ན་པ་ ༣ པའི་ ལས་འགུལ་འགོ་དཔོན་གྱི་དོན་ལུ་ ལས་འགུལ་འགོ་དཔོན་གྱི་ ཕྱི་སེལ་གྲུབ་མི་ མི་ངོ།

ན་པ་ ༣ པའི་ ལས་འགུལ་ ལས་འགུལ་འཛིན་སྐྱོང་སྡེ་ཚན་གྱིས་ཁ་ཐུག་ལས་ ལས་འགུལ་འགོ་དཔོན་གྱི་གོ་གནས་ཀྱི་དོན་ལུ་ ཕྱི་སེལ་བསྒྲུབས་མི་མི་ངོ་ཚུ་གསལ་བསྒྲགས་འབདཝ་ཨིན། གདམ་འཐུའི་དྲི་བ་འདྲིས་ལན་འདི་ཡང་ སྤྱི་ལོ་ ༢༠༢༡སྤྱི་ཟླ་༥ པའི་ སྤྱི་ཚེས་ ༢༧ ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་ཞལ་འཛོམས་ཁང་ལུ་ དྲོ་པ་ཆུ་ཚོད་ ༩ ལས་འགོ་བཙུགས་ཏེ་འགོ་འདྲེན་འཐབ་ནི་ཨིན། རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཁ་ཐུག་ལས་ གཤམ་འཁོད་གོ་གནས་ཀྱི་དོན་ལུ་ ན་པ་ ༣ པའི་ ལས་འགུལ་འགོ་དཔོན་གྱི་དོན་ལས་ ཡང་བསྐྱར་གསལ་བསྒྲགས་འབདཝ་ཨིན། ཕྱི་སེལ་བསྒྲུབས་མི་ཚུའི་ གདམ་འཐུའི་དྲི་བ་འདྲིས་ལན་འདི་ཡང་ བརྒྱ་ཆ་ ༤༠ ཡིག་ཐོག་ཆོས་རྒྱུགས་དང་བརྒྱ་ཆ་ ༦༠ འདི་ངག་ཐོག་ཆོས་རྒྱུགས་ལུ་གཞི་བཞག་སྟེ་གཤམ་གསལ་ལྟར་འགོ་འདྲེན་འཐབ་ནི་ཨིན། དྲོ་པ་ཆུ་ཚོད་ ༩: ༣༠ ལས་ ཕྱི་རུ་ཆུ་ཚོད་ ༡༠:༣༠ ཚུན་ དྲོ་པ་ཆུ་ཚོད་ ༡༠: ༣༠ ལས་ ཕྱི་རུ་ཆུ་ཚོད་ ཁ་གསལ་ཆེད་ལྷབ་ནི།

རྩི་རང་རྫོང་ཁག་གི་ ཞིབ་རོགས་བལྟ་རྟོགས་དང་འགོ་འདྲེན་འགོ་དཔོན་གྱི་གདམ་འཐུའི་གྲུབ་འབྲས།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་ཁ་ཐུག་ལས་ རྩི་རང་རྫོང་ཁག་གི་ ཞིབ་རོགས་བལྟ་རྟོགས་དང་འགོ་འདྲེན་འགོ་དཔོན་གྱི་དོན་ལུ་ སྤྱི་ཚེས་ ༢༠/༠༤/༢༠༢༡ ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་གི་ཞལ་འཛོམས་ཁང་ནང་ལུ་ ཕྱི་རུ་ཆུ་ཚོད་ ༢ ལས་ ༥ ཚུན་ འགོ་འདྲེན་འཐབ་ཡོད་པའི་ གདམ་འཐུའི་དྲི་བ་འདྲིས་ལན་འདི་གྲུབ་འབྲས་འདི་གསལ་བསྒྲགས་འབདཝ་ཨིན། གདམ་འཐུ་གྲུབ་མི་ མི་ངོ་ཚུ་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་ མི་སྟོབས་ལས་ཚན་ནང་ལུ་ སྤྱི་ཚེས་ ༢༤/༠༥/༢༠༢༡ ལུ་ དྲོ་པ་ཆུ་ཚོད་ ༩ དང་སྐར་མ་ ༣༠ ལུ་ བསྐོ་བཞག་གི་དོན་ལུ་ གཤམ་འཁོད་ཡིག་ཆས་ཚུ་འབག་སྟེ་སྙན་ཞུ་འབད་དགོཔ་ཨིན། ༡. ལམ་ཡིག་གྱི་ཚད་གཞི་དང་ལྡན་པའི་ པར་གཉིས། ༢. འགྲེམས་རྟགས་གཉིས་དང་། ༣. མི་ཁུངས་ངོ་སྤྲོད་ལག་འཁྱྱེར་གྱི་འདྲ། གལ་སྲིད་གདམ་འཐུ་གྲུམ་མི་ མི་ངོ་འདི་ མི་སྟོབས་ལས་ཚན་ནང་ལུ་གོང་འཁོད་ཟླ་ཚེས་ལུ་སྙན་ཞུ་མ་འབད་བ་ཅིན་ གོ་གནས་འདི་ སྐུགས་ཚད་དང་འཁྲིལ་ཏེ་ ཤུལ་མའི་མི་ངོ་ལུ་གོ་སྐབས་བྱིན་ནི་ཨིན། སྐུགས་ཚད་ཀྱི་ཚད་གཞི་འདི་ཡང་ གདམ་འཐུའི་འཐུས་མི་ཚུ་གིས་ སྔོན་མ་ལས་བརྒྱ་ཆ་ ༦༠ བཟོ་ཡོདཔ་ཨིན། # མིང་གསལ། ཁ་གསལ་ཆེད་ལྷབ་ནི།

