ཕྱི་སེལ་གྲུབ་མིའི་མིང་ཐོ།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཚོམས་ལྷན་ཚོགས་ཁ་ཐུག་ལས་ སྤྱི་ཚེས་ ༡༠/༠༩/༢༠༡༨ ལུ་ གསལ་བསྒྲགས་འབད་ཡོད་པའི་འོས་ལྡན་ཚད་གཞི་ལུ་གཞི་བཞག་སྟེ་ ནང་འཁོད་གནས་སོར་ཐོག་ལས་ འཆར་གཞི་འགོ་དཔོན་ ཡང་ཅིན་ ཞིབ་འཚོལ་འགོ་དཔོན་གྱི་དོན་ལས་ གཤམ་འཁོད་ཞུ་ཡིག་བཙུགས་མི་ཚུ་ཕྱི་སེལ་གྲུབ་ཡོད་པའི་གསལ་བསྒྲགས་འབདཝ་ཨིན། ཨང་གྲངས། མིང་གསལ། ཞི་གཡོག་ངོ་རྟགས་ཨང་། ༡ ཕུར་པ། ༢༠༡༠༠༡༠༠༢ ༢ ཆོས་རྒྱལ་ལྷུན་གྲུབ། ༢༠༡༡༠༡༠༡༢ ༣ ཨྱོན་བཟང་མོ། ༢༠༡༢༠༡༡༦༨ ༤ ཨྱོན་ཕུན་ཚོགས། ༢༠༡༥༠༡༠༤༩༧༠ ༥ ཚེ་དབང་རྒྱ་མཚོ། ༢༠༡༣༠༡༠༡༠༨༧ ༦ ཀུན་བཟང་རྡོ་རྗེ། ༢༠༡༥༠༡༠༤༩༨༨ ༧ རྡོ་རྗེ་པདྨོམོ། ༢༠༡༥༠༡༠༤༩༩༠ ༨ ཡེ་ཤེས་ལྷམོ། ༢༠༡༣༠༡༠༡༡༥༩ ༩ ཀརྨ་དབྱངས་སྒྲོན། ༢༠༡༤༠༡༠༣༣༣༠ ཁ་གསལ་ཆེད་ལྷབ་ནི།

རྒྱལ་ཡོངས་ཀྱི་གྲོས་སྟོན་ཚོང་སྡེ་ཚུ་གིས་ གྲོས་སྟོན་ལཱ་གི་དོན་ལས་ དང་འདོད་སྐྱེད་མི་ཚུ་གིས་་ཡིག་ཆ་བཙུགས་གནང་།

