བསམ་གྲུབ་ལྗོངས་ཁར་ ཕུན་ཚོགས་གླིང་ཁྲོམ་སྡེ་དང་རྩི་རང་རྫོང་ཁག་གི་ ཕྱི་སེལ་གྲུབ་མི་ ཞིབ་རོགས་བལྟ་རྟོགས་དང་འགོ་འདྲེན་འགོ་དཔོན་ཚུ།

བསམ་གྲུབ་ལྗོངས་ཁར་་དང་ཕུན་ཚོགས་གླིང་ཁྲོམ་སྡེའི་འཆར་གཞ་འགོ་དཔོན་ རྩི་རང་རྫོང་ཁག་གི་ ཞིབ་རོགས་བལྟ་རྟོགས་དང་འག་འདྲེན་འགོ་དཔོན་གི་གོ་གནས་དོན་ལུ་ གཤམ་འཁོད་མི་ངོ་ཚུ་ཕྱི་སེལ་གྲུབ་ཡོདཔ་ཨིན། གཤམ་འཁོད་མི་ངོ་ཚུ་ཕྱི་སེལ་གྲུབ་ཡོད་མི་ཚུའི་དོན་ལུ་ གདམ་འཐུའི་དྲི་བ་འདྲིས་ལན་འདི་ཡང་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༤ པའི་སྤྱི་ཚེས་ ༣༠ ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་གི་ཞལ་འཛོམས་ཁང་ནང་ལུ་སྦེ་ འགོ་འདྲེན་འཐབ་ནི་ཨིན། ཁྲོམ་སྡེའི་འཆར་གཞི་འགོ་དཔོན་གྱི་གོ་གནས་དོན་ལུ་ གདམ་འཐུ་འདི་ དྲོ་པ་ཆུ་ཚོད་ ༩ ལས་ཉི་མ་ཆུ་ཚོད་ ༡ ཚུན་འགོ་འདྲེན་འཐབ་ནི་དང་ ཞིབ་རོགས་བལྟ་རྟོགས་དང་འག་འདྲེན་འགོ་དཔོན་གི་གོ་གནས་དོན་ལུ་ཉི་མ་ཆུ་ཚོད་ ༢ ལས་ ༥ ཚུན་འགོ་འདྲེན་འཐབ་ནི་ཨིན། ཕྱི་སེལ་གྲུབ་ཡོད་མི་ཚུ་ གདམ་འཐུའི་དྲི་བ་འདྲིས་ལན་གྱི་དོན་ལུ་ གོང་འཁོད་ཚེས་གྲངས་དང་དུས་ཚོད་ལུ་ ཡིག་ཆས་ཚུ་ངོ་མ་འབག་སྟེ་སྙན་ཞུ་འབད་དགོཔ་ཨིན། ཕྱི་སེལ་གྲུབ་མི་ མི་ངོ་ཚུ་ གོ་གནས་འདི་ལས་ཕྱིར་བཏོན་འབད་ནིའི་དང་འདོད་ཡོད་པ་ཅིན་ གདམ་འཐུའི་དྲི་བ་འདྲིས་ལན་གྱི་ཞག་དུས་ཀྱི་སྔོན་མ་ལས་ ཕྱིར་བཏོན་གྱི་ཞུ་ཡིག་བཙུགས་དགོཔ་ཨིན།  ཁྲོམ་སྡེའི་འཆར་གཞི་འགོ་དཔོན་གྱི་དོན་ལུ་ཕྱི་སེལ་གྲུབ་མི་མི་ངོ་ཚུ : # མིང་གསལ། མི་ཁུངས་ངོ་སྤྲོད་ལག་འཁྱེར་ཨང་། དྲན་གསོ། ཁ་གསལ་ཆེད་ལྷབ་ནི།

