རྒྱལ་ཁབ་ཀྱི་བཀོད་ཚོགས་ཞལ་འཛོམས་ ཐེངས་ ༤ པ།

རྒྱལ་ཁབ་ཀྱི་བཀོད་ཚོགས་ཞལ་འཛོམས་ ཐེངས་  ༤ པ་འདིའཛམ་གླིང་སྤྱི་ཚོགས་ཀྱི་ ལོ་བསྟར་ལས་འཆར་ ༢༠༢༢ ལས་ ༢༠༢༣ གྱི་སྔོན་མ་ལས་ཚོགས་ཡོདཔ་ཨིན།

རྒྱལ་ཁབ་ཀྱི་བཀོད་ཚོགས་ཞལ་འཛོམས་ ཐེངས་  ༤ པ་འདིཡང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་གི་དྲུང་ཆེན་མཆོག་གིས་དབུ་ཁྲིད་ཐོག་ལས་ ནད་ཡམས་ཀོ་ཝིད- ༡༩ གི་ལམ་ལུགས་དང་འཁྲིལ་ཏེ་ ཐབས་རིག་བཏོན་ཏེ་ མི་ངོ་འཛོམས་ཉུང་མིའི་ཐོག་ལས་ འཛམ་གླིང་སྤྱི་ཚོགས་ཀྱི་ལོ་བསྟར་ལས་འཆར་གུར་ཞལ་འཛོམས་འདི་ སྤྱི་ཚེས་ ༡༨.༠༢.༢༠༢༢ ལུ་འགོ་འདྲེན་འཐབ་གནང་ཡི། ཞལ་འཛོམས་དི་ཡང་ འཛམ་གླིང་སྤྱི་ཚོགས་ཀྱི་གནས་སྡོད་འགོ་འདྲེན་པ་ ཇི་རཱལ་ཌ་ལེ་གིས་དབུ་ཁྲིད་འབད་ཡོདཔ་དང་ ཞལ་འཛོམས་ནང་ལུ་ ཁྲི་འཛིན་ ཁྲི་འཛིན་འོགམ་དང་ འབྲུག་གཞུང་དང་འཛམ་གླིང་སྤྱི་ཚོགས་ལས་སྡེ་ལས་ གྲུབ་འབྲས་སྡེ་ཚན་ ༤ གི་འགོ་འདྲེན་མཉམ་འབྲེལ་འབད་མི་ཚུ་གིས་ཡང་གྲལ་གཏོགས་མཛད་གནང་ཡི།

མཐའན་མཇུག་ཨིན་མི་རྒྱལ་ཁབ་ཀྱི་བཀོད་ཚོགས་ཞལ་འཛོམས་འདི་ ངོམ་ ཌ་ལེ་གིས་དབུ་ཁྲིད་འབད་ཡོདཔ་དང་ ཁོ་གི་ འཛམ་གླིང་སྤྱི་ཚོགས་ཀྱི་ལས་སྡེ་ཐེངས་ ༣༡ པ་འགོ་འདྲེན་འཐབ་པའི་སྐབས་ ཁོ་གི་དབུ་ཁྲིད་མཆོག་འགྱུར་འདི་ལུ་ངོས་ལེན་ཐོབ་ཡོད་པའི་སྐོར་བཤད་ཡོདཔ་ཨིན། ངོམ་ ཌ་ལེ་གི་ འཛམ་གླིང་སྤྱི་ཚོགས་ཀྱི་ གནས་སྡོད་སྐུ་ཚབ་ཀྱི་རིང་ལུ་ རྒྱལ་རབས་ནང་ཚུད་པའི་ འབྲུག་རྒྱལ་ཁབ་ནང་ལུ་ འཛམ་གླིང་སྤྱི་ཚོགས་གཞི་བཙུགས་འབད་དེ་ལོ་ངོ་ ༥༠ འཁོར་མི་དང་འབྲེལ་ འབྲུག་ཐུགས་སྲས་ཀྱི་རྟགས་ཐོབ་ཡང་ཐོབ་ཡོདཔ་ཨིན་པས།

