ས་གནས་གཞུང་གི་ལོ་ལྔ་འཆར་གཞི་ ༡༢ པའི་བར་མཚམས་བསྐྱར་ཞིབ་ཀྱི་གནས་ཚུལ་གསར་བཏོན།

སྤྱི་ལོ་ ༢༠༢༡-༢༠༢༢ པའི་ ས་གནས་གཞུང་གི་ གི་ ལོ་ལྔའི་འཆར་གཞི་ ༡༢ པའི་ བར་མཚམས་བསྐྱར་ཞིབ་དང་འདི་ ལོ་བསྟར་གཞུང་མཆོག་འགྱུར་གྱི་འགན་ཡིག་འདི་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༥ པའི་ སྤྱི་ཚེས་ ༡༠ ལས་འགོ་བཙུགས་ཏེ་ སྤྱི་ ༥ པའི་ སྤྱི་ཚེས་ ༢༡ ལུ་མཇུག་བསྡུ་ནི་ཨིན། འགོ་བཙུགས་ལས་རིམ་འདི་ཡང་ མི་རྗེ་བློན་ཆེན་མཆོག་གིས་དབུ་ཁྲིད་མཛད་གནང་ཡོདཔ་དང་

དེའི་ཤུལ་ལས་ བར་མཚམས་བསྐྱར་ཞིབ་དང་ ལོ་བསྟར་གཞུང་མཆོག་འགྱུར་གྱི་འགན་ཡིག་གྲོས་བསྡུར་འདི་ཡང་ ལྷན་རྒྱས་གཞུང་ཚོགས་ཀྱི་དདྲགོས་དྲུང་ཆེན་མཆོག་གིས་མཛད་གནང་ནི་ཨིན། དེ་ནང་གྲལ་གཏོགས་མཛད་མི་ཡང་ དྲགོས་རྫོང་བདག་ ཁྲོམ་དཔོན་དང་བཀོད་ཁྱབ་དྲུང་ཆེན་ རྫོང་ཁག་གི་ཁྲི་འཛིན་དང་རྒཔོ་ ས་གནས་གཞུང་གི་འགོ་དཔོན་དང་ ས་གནས་གཞུང་དང་གཞུང་ལྟེ་བའི་རང་སོའི་འགོ་འཛིན་དང་འབྲེལ་ཡོད་འགོ་དཔོན་ དེ་ལས་མི་རྗེ་བློན་ཆེན་ཡིག་ཚང་དང་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལས་ཡང་ཡོདཔ་ཨིན།

 ད་རེས་ནངས་པ་གནང་བཞིན་ཡོད་པའི་བར་མཚམས་བསྐྱར་ཞིབ་འདི་གིས་ ལོ་ལྔའི་འཆར་གཞི་ ༡༢ པའི་ལས་རིམ་དང་ལས་སྣ་ཚུའི་གྲུབ་འབྲས་ཚུ་རྩིས་ཏེ་ འདས་པའི་ལོ་ངོ་གཉིས་དང་ཕྱེད་ཀྱི་འཆར་དངུལ་གྲུབ་འབྲས་ཚུ་ཡང་བལྟ་ནི་ཨིན། དེ་ཡང་ ས་གནས་གཞུང་གི་ གྲུབ་འབྲས་གཙོ་ཅན་ དཔྱེ་འབད་བ་ཅིན་ མི་སྡེ་དཔལ་འབྱོར་གོང་འཕེལ་དང་དམིགས་གཏད་ཚུ་སྙན་ཞུ་འབད་ནི་ཨིནམ་དང་ དེ་ཡང་གཞུང་ལྟེ་བའི་ལས་སྡེའི་འབྲེལ་བ་ཡོད་པའི་གྲུབ་འབྲས་གཙོ་ཅན་གཅིག་ ཡང་ན་མངམ་གྲུབ་ཐབས་ཀྱི་དོན་ལུ་བརྩམས་ཡོད་མི་དང་འཁྲིལ་ཏེ་ཨིན་པས།

