རྒྱ་གར་གཞུང་གི་ལས་རིམ་དང་འཁྲིལ་དགོ་པའི་གྲོགས་རམ་ལས་འགུལ་གྱི་ བསྐྱར་ཞིབ་ཞལ་འཛོམས་མཇུག་ཡོདཔ།

ལོ་ལྔའི་འཆར་གཞི་ ༡༢ པའི་ནང་ལུ་  རྒྱ་གར་གཞུང་གི་གྲོགས་རམ་འོག་ལུ་ ལས་འགུལ་ལྟ་རྟོག་ཚོགས་ཆུང་གི་ཞལ་འཛོམས་གྲ་སྒྲིག་ནང་ལུ་ ལོ་ལྔའི་འཆར་གཞི་ ༡༢ པའི་ནང་ལུ་  རྒྱ་གར་གཞུང་གི་གྲོགས་རམ་འོག་ལུ་ ལས་རིམ་དང་འཁྲིལ་དགོ་པའི་གྲོགས་རམ་ལས་འགུལ་ ༨༢ གུར་ མཉམ་འབྲེལ་ཞལ་འཛོམས་འདི་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༦ པའི་ཚེས་ ༡༣ ལུ་འགོ་བཙུགས་མི་འདི་ ད་རེས་མཇུག་བསྡུ་ཡོདཔ་ཨིན། འབྲུག་གཞུང་གི་གཙོཤརིམ་ཆེ་བའི་ལས་འགུལ་ ༨༢ རྒྱ་གར་གཞུང་གི་འོག་ལུ་ ལས་རིམ་དང་འཁྲིལ་དགོ་པའི་གྲོས་རམ་ལས་འགུལ་འདི་ ཆ་འཇོག་གྲུབ་ཡོད་ས་ལས་ ལས་འགུལ་ ༧༦ འདི་ འབྲུག་གཞུང་གིས་ལག་ལེན་འཐབ་ཡོདཔ་དང་ འགུལ་འགུལ་ ༦ འདི་ལས་འགུལ་ཌན་ཀྲག་གི་ལག་ལེན་འཐབ་ཡོདཔ་ཨིན།

ལས་རིམ་དང་འཁྲིལ་དགོ་པའི་གྲོགས་རམ་ལས་འགུལ་ཚུའི་ མཉམ་འབྲེལ་བསྐྱར་ཞིབ་ནང་ལུ་ ནད་ཡམས་ཀྱིས་གདོང་ལེན་སྦོམ་བྱུང་སྟེ་རང་འབད་རུང་ ལས་འགུལ་གྱི་གྲུབ་འབྲས་འདི་སྦོམ་འཐོན་ཡོདཔ་སྦེ་ཤེས་རྟོགས་བྱུང་ནུག། ལོ་ལྔའི་འཆར་གཞི་ ༡༢ པའི་ནང་ལུ་ ལས་རིམ་དང་འཁྲིལ་དགོ་པའི་གྲོགས་རམ་ལས་འགུལ་ ༨༢ ཆ་འཇོག་གྲུབ་ཡོད་ས་ལས་ ལས་འགུལ་ ༡༦ འདི་མཐར་འཁྱོལ་ཅན་སྦེ་མཇུག་བསྡུ་ཡོདཔ་དང་ ལྷག་ལུས་ལས་འགུལ་ ༡༦ ཡོད་མི་འདི་ཡང་ ལག་ལེན་འཐབ་བཞིན་ཡོད་མི་ཚུ་ཡང་ ཧ་ལམ་གྲུབ་ནིའི་གནས་ཚད་ལུ་ལྷོད་ཡོད་པའི་ཁར་ ལས་འགུལ་མང་ཆེ་ཤོས་ཅིག་མཇུག་བསྡུ་གུར་ལྷོད་དེ་ཡོདཔ་ཨིན། ལས་འགུལ་ཚུ་ཡང་ཆ་མཉམ་ར་ ལོ་ལྔའི་འཆར་གཞི་ ༡༢ པ་མཇུག་བསྡུཝ་ད་ལུ་ མཇུག་བསྡུ་ཚུགས་པའི་རེ་བ་ཡོད།

ལས་འགུལ་བསྐྱར་ཞིབ་ཞལ་འཛོམས་ནང་ལུ་ ཐིམ་ཕུག་ལུ་་ཡོད་པའི་ རྒྱ་གར་གྱི་སྐུ་ཚབ་ཡིག་ཚང་ལས་འགོ་དཔོན་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ ལས་འགུལ་ཌན་ཀྲག་དང་ ལས་རིམ་དང་འཁྲིལ་དགོ་པའི་གྲོགས་རམ་ལས་འགུལ་ལག་ལེན་འཐབ་མི་ སྡེ་ཚན་དང་ལས་སྡེ་ཚུ་གིས་གྲལ་གཏོགས་མཛད་གནང་ཡི།

ལས་འགུལ་བསྐྱར་ཞིབ་ཞལ་འཛོམས་ཚོགས་དགོ་མི་དེ་ཡང་  སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༧ པའི་ཚེས་ ༡༥ ལུ་ཚོགས་ནི་སྦེ་ཡོད་པའི་ ལས་འགུལ་ལྟ་རྟོགས་ཚོགས་ཆུང་གི་ཞལ་འཛོམས་གྲ་སྒྲིག་གི་ནོ་ལུ་ཨིན།

Leave a Reply

Your email address will not be published. Required fields are marked *