རྒྱལ་ཁབ་ཀྱི་བཀོད་ཚོགས་ཞལ་འཛོམས་ནང་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ལོ་བསྟར་ལས་འཆར་ ༢༠༢༡ ལས་ ༢༠༢༢ ཀྱི་ གྲུབ་འབྲས་ ཐོགས་ལུས་གནད་དོན་དང་ ཅ་དངོས་རྩིས་ཐོའི་ལག་ལེན་ལུ་གཙོ་བཏོན་ཐོག་ལས་ ལོ་མཇུག་གི་བསྐྱར་ཞིབ་གུར་ ་གྲོས་བསྡུར་འབད་ཡི།

རྒྱལ་ཁབ་ཀྱི་བཀོད་ཚོགས་ཞལ་འཛོམས་འདི་ཡང་ འཛམ་གླིང་སྤྱི་ཚོགས་ཀྱི་གྲུབ་འབྲས་བརྡ་སྟོན་འོག་ལུ་ འཛམ་གླིང་སྤྱི་ཚོགས་གོང་འའཕེལ་མཉམ་འབྲེལ་གཞི་བཀོད་ ༢༠༡༨ ལས་ ༢༠༢༣ ཅན་མའི་གུར་གྲོས་བསྡུར་གྱིས་དོན་ལུ་འགོ་འདྲེན་འཐབ་དོ་ཡོདཔ་ཨིན། སྤྱི་ལོ་ ༢༠༢༢ ལས་ ༢༠༢༣ གྱི་ལོབསྟར་ལས་འཆར་ཟིན་བྲིས་ནང་ལུ་ ལས་སྣ་ ༡༦༩ ཡོདཔ་མ་ཚད་ ལས་སྣ་ལག་ལེན་འཐབ་མི་ ༤༣ དང་ དེ་ལས་འཛམ་གླིང་སྤྱི་ཚོགས་ཀྱི་ལས་སྡེ་ ༩ ཡོད་མི་ཚུ་ཡང་ སྤྱན་འབུལ་ཕུལ་ཡི། རྒྱལ་ཁབ་ཀྱི་བཀོད་ཚོགས་ཞལ་འཛོམས་ནང་ལུ་ སྤྱི་ལོ་ ༢༠༢༤ ལས་ ༢༠༢༨ ཚུན་གྱི་ འཛམ་གླིང་སྤྱི་ཚོགས་ ཡུན་བརྟན་གོང་འཕེལ་མཉམ་འབྲེལ་མ་དངུལ་ གཞི་བཙུགས་ཀྱི་བྱ་རིམ་ཚུ་ཡང་ངོ་སྤྲོད་མཛད་གནང་ཡི།

རྒྱལ་ཁབ་ཀྱི་བཀོད་ཚོགས་ཞལ་འཛོམས་འདི་ འཛམ་གླིང་སྤྱི་ཚོགས་ཀྱི་ལས་སྡེ་དང་འབྲུག་གཞུང་གི་བར་ན་ ལོ་བསྟར་གྱི་ལས་རིམ་ཅིག་ཨིནམ་དང་ འདི་ཡང་ རྒྱལ་ཁབ་གཉིས་ཀྱིས་བར་ན་གལ་གནད་ཆེ་བའི་གྲོས་བསྡུར་འབད་ནིའི་ལས་རིམ་ཅིག་ཨིནམ་དང་ གྲོས་བསྡུར་དེ་ནང་ ལོ་མཇུག་གི་སྙན་ཞུ་བསྐྱར་ཞིབ་འབད་ནི་དང་ འཛམ་གླིང་སྤྱི་ཚོགས་ཀྱི་ལོ་བསྟར་ལས་འཆར་གསརཔ་བརྩམ་ནིའི་དོན་ལུ་ཨིན་འགོ་འདྲེན་འཐབ་ཨིན།

Leave a Reply

Your email address will not be published. Required fields are marked *