གནས་ཚུལ་གསར་བཏོན།

འབྲུག་རྒྱལ་ཁབ་ནང་ལུ་ ནད་ཡམས་ཀོ་ཝིད༡༩ གི་ སྨན་ཁབ་ཀྱི་ནུས་པ་དང་ཁེ་ཕན་སྐོར་ ལྟ་རྟོག་ཞིབ་འཇུག་དོན་ལུ་ གྲོགས་རམ་གན་ཡིག་གུར་མཚན་རྟགས་བཀོད་ནིའི་ གནས་ཚུལ་གསར་བཏོན་འབདཝ་ཨིན།

འབྲུག་རྒྱལ་ཁབ་ནང་ལུ་ ནད་ཡམས་ཀོ་ཝིད- ༡༩ གི་ སྨན་ཁབ་ཀྱི་ནུས་པ་དང་ཁེ་ཕན་སྐོར་ ལྟ་རྟོག་ཞིབ་འཇུག་དོན་ལུ་ གྲོགས་རམ་གན་ཡིག་གུར་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༢ པའི་ཚེས་ ༡༥ ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་དྲུང་ཆེན་ འབྲུག་གཞི་ཚོགས་ཀྱི་མདོ་ཆེན་དང་ གེ་སར་རྒྱལ་པོ་སྨན་རིག་གཙུག་ལག་སློབ་སྡེའི་ སྲིད་འཛིན་གསུམ་གྱི་བར་ན་མཚན་རྟགས་བཀོད་གནང་ཡིག།

ལས་འགུལ་འདི་གིས་དམིགས་ཡུལ་གཙོ་བོ་ར་ སྨན་ཁབ་ཨེས་ཊ་ཟེ་ནི་ཀའི་ནུས་པ་དང་ཕན་ནུས་ དེ་ལས་ སྨན་ཁབ་འདི་གི་ཁྱད་པར་ཚུ་ཞིབ་འཇུག་འབད་དེ་ སྨན་ཁབ་འདི་ ན་ལོན་དང་སྐྱེས་ལོ་ ༡༢-༡༧ གྱི་ཨ་ལུ་ཆ་ཁྱབ་ལུ་ཕན་ནུས་ཚུ་བལྟནི་དང་ སྨན་ཁབ་འདི་འབྲུག་རྒྱལ་ཁབ་ནང་ལུ་ག་དེ་སྦེ་འགྱོ་བཏུབ་ག་ ཞིབ་འཇུག་གི་དོན་ལུ་ཨིན། ལས་འགུལ་འདི་གིས་ མཚན་རིག་རྟག་དཔྱད་ཁང་ཡར་དྲག་བཏང་སྟེ་ ཞིབ་འཇུག་གི་ལྕོགས་གྲུབ་སྒྲིང་སྒྲིང་བཏ་འདི་ འབྲུག་རྒྱལ་ཁབ་ནང་ལུ་ སྤུས་ཚད་ཅན་གྱི་སྨན་རིག་ཚུ་ཞིབ་འཇུག་འབད་ནི་ཕན་ཐོགས་འབྱུང་ནི་ཨིན། ཞིབ་འཇུག་འདི་གིས་ འབྲུང་གཞུང་གིས་ ནད་འབུཔ་དང་འབྲེལ་བའི་ལྟ་རྟོག་འབད་ནི་ སྲིད་བྱུས་ཀྱི་གྲོས་ཐག་བཅད་དེ་ ནད་ཡམས་ཀོ་ཝིད- ༡༩ དང་འབྲེལ་བའི་གདོང་ལེན་གྱི་ཐབས་བྱུས་བཏོན་ནི་དང་ ནད་ཡམས་གཞན་གྱི་དོན་ལུ་ཐབས་ཤེས་བཏོན་ནི་ལུ་ཡང་ཁེ་ཕན་འབྱུང་ནི་ཨིན།

ཡུ་ཨེས་ཌོ་ལར་ས་ཡ་ ༣.༣ གྱི་ལས་འགུལ་འདི་ མོ་ཌེ་ན་སྨན་བཟོ་བསྐྲུན་ལས་སྡེ་དང་ འབྲུག་གཞི་ཚོགས་གཉིས་མཉམ་འབྲེལ་ཐོག་ལས་མོ་ཌེ་ན་སྨན་བཟོ་བསྐྲུན་ལས་སྡེ་གིས་རྒྱ་སྐྱོར་མཛད་ཡོདཔ་ཨིན། ལས་འགུལ་འདི་ཡང་ གསོ་བའི་ལྷན་ཁག་དང་མཉམ་འབྲེལ་ཐོག་ལས་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་གིས་ལག་ལེན་འཐབ་ནི་ཨིན་པས།

Leave a Reply

Your email address will not be published. Required fields are marked *