གྲོགས་རམ་མཉམ་འབྲེལ་ཞལ་འཛོམས་ ཐེངས་ ༡༥ པ།

གྲོགས་རམ་མཉམ་འབྲེལ་ཞལ་འཛོམས་ཐེངས་ ༡༥ པ་འདི་ ད་རེས་མཐར་འཁྱོལ་ཅན་ཅིག་སྦེ་ཚོགས་གནང་ཡི། ཞལ་འཛོམས་འདི་ ཕྱི་འབྲེལ་བློན་པོ་ ཌག་ཊར་རྟ་གྲི་རྡོ་རྗེ་མཆོག་གིས་དབུ་ཁྲིད་མཛད་གནང་ཡི། གྲོགས་རམ་མཉམ་འབྲེལ་ཞལ་འཛོམས་ཐེངས་ ༡༥ པ་འདི་ འབྲུག་རྒྱལ་ཁབ་ཀྱིས་གོང་འཕེལ་འགྱོ་བའི་སྐབས་ཀྱི་ གལ་ཅན་གྱི་དུས་ཚོད་ཁར་ལུ་ཚོགས་ཚུགས་འདི་ཡོདཔ་ཨིན། འབྲུག་རྒྱལ་ཁབ་འདི་ ལོ་ལྔའི་འཆར་གཞི་ ༡༢ པའི་ལོ་གྲངས་ཕྱེད་ཀ་དེ་ཅིག་ལྷོད་འདི་ཡོདཔ་དང་ སྤྱི་ལོ་ ༢༠༢༣ ལས་ རྒྱལ་ཁབ་འདི་གོང་འཕེལ་ཉུང་སུ་འགྱོ་བའི་དབྱེ་ཁག་ལས་ ཕྱིར་འཐོན་འབད་ནིའི་དོན་ལུ་ ལོ་ངོ་གཉིས་ལྷག་ཙམ་ཅིག་ལུས་འདི་ཡོད། གྲོགས་རམ་མཉམ་འབྲེལ་ཞལ་འཛོམས་འདི་གིས་ ང་བཅས་རའི་གྲོས་རམ་ལས་སྡེ་ཚུ་དང་གཅིག་ཁར་ གོ་སྐབས་དང་གདོང་ལེན་ཚུའི་སྐོར་ལས་གྲོས་བསྟུན་འབད་དེ་ ང་བཅས་ཀྱིས་འཕྲོ་མཐུད་དེ་ར་ ལོ་ལྔའི་འཆར་གཞི་ ༡༢ པའི་དམིགས་ཡུལ་གྲུབ་ནི་ལུ་ བརྩོན་ཤུགས་བསྐྱེད་ནི་དང་ སྤྱི་ལོ་ ༢༠༢༣ ལུ་ཡུན་བརྟན་ཐོག་ལས་ གོང་འཕེལ་ཉུང་སུ་འགྱོ་མིའི་དབྱེ་ཁག་ལས་ ཕྱིར་འཐོན་གྱི་སྐོར་ལས་གྲོས་བསྟུན་འབད་ནིའི་གོ་སྐབས་ཅིག་ཨིན། གྲོགས་རམ་ལས་སྡེ་ཚུ་གིས་ ང་བཅས་ཀྱི་འཆར་གཞི་དང་ལས་རིམ་ཚུ་ལུ་རྒྱབ་བསྐྱོར་འབད་དེ་ དགོས་མཁོ་དང་བསྟུན་ཏེ་ ཆ་འཇོག་འབད་དེ་ཡོདཔ་ཨིན། གྲོགས་རམ་མཉམ་འབྲེལ་ཞལ་འཛོམས་ཐེངས་ ཁ་གསལ་ཆེད་ལྷབ་ནི།