གཞུང་ལྟེ་བ་གི་ལོ་ལྔ་འཆར་གཞི་ ༡༢ པའི་བར་མཚམས་བསྐྱར་ཞིབ།

གཞུང་ལྟེ་བའི་ལྷན་ཁག་དང་ལས་སྡེ་ཁག་གིས་ ལོ་ལྔ་འཆར་གཞི་ ༡༢ པའི་བར་མཚམས་བསྐྱར་ཞིབ་འདི་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༤ པའི་སྤྱི་ཚེས་ ༡༥ ལས་ ༢༦ ཚུན་ ས་གནས་ཐིམ་ཕུག་ བཞི་ཆེན་ཁར་ལུ་འགོ་བཙུགས་ཡི། ཞལ་འཛོམས་འདི་ཡང་ མི་རྗེ་བློན་ཆེན་མཆོག་གིས་དབུ་ཁྲིད་མཛད་ཡོདཔ་དང་ གྲལ་གཏོགས་འབད་མི་ཡང་ ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་ཚུ་ དམིགས་བསལ་གྱི་མགོནམ་ དྲགོས་ཀརྨ་ཨུ་ར་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ལྷན་འཛིན་ཚུ་ ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ཆེན་ དངུལ་རྩིས་ལྷན་ཁག་ བློང་ཆེན་ཡིག་ཚང་གི་འགོ་དཔོན་ ལས་སྡེ་རང་སོའི་འགོ་དཔོན་གོངམ་དང་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ལས་འགོ་དཔོན་ཚུ་གིས་བཅའ་མར་གཏོགས་ཡི། བར་མཚམས་བསྐྱར་ཞིབ་སྐབས་ལུ་ འདས་པའི་ལོ་ངོ་གཉིས་དང་ཕྱེད་ཀྱི་ ལོ་ལྔ་འཆར་གཞི་ ༡༢ པའི་ ལས་རིམ་དང་ལས་སྣ་ཚུའི་གྲུབ་འབྲས་དང་ ལས་རིམ་དང་ལས་སྣ་གསརཔ་དུས་མཐུན་བཟོ་སྟེ་ ལས་རིམ་དང་ལས་སྣ་ཚུ་ལག་ལེན་འཐབ་ད་ལུ་ དཀའ་ངལ་དང་གདོང་ལེན་ཚུ་འབྱུང་མི་གུར་གྲོས་བསྡུར་མཛད་གནང་ཡི། བར་མཚམས་བསྐྱར་ཞིབ་སྐབས་ལུ་ ལས་སྡེ་ཚུ་གིས་ འཆར་གཞིའི་དམིགས་གཏད་འདི་མར་ཕབ་འབད་ནི་དང་བསྐྱར་ཞིབ་འབད་ནི་མེན་པར་ གྲུབ་འབྲས་ཀྱི་བརྡ་སྟོན་གཙོ་ཅན་ཚུ་གུར་གཙོ་བོ་བཏོན་དགོཔ་སྦེ་གསུངས་གནང་ཡི། ནད་ཡམས་ཀོ་ཝིད་ ཁ་གསལ་ཆེད་ལྷབ་ནི།

ཡང་བསྐྱར་ས་སྟོང་གསལ་བསྒྲགས།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་ཁ་ཐུག་ལས་ ཞི་གཡོགཔ་ཚུ་ལུ་ ནང་འཁོད་གནས་སོར་ཐོག་ལས་ གཤམ་འཁོད་ཀྱི་ཡང་བསྐྱར་ས་སྟོང་གསལ་བསྒྲགས་འབདཝ་ཨིན། གོ་གནས། གོ་གནས་གནས་རིམ། ཤེས་ཚད། ས་སྟོང་གི་གྱངས་ཁ། ས་གནས། འཆར་གཞི་འགོ་དཔོན། P5A/P4A/P3A ཉུང་མཐའ་མཐོ་རིམ་ཤེས་ཚད་ཡོད་མི། ༢ ༡༽ བསམ་གྲུབ་ལྗོངས་ཁར་ཁྲོམ་སྡེ། ༢༽ ཕུན་ཚོགས་གླིང་ཁྲོམ་སྡེ། གཡོག་ཐོག་ཞི་གཡོགཔ་ སྤྱི་གཡོག་སྒྲིག་བཀོད་གཅིག་པའི་ བདག་སྐྱོང་གི་ཞབས་ཏོག་གི་ ཁྱད་རིག་ལས་གཡོག་ནང་ཚུད་མི་ ཁྱད་ཚད་དང་ལྡན་པའི་ ཞི་གཡོགཔ་ཚུ་གིས་ སྤྱི་ཚེས་ ༡༩/༠༤/༢༠༢༡ ཀྱི་ནང་འཁོད་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ མི་སྟོབས་ལས་ཚན་ནང་ལུ་ མ་དཔེ་ཞུ་ཡིག་དང་གཤམ་འཁོད་ཡིག་ཆ་ཚུ་དང་སྦྲགས་ཏེ་ཞུ་ཡིག་བཙུགས་གནང་། དུས་མཐུན་བཟོ་བའི་ཞི་གཡོག་བརྡ་དོན་རིམ་ལུགས་ཀྱི་ཁ་བྱང་གི་འདྲ་དང་ རང་སོའི་ཁྱད་ཡོན་གྱི་ཐོ། ༢. སྤྱི་ལོ་ ༢༠༡༧-༢༠༡༨ དང་ ༢༠༡༨-༢༠༡༩ གི་(ཞི་གཡོག་བརྡ་དོན་རིམ་ལུགས) ཀྱི་ལཱ་གི་གྲུབ་འབྲས་བརྟག་ཞིབ་ཀྱི་འདྲ། ༣. ཤེས་ཚད་ལག་འཁྱེར་/གཙུག་ལག་གཞི་རིམ་གྱི་ཤེས་ཚད་ལག་འཁྱེར་/གཙུག་ལག་གོང་མའི་ཤེས་ཚད་ལག་འཁྱེར་གྱི་འདྲ། ༤. སྦྱོང་བརྡར་གྱི་ལག་ཁྱེར་ཚུ། ༥. ཉོགས་མེད་ལག་འཁྱེར་དང་རྩིས་ཞིབ་ཀྱི་ཉོགས་མེད་ལག་འཁྱེར་ཚུ་གི་འདྲ། ཕྱི་སེལ་གདམ་འཐུའི་ཚད་གཞི: ལཱ་གཡོག་ཞབས་ཏོག: ཞི་གཡོག་ནང་ལུ་ཉུང་མཐའ་ལོ་ངོ་ ༣ འགྱོ་མི་ཚུ་གིས་ཞུ་ཡིགབཙུགས་གནང། (གོ་གནས་རྒན་རིམ) ཁ་གསལ་ཆེད་ལྷབ་ནི།