འབྲུག་རྒྱལ་ཁབ་ནང་ལུ་ ཡུན་བརྟན་དང་གནམ་གཤིས་འགྱུར་བ་ལས་ཟློག་ཐབས་ཀྱི་དོན་ལས་ ནགས་ཚལ་དང་སོ་ནམ་ལཱའི་ས་ཆ་དང་འཚོ་བའི་མཐུན་རྐྱེན་གྱི་དོན་ལས་ འབྲུག་གཞུང་གི་འགུལ་འདི་ཡང་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་གྱིས་རྒྱབ་ཐོག་ལས་ སྔོ་ལྗང་དང་ལྡན་པའི་རང་བཞིན་གནས་སྟངས་མཐུན་རྐྱེན་ ཡང་ཅིན་ གོང་འཕེལ་ཉུང་སུ་འགྱོ་མིའི་རྒྱལ་ཁབ་ཀྱི་གྲོགས་རམ་དངུལ་གྱིས་ཁ་ཐུག་ལས་གྲོགས་རམ་བྱིན་འདི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱིས་ལག་ལེན་འཐབ་ནི་ཨིན། རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་འོག་གི་ ལས་འགུལ་འཛིན་སྐྱོང་སྡེ་ཕྲན་གྱིས་ཁ་ཐུག་ལས་ རྒྱལ་ཡོངས་ཀྱི་གྲོས་སྟོན་ཚོང་སྡེ་ཚུ་ལས་ འགོ་བཙུགས་མཚམས་ཀྱི་བརྟག་ཞིབ་བཟོ་ནིའི་དོན་ལས་ དང་འདོད་ཅན་ཚུ་ལུ་ཞུ་བ་ཕུལཝ་ཨིན། འགོ་བཙུགས་མཚམས་ཀྱི་བརྟག་ཞིབ་བཟོཝ་ད་ འོས་འབབ་དང་ལྡན་པའི་ཕན་གནོད་ཀྱི་དབྱེ་ཞིབ་ཐབས་ལམ་དང་ འགོ་བཙུགས་མཚམས་ཀྱི་ཞིབ་འཇུག་འབད་ནི་དང་གཅིག་ཁར་ གྲོང་གསེབ་ཀྱི་ཁྱིམ་གྲངས་ཚུ་ལུ་གཞི་བཞག་སྟེ་ བཟོ་དགོཔ་དང་ གཞུང་གི་ཡིག་ཚང་ཚུ་ཡང་ ལས་འགུལ་གྱི་ཕན་གནོད་ཚུའི་དབྱེ་ཞིབ་ཀྱི་གྲལ་ཁར་ཚུདཔ་ཨིན། རྒྱལ་ཡོངས་ཀྱི་གྲོས་སྟོན་ཚོང་སྡེ་ཚུ་གིས་གོང་འཁོད་ཞབས་ཏོག་བྱིན་ནིའི་དོན་ལས་དང་འདོད་སྐྱེད་གནང་ཟེར་ཞུ་ནི་ཨིན། དང་འདོད་ཡིག་ཆ་ཚུ་ཡང་གདོང་ཤོག་གུར་ཐིའུ་དང་ས་ཡིག་བརྐྱབ་མི་ གྲོས་སྟོན་ལས་སྡེའི་ཤེས་ཡོན་དང་ཉམས་མྱོང་ཚུ་གི་ཤེས་ཡོན་ཁྱད་ཆོས་ཐོ་ གྲོས་སྟོན་གཙོ་ཅན་དང་ལས་གཡོགཔ་སྡེ་ཚན་ ཆོག་ཐམས་ ཁྲལ་གྱི་ཉོགས་མེད་ལག་འཁྱེར་དང་ གོང་འཁོདལཱ་འབད་ནིའི་ལྕོགས་གྲུབ་བཏོན་ཚུགས་པའི་འབྲེལ་ཡོད་ལག་འཁྱེར་གཞན་ཚུ། དང་འདོད་ཡིག་ཆ་ཚུ་ཡང་དབྱེ་ཞིབ་འབད་དེ་ཕྱི་སེལ་བརྐྱབ་ནིའི་ཚེ་གྲངས་ཡང་ དང་འདོད་ཡིག་ཆ་ཚུ་བཙུགས་ཏེ་ བཞག་གྲངས་གཅིག་གི་རྒྱབ་ལས་འབད་ནི་ཨིན། དང་འདོད་ཡིག་ཆ་ཚུ་ཡང་གཤམ་འཁོད་ཁ་བྱང་ལུ་ སྤྱི་ལོ་ ༢༠༡༨ སྤྱི་ཟླ་ ༡༠ པའི་ཚེས་ ༡༡ གི་ ཉི་མ་ཆུ་ཚོད་ ༡༢ ཁ་གསལ་ཆེད་ལྷབ་ནི།