བར་མཚམས་བསྐྱར་ཞིབ་སྐབས་ལུ་ ས་གནས་གཞུང་གིས་ལས་སྣ་ཚུ་ལག་ལེན་འཐབ་པའི་ནམ་དུས་ལུ་ དཀའ་ངལ་དང་གདོང་ལེན་ཚུ་ག་དེ་འབད་ར་འབྱུང་དོ་ཡོདཔ་ཨིན་ན་དང་ ལས་སྣ་ཚུ་ལག་ལེན་འཐབ་ད་ གཞུང་ལྟེ་བ་ལས་ཐབས་ལམ་དང་རྒྱབ་སྐྱོར་ཚུ་ག་ཅི་ར་དགོཔ་ཨིན་ཚུའི་སྐོར་ལས་གྲོས་བསྡུར་འབད་ནིའི་དུས་ཚོད་ཅིག་ཨིན། རྫོང་ཁག་གིས་ བསྐྱར་ཞིབ་འདི་གྲ་སྒྲིག་འབད་བའི་སྐབས་ལུ་ རྒེད་སོ་སོའི་གྲུབ་འབྲས་ཚུ་ཐུགས་ལུ་བསྣམས་ཏེ་མཛད་ཡོདཔ་ལས་ རྫོང་ཁག་གི་ ལཱ་གི་གྲུབ་འབྲས་ཀྱི་གནས་ཚད་ལུ་རྐྱངམ་ཅིག་གྲོས་བསྡུར་འབད་ནི་ཨིན།

ས་གནས་གཞུང་གི་ ལོ་ལྔ་འཆར་གཞི་ ༡༢ པའི་གསར་སྒྲུབ་ཀྱི་མ་དངུལ་འདི་ ཐེར་འབུམ་ ༥༠ བགོ་བཀྲམ་འབད་དེ་ཡོདཔ་དང་ རྫོང་ཁག་ ཁྲོམ་སྡེ་དང་རྒེད་འོག་གི་ མ་དངུལ་བགོ་ཀྲམ་དེ་ཡང་ འཆར་དངུལ་བགོ་ཀྲམ་གྱི་ཚད་གཞི་བརྒྱུད་དེ་འབད་ཡོདཔ་ཨིན།

ས་གནས་གཞུང་གི་ལོ་བསྟར་གཞུང་མཆོག་འགྱུར་གྱི་འགན་ཡིག་ཟིན་བྲིས་འདི་ རྫོང་བདག་ཚུ་གིས་ བར་མཚམས་བསྐྱར་ཞིབ་སྐབས་ལུ་སྤྱན་འབུལ་ཕུལཝ་ཨིན་ གཞུང་ལྟེ་བའི་བར་མཚམས་བསྐྱར་ཞིབ་ཡང་ དེ་དང་ཅོག་འཐེདཔ་སྦེ་འགོ་འདྲེན་འཐབ་ཡོདཔ་ཨིན། ས་གནས་གཞུང་གི་ འཆར་ལོ་ ༢༠༢༡-༢༠༢༢ གི་འཆར་དངུལ་གྲོས་འདེབས་འདི་ མཐའ་དཔྱད་ལོ་བསྟར་གཞུང་མཆོག་འགྱུར་གྱི་འགན་ཡིག་འདི་ བསྐྱར་ཞིབ་ཞལ་འཛོམས་ཀྱི་ལམ་སྟོན་ཚུ་དུས་མཐུན་བཟོ་བའི་ཤུལ་མ་ གྲོས་བསྡུར་འབད་ནི་ཨིན།་

