རྒྱ་འབྲུག་མཉམ་འབྲེལ་གོང་འཕེལ་ཞལ་འཛོམས་ཐེངས་ གསུམ་པ།

སྤྱི་ཚེས་ ༢༨/༠༦/༢༠༢༡ རེས་གཟའ་ མིག་དམར་ལུ་ ལོ་ལྔའི་འཆར་གཞི་ ༡༢ པའི་གུར་ རྒྱ་འབྲུག་མཉམ་འབྲེལ་གོང་འཕེལ་ཞལ་འཛོམས་ཐེངས་ གསུམ་པ་འདི་ ཡོངས་འབྲེལ་ཐོག་ཚོགས་ཡོདཔ་ཨིན། འབྲུག་གི་ཁ་ཐུག་ལས་ ཕྱི་འབྲེལ་ལྷན་ཁག་གི་དྲུང་ཆེན་ ཀུན་དགའ་སེངྒེ་གིས་འགོ་འཁྲིད་འབད་དེ་ཡོད་མི་ འཐུས་ཚབ་སྡེ་ཚན་ཚུ་ཡང་ དངུལ་རྩིས་ལྷན་ཁག་ ཞབས་ཏོག་ལྷན་ཁག་ ཤེས་རིག་ལྷན་ཁག་ ལཱ་གཡོག་ལྷན་ཁག་ གསོ་བའི་ལཧན་ཁག་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་ ནང་སྲིད་ལྷན་ཁག་ ཕྱི་འབྲེལ་ལྷན་ཁག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་ དེ་ལས་ ལྡིལ་ལི་ལུ་ཡོད་པའི་ རྒྱ་འབྲུག་སྐུ་ཚབ་ཡིག་ཚང་ལས་ ཆེ་མཐོའི་འགོ་དཔོན་ཚུ་ཡོདཔ་ཨིན། རྒྱ་གར་གྱི་འཐུས་ཚབ་སྡེ་ཚན་འདི་ ཕྱི་འབྲེལ་མཐུན་འབྲེལ་ལྷན་ཁག་ དཔལ་འབྱོར་མཐུན་འབྲེལ་གྱི་ དྲུང་ཆེན་ ཨམ་ ཤྲི་ རཱ་ཧུལ་ ཆ་བྲཱ་གིས་འགོ་འཁྲིད་འབད་དེ་ འབྲུག་ལུ་རྒྱ་གར་གྱི་གནས་སྡོད་སྐུ་ཚབ་ཡིག་ཚང་གི་ སྐུ་ཚབ་ བྱང་ཕྱོགས་ཀྱི་ མཉམ་འབྲེལ་དྲུང་ཆེན་དང་ ཕྱི་འབྲེལ་མཐུན་འབྲེལ་ལྷན་ཁག་གི་ གཞན་འགོ་དོན་ཚུ་ཡོདཔ་ཨིན། ཁ་གསལ་ཆེད་ལྷབ་ནི།

འབྲུག་གཞུང་དང་ ཇཱ་པཱན་གཞུང་གི་ འབྲུག་ལུ་ཡོད་པའི་ རྒྱལ་སྤྱིའི་ཇཱ་པཱན་མཉམ་འབྲེལ་ལས་སྡེའི་ཡིག་ཚང་གཉིས་ཀྱིས་བར་ན་ མི་སྟོབས་གོང་འཕེལ་གྱི་སློབ་གཉེར་གྲོགས་རམ་གྱི་ གནས་ཚུལ་གསར་བཏོན།

