ལས་རིམ་དང་འཁྲིལ་དགོ་པའི་གྲོགས་རམ་ལས་འགུལ་གྱི་ ལས་འགུལ་ལྟ་རྟོག་ཚོགས་ཆུ་ང་གི་ བསྐྱར་ཞིབ་ཞལ་འཛོམས་ཐེངས་ གཉིས་ པ།

ལོ་ལྔའི་འཆར་གཞི་ ༡༢ པའི་ནང་ལུ་  རྒྱ་གར་གཞུང་གི་གྲོགས་རམ་འོག་ལུ་ ལས་འགུལ་ལྟ་རྟོག་ཚོགས་ཆུང་གི་ཞལ་འཛོམས་གྲ་སྒྲིག་ནང་ལུ་ ལས་རིམ་དང་འཁྲིལ་དགོ་པའི་གྲོགས་རམ་ལས་འགུལ་གྱི་ མཉམ་འབྲེལ་ཞལ་འཛོམས་འདི་ཚོགས་པའི་བསྒང་ཡོད། ལས་རིམ་དང་འཁྲིལ་དགོ་པའི་གྲོགས་རམ་ལས་འགུལ་ནང་ལུ་ དངུལ་ཀྲམ་ས་ཡ་ ༢༨༠༠༠.༠༠ བགོ་ཀྲམ་འབད་དེ་ཡོད་མི་ནང་ལུ་ འབྲུང་གཞུང་གི་གཙོ་རིམ་ཆེ་བའི་ལས་འགུལ་ ༨༢ ཡོདཔ་དང་ དེ་ཡང་ ལམ་སྲོལ་ གསོ་བ་ ཤེས་རིག་ འཁོར་ལམ་དང་ཟམ་ཚུ་ འཐུང་ཆུ་ བརྡ་དོན་བརྒྱུད་འབྲེལ་དང་འཕྲུལ་རིག་ སོ་ནམ་ཞིང་ལམ་ དཔལ་འབྱོར་དང་རྩེད་རིག་ལས་སྡེ་ཚུ་ཚུད་དེ་ཡོད།

ལས་འགུལ་བསྐྱར་ཞིབ་ཞལ་འཛོམས་ནང་ལུ་ ཐིམ་ཕུག་ལུ་་ཡོད་པའི་ རྒྱ་གར་གྱི་སྐུ་ཚབ་ཡིག་ཚང་ལས་འགོ་དཔོན་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ ལས་རིམ་དང་འཁྲིལ་དགོ་པའི་གྲོགས་རམ་ལས་འགུལ་ལག་ལེན་འཐབ་མི་ སྡེ་ཚན་དང་ལས་སྡེ་ཚུ་གིས་གྲལ་གཏོགས་མཛད་གནང་ཡི།

ད་ལྟོ་འབད་བཞིན་ཡོད་པའི་ ལས་རིམ་དང་འཁྲིལ་དགོ་པའི་གྲོགས་རམ་ལས་འགུལ་ཚུ་ བསྐྱར་ཞིབ་འབད་དགོ་མི་དེ་ཡང་ ལས་འགུལ་གྱི་གྲུབ་འབྲས་ཀྱི་གནས་སྟངས་ཚུ་ཤེས་ཐབས་དང་ ལས་འགུལ་ལག་ལེན་འཐབ་པའི་སྐབས་ལུ་འབྱུང་མི་གདོང་ལེན་ཚུ་ཧ་གོ་ཐབས་ལུ་ཨིན་པས། ལས་རིམ་དང་འཁྲིལ་དགོ་པའི་གྲོགས་རམ་ལས་འགུལ་ཚུའི་ མཉམ་འབྲེལ་བསྐྱར་ཞིབ་ནང་ལུ་ ནད་ཡམས་ཀྱིས་གདོང་ལེན་སྦོམ་བྱུང་སྟེ་རང་འབད་རུང་ ལས་འགུལ་གྱི་གྲུབ་འབྲས་འདི་སྦོམ་འཐོན་ཡོདཔ་སྦེ་ཤེས་རྟོགས་བྱུང་ནུག། ལོ་ལྔའི་འཆར་གཞི་ ༡༢ པའི་ནང་ལུ་ ལས་རིམ་དང་འཁྲིལ་དགོ་པའི་གྲོགས་རམ་ལས་འགུལ་ ༨༢ ཆ་འཇོག་གྲུབ་ཡོད་ས་ལས་ ལས་འགུལ་ ༡༦ འདི་མཐར་འཁྱོལ་ཅན་སྦེ་མཇུག་བསྡུ་ཡོདཔ་དང་ ལྷག་ལུས་ལས་འགུལ་ ༡༦ ཡོད་མི་འདི་ཡང་ ལག་ལེན་འཐབ་བཞིན་ཡོད་མི་ཚུ་ཡང་ ཧ་ལམ་གྲུབ་ནིའི་གནས་ཚད་ལུ་ལྷོད་ཡོད་པའི་ཁར་ ལས་འགུལ་མང་ཆེ་ཤོས་ཅིག་མཇུག་བསྡུ་གུར་ལྷོད་དེ་ཡོདཔ་ཨིན། ལས་འགུལ་ཚུ་ཡང་ཆ་མཉམ་ར་ ལོ་ལྔའི་འཆར་གཞི་ ༡༢ པ་མཇུག་བསྡུཝ་ད་ལུ་ མཇུག་བསྡུ་ཚུགས་པའི་རེ་བ་ཡོད།

ལས་འགུལ་བསྐྱར་ཞིབ་ཞལ་འཛོམས་འདི་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༦ པའི་ཚེས་ ༡༣ ལུ་འགོ་བཙུགས་ཡོད་མི་འདི་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༦ པའི་ཚེས་ ༢༧ ལུ་མཇུག་བསྡུ་ནི་ཨིན།

Leave a Reply

Your email address will not be published. Required fields are marked *