རྒྱལ་སྤྱིའི་མཐའ་འཁོར་གནས་སྟངས་མཐུན་རྐྱེན་ ན་པ་ ༣ པའི་ ལས་འགུལ་དོན་ལུ་ ལས་འགུར་འགོ་དཔོན་གྱི་ གདམ་འཐུའི་གྲུབ་འབྲས།

རྒྱལ་སྤྱིའི་མཐའ་འཁོར་གནས་སྟངས་མཐུན་རྐྱེན་ ན་པ་ ༣ པའི་ ལས་འགུལ་ཡིག་ཚང་ཁ་ཐུག་ལས་ སྤྱི་ཚེས་ ༢༧/༠༥/༢༠༢༡ ལུ་ འགོ་འདྲེན་འཐབ་ཡོད་པའི་ ལས་འགུལ་འགོ་དཔོན་གྱི་ གདམ་འཐུའི་དྲི་བ་འདྲིས་ལན་གྱི་གྲུབ་འབྲས་འདི་ གསལ་བསྒྲགས་འབདཝ་ཨིན། འབྲུག་གི་ཞི་གཡོག་བཅའ་ཡིག་དང་སྒྲིག་ཁྲིམས་ ༢༠༡༨ ཀྱི་དོན་ཚན་ ༤.༡༠.༤ ཅན་མའི་དགོངས་དོན་ལྟར་དུ་ མི་ངོ་ཚུ་གིས་ གྲུབ་འབྲས་གསལ་བསྒྲགས་འབད་དེ་ཞག་གྲངས་ ༡༠ ཀྱི་ནང་འཁོད་ དབང་འཛིན་ལུ་མཐོ་གཏུག་འབད་ཆོགཔ་ཨིན། གལ་སྲིད་མཐོ་གཏུགས་འབད་མ་འཐོན་པ་ཅིན་ གདམ་འཐུ་གྲུབ་མི་ མི་ངོའི་བསྐོ་ཞག་འདི་ སྤྱི་ཚེས་ ༡/༠༧/༢༠༢༡ ལས་འགོ་བཙུགས་ནི་ཨིན།

གདམ་འཐུ་གྲུབ་མི་ མི་ངོ་འདི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་ནང་ལུ་ གཤམ་འཁོད་ཡིག་ཆས་ཚུ་འབག་སྟེ་བསྐོ་བཞག་གི་དོན་ལུ་ སྤྱི་ཚེས་ ༡/༠༧/༢༠༢༡ དྲོ་པ་ཆུ་ཚོད་ ༩ དང་སྐར་མ་  ༣༠ ལུ་སྙན་ཞུ་འབད་དགོཔ་ཨིན། གལ་སྲིད་གདམ་འཐུ་གྲུབ་མི་ མི་ངོ་གིས་ གོང་འཁོད་ཚེས་གྲངས་ལུ་སྙན་ཞུ་འབད་མ་ཚུགས་པ་ཅིན་ གདམ་འཐུ་གྲུབ་མི་ མི་ངོ་འདི་ ཆ་མེད་བཏང་འདི་ གོ་གནས་འདི་ཤུལ་མམ་གི་མི་ངོ་ལུ་བྱིན་ནི་དང་ ཡང་ཅིན་ ལས་འགུལ་བཀོད་ཚོགས་ཀྱིས་གྲོས་ཆོད་ལུ་གཞི་བཞག་སྟེ་ གདམ་འཐུ་འདི་ལོག་སྟེ་ར་འགོ་འདྲེན་འཐབ་ནི་ཨིན།

༡. འགྲེམས་རྟགས་གཉིས་དང་།
༢. ལམ་ཡིག་གྱི་ཚད་གཞི་དང་ལྡན་པའི་ པར་གཉིས།
༣. མི་ཁུངས་ངོ་སྤྲོད་ལག་འཁྱྱེར་གྱི་འདྲ།

ཨང་གྲངས། མིང་གསལ། མི་ཁུངས་ངོ་སྤྲོད་ལག་འཁྱེར་ཨང་། སྐུགས་ཚད་ཐོབ་མི། (བརྒྱ་ཆ) དྲན་གསོ།
འཕྲིན་ལས། ༡༠༧༠༧༠༠༡༨༡༡ ༧༥.༢༠ གདམ་འཐུ་གྲུབ་མི།
ཀུན་བཟང་སྟོབས་རྒྱས། ༡༡༥༡༤༠༠༤༣༥༨ ༧༡.༩༠ སོར་འཐེབ་དང་པ།
རིན་ཆེན་རྡོ་རྗེ། ༡༡༠༠༥༠༠༢༩༡༩ ༦༧.༢༠ སོར་འཐེབ་གཉིས་པ།
ཚུལ་ཁྲིམས་ལ། ༡༠༦༠༦༠༠༠༥༥༢ ༦༡.༥༤  
སི་ཏ་ངྷེ་བི་གའུ་ཏམ། ༡༡༣༠༥༠༠༠༥༡༩༧ ༥༩.༦༤  
ལྷག་པ། ༡༠༣༡༠༠༠༡༠༧༦ ༥༡.༠༩  
མཁའ་འགྲོ་རྡོ་རྗེ ༡༠༨༠༡༠༠༢༤༤༤ ༤༨.༠༢  
ཨྱོན་རྒྱལ་རྣམ་རྒྱལ། ༡༡༩༠༤༠༠༠༥༥༠ ༤༧.༠༩  

 སྐུགས་ཀྱི་བརྒྱ་ཆ་ཉུང་མཐའི་ཚད་གཞི་འདི་ གདམ་འཐུའི་འཐུས་མི་གྲོས་ཚོགས་ཀྱིས་ གདམ་འཐུའི་སྔ་གོང་ལས་ བརྒྱ་ཆ་ ༦༥ སྦེ་གྲོས་ཐག་བཅད་ཡོདཔ་ཨིན།

 པདྨ་བཛྲར།

ལས་འགུལ་འཛིན་སྐྱོང་པ།

Leave a Reply

Your email address will not be published. Required fields are marked *