ཁས་བླངས་ཀྱི་ རྒྱལ་ཡོངས་སྙན་ཞུ་ཐེངས་ ༢ པ་ སྤྱི་ལོ་ ༢༠༢༡ ཅནམ།

Link in Facebook: Audio visual clip on Bhutan’s implementation of SDGs through a GNH approach.

ད་རེས་འབྲུག་རྒྱལ་ཁབ་ཀྱིས་ གློག་རིག་ཡོངས་འབྲེལ་ཐོག་ལས་ ཁས་བླངས་ཀྱི་ རྒྱལ་ཡོངས་བསྐྱར་ཞིབ་སྙན་ཞུ་འདི་ འཛམ་གླིང་སྤྱི་ཚོགས་ཀྱི་དམངས་གཙོ་གི་ཆེ་མཐོའི་གྲོས་གནས་ནང་ལུ་ སྤྱན་འབུལ་ཕུལ་ཡི། ཁས་བླངས་ཀྱི་ རྒྱལ་ཡོངས་སྙན་ཞུ་འདི ཁས་བླངས་ཀྱི་ རྒྱལ་ཡོངས་སྙན་ཞུ་འདི་ཡང་ འཛམ་བུ་གླིང་ནང་ལུ་མི་སྡེ་བརྒྱུད་དེ་ འབྲེལ་བ་ཡོད་པའི་ལས་སྡེ་ཆ་མཉམ་གྱིས་གྲལ་གཏོགས་ཀྱི་ཐབས་ལམ་ཐོག་ལས་གྲ་སྒྲིག་འབདཡོདཔ་ཨིན། འབྲུག་གཞུངགི་ཁ་ཐུག་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་དྲུང་ཆེན་གྱིས་ རྒྱལ་ཡོངས་བསྐྱར་ཞིབ་སྙན་ཞུ་འདི་སྤྱན་འབུལ་ཕུལ་ཡོདཔ་ཨིན། དྲུང་ཆེན་གྱིས་ ཡུན་བརྟན་གོང་འཕེལ་གྱི་དམིགས་ཚུ་ལག་ལེན་ག་དེ་སྦེ་འཐབ་ཚུགས་ཅི་ག་ དེ་ལས་ནད་ཡམས་ཀོ་ཝིད་ ༡༩ འདི་གིས་གྲུབ་འབྲས་ལུ་གནོད་པ་ག་དེ་འབད་འབྱུང་ཡོདཔ་ཨིན་ན་དང་ འབྲུག་རྒྱལ་ཁབ་ཀྱིས་ དེ་གིས་གདོང་ལེན་ཚུ་སེལ་ནིའི་ཐབས་བཏོན་གཙོ་བོ་དག་པ་ཅིག་བཏོན་ཡོད་མི་ཚུའི་སྐོར་ལས་ མདོར་བསྡུས་སྦེ་ཞུ་བ་ཕུལ་ཡི།
དྲི་བ་འདྲི་ལན་གྱི་སྐབས་ལུ་ ཨཱས་ཊི་ཡ་ བང་ལ་དེཤ་དང་ཡུ་ཀེ་ལས་འཐུས་ཚབ་ཚུ་གིས་ སླར་འབྱུང་ནུས་ཤུགས་དང་འབྲེལ་བ་ཡོད་མི་ གོང་འཕེལ་ཉུང་སུ་འགྱོ་མིའི་དབྱེ་ཁག་ལས་འཐོན་འགྱོ་མི་དང་རང་བཞིན་གནས་སྟངས་ཚུའི་སྐོར་ལས་ དྲི་བ་རེ་རེ་བཀོད་གནང་ནུག།
འབྲུག་རྒྱལ་ཁབ་ཀྱི་འཐུས་ཚབ་ཚུ་ཡང་ ཕྱི་འབྲེལ་བློན་པོ་མཆོག་གིས་མཛད་དེ་ཡོདཔ་པའི་ཁར་ལུ་ འགོ་འབྱེད་ཀྱི་བསམ་འཆར་ཡང་བཀོད་གནང་ཡི། སྤྱི་ཚོགས་ནང་ལས་འཐུས་མི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ ཕྱི་འབྲེལ་ལྷན་ཁག་ སོ་ནམ་དང་ནགས་ཚལ་ལྷན་ཁག་ གསོ་བའི་ལྷན་ཁག་ རང་བཞིན་མཐའ་འཁོར་གནས་སྟངས་ལྷན་ཚོགས་དང་རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་ལས་འགོ་དཔོན་ཚུ་གིས་ ཡོངས་འབྲེལ་གྱི་ཞལ་འཛོམས་ནང་བཅའ་མར་གཏོགས་ཡི།

Leave a Reply

Your email address will not be published. Required fields are marked *