བར་མཚམས་བསྐྱར་ཞིབ་ཀྱི་སྔོན་མ་ལས་ ས་གནས་གཞུང་གི་ལོ་བསྟར་གཞུང་མཆོག་འགྱུར་གྱི་འགན་ཡིག་ཟིན་བྲིས་འདི་ རྒྱལ་ཡོངས་ཁྱད་རིག་ཚོགས་ཆུང་གིས་ ས་གནས་གཞུང་གི་ལོ་བསྟར་གཞུང་མཆོག་འགྱུར་གྱི་འགན་ཡིག་དང་འབྲེལ་བ་ཡོད་པའི་ འབྲེལ་ཡོད་འགོ་དཔོན་ཚུ་ཅིག་ཁར་གྲོས་བསྟུན་ཐོག་ལས་ གཤམ་འཁོད་གོ་ཡངས་ཀྱི་ཚད་གཞི་ལུ་གཞི་བཞག་སྟེ་ དབྱེ་ཞིབ་འབདཝ་ཨིན:

༡. རྫོང་ཁག་ ཡང་ན་ཁྲོམ་སྡེ་ ལས་སྡེ་ རྒེད་འོག་ཚུའི་ ལོ་བསྟར་གཞུང་མཆོག་འགྱུར་གྱི་འགན་ཡིག་འདི་དོན་དག་དང་ལྡནམ་སྦེ་འབྲེལ་བ་ཡོདཔ་འོང་དགོ་ནི་ཨིན་པས།
༢. ལོ་བསྟར་གཞུང་མཆོག་འགྱུར་གྱི་འགན་ཡིག་འདི་ འཆར་ལོ་ ༢༠༢༡-༢༠༢༢ གི་འཆར་དངུལ་གྲོས་འདེབས་བཙུགས་མི་དང་མཐུན་འབྲེལ་ཡོདཔ་སྦེ་འོང་དགོ་ནི་ཨིན།
༣. ས་གཞུང་གི་ཆ་མཉམ་གྱི་ལོ་བསྟར་གཞུང་མཆོག་འགྱུར་གྱི་འགན་ཡིག་རྩིས་ཏེ་ ལས་སྡེ་དང་རྒེད་འོག་གི་ལོ་བསྟར་གཞུང་མཆོག་འགྱུར་གྱི་འགན་ཡིག་ལུ་མཐར་འཁྱོལ་ཅན་གྱི་བརྡ་སྟོན་ཉུང་མཐའ་ ༡༠ འོག་དགོཔ་ཨིན།
༤. ལོ་བསྟར་གཞུང་མཆོག་འགྱུར་གྱི་འགན་ཡིག་གི་ མཐར་འཁྱོལ་ཅན་གྱི་བརྡ་སྟོནའདི་ ཐབས་ལམ་གྱི་གནས་རིམ་ནང་འོག་དགོཔ་དང་ ལཱ་གི་གྲུབ་འབྲས་ཀྱི་རྐྱངམ་ཅིག་གི་དོན་ལུ་འོང་དགོཔ་མེདཔ་ཨིན།

རྒེད་འོག་ཚུའི་ཁོང་རའི་ ལོ་བསྟར་གཞུང་མཆོག་འགྱུར་གྱི་འགན་ཡིག་འདི་ཡོདཔ་བཞིན་ ལུལ་ལས་རྒེད་འོག་ཚོགས་སྡེའི་གྲོས་ཆོད་དང་འཁྲིལ་ཏེ་བསྐྱར་ཞིབ་འབད་ནི་ཨིན།

ཁྱབ་གནས་ཆེ་བའི་ནད་ཡམས་ཀོ་ཝིད་ ༡༩ གི་གནས་སྟངས་དང་ ནད་ཡམས་གྱི་སྒྲིག་གཞི་ལམ་ལུགས་དང་འཁྲིལ་ཏེ་ སྤྱི་ལོ་ ༢༠༢༠-༢༠༢༡ ལོའི་ ས་གནས་གཞུང་གི་ བར་མཚམས་བསྐྱར་ཞིབ་དང་ལོ་བསྟར་གཞུང་མཆོག་འགྱུར་གྱི་འགན་ཡིག་བསྐྱར་ཞིབ་འདི་  ཡོངས་འབྲེལ་ཐོག་ལས་འགོ་འདྲེན་འཐབ་ཡོདཔ་ཨིན།

Leave a Reply

Your email address will not be published. Required fields are marked *