ཁས་བླངས་ཀྱི་ རྒྱལ་ཡོངས་སྙན་ཞུ་ཐེངས་ ༢ པ་ སྤྱི་ལོ་ ༢༠༢༡ ཅནམ།

Link in Facebook: Audio visual clip on Bhutan’s implementation of SDGs through a GNH approach. ད་རེས་འབྲུག་རྒྱལ་ཁབ་ཀྱིས་ གློག་རིག་ཡོངས་འབྲེལ་ཐོག་ལས་ ཁས་བླངས་ཀྱི་ རྒྱལ་ཡོངས་བསྐྱར་ཞིབ་སྙན་ཞུ་འདི་ འཛམ་གླིང་སྤྱི་ཚོགས་ཀྱི་དམངས་གཙོ་གི་ཆེ་མཐོའི་གྲོས་གནས་ནང་ལུ་ སྤྱན་འབུལ་ཕུལ་ཡི། ཁས་བླངས་ཀྱི་ རྒྱལ་ཡོངས་སྙན་ཞུ་འདི ཁས་བླངས་ཀྱི་ རྒྱལ་ཡོངས་སྙན་ཞུ་འདི་ཡང་ འཛམ་བུ་གླིང་ནང་ལུ་མི་སྡེ་བརྒྱུད་དེ་ འབྲེལ་བ་ཡོད་པའི་ལས་སྡེ་ཆ་མཉམ་གྱིས་གྲལ་གཏོགས་ཀྱི་ཐབས་ལམ་ཐོག་ལས་གྲ་སྒྲིག་འབདཡོདཔ་ཨིན། འབྲུག་གཞུངགི་ཁ་ཐུག་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་དྲུང་ཆེན་གྱིས་ རྒྱལ་ཡོངས་བསྐྱར་ཞིབ་སྙན་ཞུ་འདི་སྤྱན་འབུལ་ཕུལ་ཡོདཔ་ཨིན། དྲུང་ཆེན་གྱིས་ ཡུན་བརྟན་གོང་འཕེལ་གྱི་དམིགས་ཚུ་ལག་ལེན་ག་དེ་སྦེ་འཐབ་ཚུགས་ཅི་ག་ དེ་ལས་ནད་ཡམས་ཀོ་ཝིད་ ༡༩ འདི་གིས་གྲུབ་འབྲས་ལུ་གནོད་པ་ག་དེ་འབད་འབྱུང་ཡོདཔ་ཨིན་ན་དང་ འབྲུག་རྒྱལ་ཁབ་ཀྱིས་ དེ་གིས་གདོང་ལེན་ཚུ་སེལ་ནིའི་ཐབས་བཏོན་གཙོ་བོ་དག་པ་ཅིག་བཏོན་ཡོད་མི་ཚུའི་སྐོར་ལས་ མདོར་བསྡུས་སྦེ་ཞུ་བ་ཕུལ་ཡི། དྲི་བ་འདྲི་ལན་གྱི་སྐབས་ལུ་ ཨཱས་ཊི་ཡ་ ཁ་གསལ་ཆེད་ལྷབ་ནི།

མི་རྣམས་ཀུན་ བདེ་སྐྱིད་ཡར་དྲགས་བཏང་ཐབས་ལུ་ བདེ་བ་ཟེར་བའི་ཡོངས་འབྲེལ་འདི་ འགོ་འབྱེད་མཛད་གནང་ཡི།

མི་རྣམས་ཀུན་ལུ་ བདེ་སྐྱིད་ཡར་དྲགས་བཏང་ཐབས་ཀྱི་རིམ་ལུགས་འདི་ མདོར་བསྡུ་བ་ཅིན་ རིམ་ལུགས་འདི་གིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ ཡུན་བརྟན་གོང་འཕེལ་གྱི་དམིགས་ཡུལ་དང་ ལོ་ལྔའི་འཆར་གཞིའི་ གྲུབ་འབྲས་ཚུ་བལྟ་རྟོགས་དང་གནས་སྟངས་ཚུ་བལྟ་ཚུགས་ནི་ཨིན། རིམ་ལུགས་འདི་ཡང་ ད་རིས་མི་རྗེ་བློན་ཆེན་ དྲགོས་ཌག་ཀྲ་བློ་གྲོས་ཚེ་རིང་མཆོག་གིས་ འགོ་འབྱེད་མཛད་གནང་ཡི། བདེ་བ་ཟེར་བའི་ཡོངས་འབྲེལ་འདི་ཡང་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་གྱིས་རྒྱབ་སྐྱོར་ཐོག་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་དང་ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གཉིས་ མཉམ་རུབ་འབད་དེ་བཟོ་བཟོཝ་ཨིན། ཡོངས་འབྲེལ་བཟོ་དགོ་མི་འདི་ཡང་ གནས་བསྡུས་ཐོབ་ཐབས་ཡར་དྲགས་བཏང་ཐབས་ཀྱི་རྒྱབ་བསྣོན་དང་འཁྲིལ་ཏེ་ཨིནམ་མ་ཚད་ ཡུན་བརྟན་གོང་འཕེལ་གྱི་གྲོས་གཞི་ལག་ལེན་ སྤྱི་ལོ་ ༢༠༣༠ ཅན་མ་གུར་ འབྲུག་རྒྱལ་ཁབ་ཀྱི་འགོ་ཐོག་དང་པ་སྙན་ཞུ་འབད་ནི་ཨིནམ་མི་ རྒྱལ་ཡོངས་ཁས་བླངས་བསྐྱར་ཞིབ་སྙན་ཞུ་གི་དོན་ལུ་ གནས་བསྡུས་ཐོབ་ཚུགས་ནི་ཨིན་མས། ལས་རིམ་འདི་ཡང་ཡོངས་འབྲེལ་འཆར་སྒོ་ www.dewa.gov.bt ནང་ལས་གཟིགས་ཚུགསཔ་ཨིན།