འབྲུག་གཞུང་དང་ ཇཱ་པཱན་གཞུང་གི་ འབྲུག་ལུ་ཡོད་པའི་ རྒྱལ་སྤྱིའི་ཇཱ་པཱན་མཉམ་འབྲེལ་ལས་སྡེའི་ཡིག་ཚང་གཉིས་ཀྱིས་བར་ན་ མི་སྟོབས་གོང་འཕེལ་གྱི་སློབ་གཉེར་གྲོགས་རམ་ ཟེར་བའི་ལས་འགུལ་གྱི་ འགན་ཡིག་གུར་མཚན་རྟགས་བཀོད་གནང་ཡི། ཇཱ་པཱན་གཞུང་གི་འབྲུག་ལུ་གནས་སྡོད་སྐུ་ཚབ་ སུ་ཟུ་ཀི་ སཱ་ཏོ་ཤི་དང་ འབྲུག་གཞུང་གི་སྐུ་ཚབ་བི་ཚོབ་རྣམ་རྒྱལ་གཉིས་ཀྱི་བར་ན་ མི་སྟོབས་གོང་འཕེལ་གྱི་སློབ་གཉེར་གྲོགས་རམ་ཟེར་བའི་ལས་འགུལ་གུར་ བརྗེ་སོར་གྱི་ཡིག་ཆས་གུར་མཚན་རྟགས་བཀོད་གནང་བའི་ཤུལ་ལས་  འབྲུག་ལུ་ཇཱ་པཱན་གྱི་གཞུང་ཚབ་ཡིག་ཚང་གི་གཙོ་འཛིན་ངོ་ཚབ་ སྐུ་ཟོ་ ཝ་ཏ་ནཱ་བཱི་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་དྲུང་ཆེན་ འཕྲིན་ལས་རྣམ་རྒྱལ་གཉིས་ཀྱི་བར་ན་ ད་རེས་ སྤྱི་ཚེས་ ༧/༠༦/༢༠༢༡ ལུ་  ཇཱ་པཱན་གྱི་ཡཱེན་བསྡོམས་ (༡༧༤,༠༠༠,༠༠༠.༠༠) དངུལ་ཀྲམ་ ༡༡༠,༠༠༠,༠༠༠ (དངུལ་ཀྲམ་ས་ཡ་གཅིག་བརྒྱ་བཅུ་ཐམས)  རྩིས་གནས་མི་ མི་སྟོབས་གོང་འཕེལ་གྱི་སློབ་གཉེར་གྲོགས་རམ་ཟེར་བའི་ལས་འགུལ་གྱི་ གྲོགས་རམ་གན་ཡིག་གུར་མཚན་རྟགས་བཀོད་གནང་ཡི། ཇཱ་པཱན་གོང་འཕེལ་གྱི་སློབ་གཉེར་གྲོགས་རམ་འདི་ འབྲུག་རྒྱལ་ཁབ་ཀྱི་ལཱ་གཞི་མ་འདྲཝ་ཚུ་ནང་མི་སྟོབས་གོང་འཕེལ་བཏང་ཐབས་ཀྱི་དོན་ལས་ཨིན། སློབ་གཉེར་གྲོགས་རམ་འདི་གིས་ ཇཱ་པཱན་གྱི་གཙུག་ལག་སློབ་སྡེ་ཚུ་ནང་ལུ་ ཞི་གཡོགཔ་ཚུ་གིས་ གཙུག་ལག་མཐོ་རིམ་ཤེས་ཡོན་གྱི་ཤེས་ཚད་དང་ཆེས་མཐོའི་ཤེས་ཡོན་གྱི་ལས་རིམ་ཚུ་ནང་ སློབ་སྦྱང་ནིའི་གོ་སྐབས་ཐོབ་ཚུགས་ནི་ཨིན། ལས་འགུལ་འདི་ཡང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་འགོ་འདྲེན་འཐབ་ནི་ཨིན།

རྒྱལ་སྤྱིའི་མཐའ་འཁོར་གནས་སྟངས་མཐུན་རྐྱེན་ ན་པ་ ༣ པའི་ ལས་འགུལ་དོན་ལུ་ ལས་འགུར་འགོ་དཔོན་གྱི་ གདམ་འཐུའི་གྲུབ་འབྲས།