ས་གནས་གཞུང་གི་ལོ་ལྔ་འཆར་གཞི་ ༡༢ པའི་བར་མཚམས་བསྐྱར་ཞིབ་ཀྱི་གནས་ཚུལ་གསར་བཏོན།

སྤྱི་ལོ་ ༢༠༢༡-༢༠༢༢ པའི་ ས་གནས་གཞུང་གི་ གི་ ལོ་ལྔའི་འཆར་གཞི་ ༡༢ པའི་ བར་མཚམས་བསྐྱར་ཞིབ་དང་འདི་ ལོ་བསྟར་གཞུང་མཆོག་འགྱུར་གྱི་འགན་ཡིག་འདི་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༥ པའི་ སྤྱི་ཚེས་ ༡༠ ལས་འགོ་བཙུགས་ཏེ་ སྤྱི་ ༥ པའི་ སྤྱི་ཚེས་ ༢༡ ལུ་མཇུག་བསྡུ་ནི་ཨིན། འགོ་བཙུགས་ལས་རིམ་འདི་ཡང་ མི་རྗེ་བློན་ཆེན་མཆོག་གིས་དབུ་ཁྲིད་མཛད་གནང་ཡོདཔ་དང་ དེའི་ཤུལ་ལས་ བར་མཚམས་བསྐྱར་ཞིབ་དང་ ལོ་བསྟར་གཞུང་མཆོག་འགྱུར་གྱི་འགན་ཡིག་གྲོས་བསྡུར་འདི་ཡང་ ལྷན་རྒྱས་གཞུང་ཚོགས་ཀྱི་དདྲགོས་དྲུང་ཆེན་མཆོག་གིས་མཛད་གནང་ནི་ཨིན། དེ་ནང་གྲལ་གཏོགས་མཛད་མི་ཡང་ དྲགོས་རྫོང་བདག་ ཁྲོམ་དཔོན་དང་བཀོད་ཁྱབ་དྲུང་ཆེན་ རྫོང་ཁག་གི་ཁྲི་འཛིན་དང་རྒཔོ་ ས་གནས་གཞུང་གི་འགོ་དཔོན་དང་ ས་གནས་གཞུང་དང་གཞུང་ལྟེ་བའི་རང་སོའི་འགོ་འཛིན་དང་འབྲེལ་ཡོད་འགོ་དཔོན་ དེ་ལས་མི་རྗེ་བློན་ཆེན་ཡིག་ཚང་དང་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལས་ཡང་ཡོདཔ་ཨིན།  ད་རེས་ནངས་པ་གནང་བཞིན་ཡོད་པའི་བར་མཚམས་བསྐྱར་ཞིབ་འདི་གིས་ ལོ་ལྔའི་འཆར་གཞི་ ༡༢ པའི་ལས་རིམ་དང་ལས་སྣ་ཚུའི་གྲུབ་འབྲས་ཚུ་རྩིས་ཏེ་ ཁ་གསལ་ཆེད་ལྷབ་ནི།