས་ངོ་སྤྲོད་ལག་འཁྱེར་གྱི་འདྲ་ ཉོགས་མེད་ལག་འཁྱེར་དང་ ལཱ་གཡོག་ནང་ཨིན་པ་ཅིན་ འབྲེལ་ཡོད་ལས་སྡེ་ལས་ ཉོགས་མེད་ལག་འཁྱེར་ཚུ་ མི་སྟོབས་ལས་ཚན་ནང་ལུ་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༣ པའི་ཚེས་ ༡༠ གི་ནང་འཁོད་བཙུགས་དགོཔ་ཨིན། ཕྱི་སེལ་གྱི་དོན་ལུ་ མཐོ་རིམ་གོང་མའི་ཤེས་ཚད་དང་འབྲེལ་ཡོད་ལཱ་གི་ཉམས་མྱོང་ཡོད་མི་ཞུ་ཡིག་ཚུ་ལུ་དགའ་གདམ་བྱིན་ནི་ཨིན།

 

མདོ་ཆེན།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས།

Leave a Reply

Your email address will not be published. Required fields are marked *