རྒྱལ་སྤྱིའི་མཐའ་འཁོར་གནས་སྟངས་མཐུན་རྐྱེན་ ན་པ་ ༣ པའི་ ལས་འགུལ་ཡིག་ཚང་ཁ་ཐུག་ལས་ སྤྱི་ཚེས་ ༢༧/༠༥/༢༠༢༡ ལུ་ འགོ་འདྲེན་འཐབ་ཡོད་པའི་ ལས་འགུལ་འགོ་དཔོན་གྱི་ གདམ་འཐུའི་དྲི་བ་འདྲིས་ལན་གྱི་གྲུབ་འབྲས་འདི་ གསལ་བསྒྲགས་འབདཝ་ཨིན། འབྲུག་གི་ཞི་གཡོག་བཅའ་ཡིག་དང་སྒྲིག་ཁྲིམས་ ༢༠༡༨ ཀྱི་དོན་ཚན་ ༤.༡༠.༤ ཅན་མའི་དགོངས་དོན་ལྟར་དུ་ མི་ངོ་ཚུ་གིས་ གྲུབ་འབྲས་གསལ་བསྒྲགས་འབད་དེ་ཞག་གྲངས་ ༡༠ ཀྱི་ནང་འཁོད་ དབང་འཛིན་ལུ་མཐོ་གཏུག་འབད་ཆོགཔ་ཨིན། གལ་སྲིད་མཐོ་གཏུགས་འབད་མ་འཐོན་པ་ཅིན་ གདམ་འཐུ་གྲུབ་མི་ མི་ངོའི་བསྐོ་ཞག་འདི་ སྤྱི་ཚེས་ ༡/༠༧/༢༠༢༡ ལས་འགོ་བཙུགས་ནི་ཨིན། གདམ་འཐུ་གྲུབ་མི་ མི་ངོ་འདི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་ནང་ལུ་ གཤམ་འཁོད་ཡིག་ཆས་ཚུ་འབག་སྟེ་བསྐོ་བཞག་གི་དོན་ལུ་ སྤྱི་ཚེས་ ༡/༠༧/༢༠༢༡ དྲོ་པ་ཆུ་ཚོད་ ༩ དང་སྐར་མ་  ༣༠ ལུ་སྙན་ཞུ་འབད་དགོཔ་ཨིན། གལ་སྲིད་གདམ་འཐུ་གྲུབ་མི་ མི་ངོ་གིས་ གོང་འཁོད་ཚེས་གྲངས་ལུ་སྙན་ཞུ་འབད་མ་ཚུགས་པ་ཅིན་ གདམ་འཐུ་གྲུབ་མི་ མི་ངོ་འདི་ ཆ་མེད་བཏང་འདི་ གོ་གནས་འདི་ཤུལ་མམ་གི་མི་ངོ་ལུ་བྱིན་ནི་དང་ ཁ་གསལ་ཆེད་ལྷབ་ནི།

འཆར་གཞི་བགོ་དཔོན་གྱི་ དྲི་བ་འདྲིས་ལན་གྱི་གདམ་འཐུའི་གྲུབ་འབྲས།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཁ་ཐུག་ལས་ སྤྱི་ཚེས་ ༣༠/༠༤/༢༠༢༡ ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་གི་ ཞལ་འཛོམས་ཁང་ཆུང་བའི་ནང་ལུ་ འགོ་འདྲེན་འཐབ་ཡོད་པའི་ བསམ་གྲུབ་ལྗོངས་ཁར་དང་ཕུན་ཚོགས་གླིང་ཁྲོམ་སྡེའི་ འཆར་གཞི་འགོ་དཔོན་གྱི་ གདམ་འཐུའི་གྲུབ་འབྲས་གསལ་བསྒྲགས་འབདཝ་ཨིན། ཨང་གྲངས།། མིང་གསལ། ཞི་གཡོག་ངོ་རྟགས་ཨང་། སྐུགས་ཚད་ཀྱི་བརྒྱ་ཆ། དྲན་གསོ། ༡ དཔལ་ན་དབང་ཕྱུག། ༢༠༡༡༠༤༠༢༠ ༧༠.༦༢ གདམ་འཐུ་གྲུབ་ཡོདཔ། ༢ སྐལ་བཟང་ལྷ་སྒྲོན། ༢༠༠༨༠༥༠༦༣ ༦༨.༦༨ གདམ་འཐུ་གྲུབ་ཡོདཔ། ༣ ཐེར་འབུམ་ཕུན་ཚོགས། ༢༠༡༣༠༣༠༢༡༡༠ ༦༢.༣༥ ༤ སྐལ་བཟང་ཆོས་སྒྲོན། ༢༠༡༨༡༡༡༤༤༢ ༦༠.༤༣  གདམ་འཐུའི་འཐུས་མི་ཚུ་གིས་བཟོ་ཡོད་པའི་ སྐུགས་ཀྱི་ཚད་ཚད་གཞི་ཉུང་མཐའ་འདི་བརྒྱ་ཆ་ ༦༥% ཨིན། (མདོ་ཆེན། རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་་ཡིག་ཚང་།)