ས་སྟོང་གསལ་བསྒྲགས།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་ཁ་ཐུག་ལས་ སྔོ་ལྗང་གནམ་གཤིས་དང་འབྲེལ་བའི་མ་དངུལ་གྲོགས་  རམ་ལས་འགུལ་གྲ་སྒྲིག་གི་དོན་ལས་ གཤམ་འཁོད་ཀྱི་ས་སྟོང་གསལ་བསྒྲགས་འབདཝ་ཨིན། ཨང་གྲངས་།   གོ་གནས་ཀྱི་མིང་དང་ས་སྟོང་།                                    ཤེས་ཚད་དང་ཉམས་མྱོང་།   ༡.    ལས་འགུལ་འགོ་དཔོན། ས་སྟོང་གཅིག   མི་སྡེ་ཚན་རིག་གི་གཙུག་ལག་གཞི་རིམ་གོང་མའི་ཤེས་ཚད་ཡོད་པའི་ཁར་ རང་བཞིན་འཐོན་སྐྱེད་འཛིན་སྐྱོང་ རང་བཞིན་གནས་སྟངས་འཛིན་སྐྱོང་དང་གོང་འཕེལ་ཤེས་ཡོན་ཡོད་མི། ལས་འགུལ་འཛིན་སྐྱོང་དང་འབྲེལ་བའི་ མང་ཕྱོགས་སྣ་མང་ ཡང་ཅིན་ རྒྱལ་སྤྱིའི་གྲོགས་རམ་ལས་སྡེ་ནང་ལུ་ ཉུང་མཐའ་ལོ་ངོ་ལྔའི་ལཱ་གི་ཉམས་མྱོང་ཡོད་མི།   འགན་ཚད་དང་ཤེས་ཚད་ཁ་གསལ་་གྱི་དོན་ལུ་ ང་བཅས་ཀྱི་ཡོངས་འབྲེལ་ཁ་བྱང་ www.gnhc.gov.bt ཡང་ཅིན་ཡིག་ཚང་གི་དུས་ཚོད་ཁར་ ཁ་གསལ་ཆེད་ལྷབ་ནི།

ས་སྟོང་གསལ་བསྒྲགས།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་ཁ་ཐུག་ལས་ ཞི་གཡོགཔ་ཚུ་ལུ་ ནང་འཁོད་གནས་སོར་ཐོག་ལས་གཤམ་འཁོད་ཀྱི་ས་སྟོང་གསལ་བསྒྲགས་འབདཝ་ཨིན། གོ་གནས་ཀྱི་མིང་། གོ་གནས་དབྱེ་རིམ། ཤེས་ཚད་ཉུང་མཐའ།  ལཱ་གི་ས་སྒོ ས་སྟོང་། ཞིབ་རོགས་འཆར་གཞི་འགོ་དཔོན/ འཆར་གཞི་འགོ་དཔོན། ཁྱད་འཛིན་ ༥ པ་ཀ/ ཁྱད་འཛིན་ ༤ པ་ ཀ     གཙུག་ལག་གཞི་རིམ་ཤེས་ཚད་དགོ་པའི་ཁར་ མི་དམངས་བདག་སྐྱོང་ གཙུག་ལག་འོག་མའིཤེས་ཚད་ཡོད་མི། འཆར་གཞི་བལྟ་རྟོག་དང་འགོ་འདྲེན་སྡེ་ཚན། ༢ ས་གནས་གོང་འཕེལ་སྡེ་ཚན། ༡ གོང་འཕེལ་མཉམ་འབྲེལ་སྡེ་ཚན། ༡ བས་གྲུབ་ལྗོངས་ཁར་ཁྲོམ་སྡེ། ༡ ཞིབ་རོགས་ཞིབ་འཚོལ་འགོ་དཔོན / ཞིབ་འཚོལ་འགོ་དཔོན། ཞིབ་འཚོལ་དང་དབྱེ་ཞིབ་སྡེ་ཚན། ༡ གཡོག་ཐོག་ཞི་གཡོགཔ་ སྤྱི་གཡོག་སྒྲིག་བཀོད་གཅིག་པའི་ ཁྱད་རིག་གི་ལས་གཡོག་ནང་ཚུད་མི་ ཁྱད་ཚད་དང་ལྡན་པའི་ དང་འདོད་ཅན་གྱི་ཞི་གཡོགཔ་ཚུ་གིས་ ཁ་གསལ་ཆེད་ལྷབ་ནི།

གནས་ཚུལ་གསར་བཏོན

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་དང་ སྔོ་ལྗང་གནམ་གཤིས་དང་འབྲེལ་བའི་མ་དངུལ་གྲོགས་རམ་གཉིས་ཀྱི་བར་ན་ རིམ་སྒྲིག་གྲོས་བསྡུར་ཞལ་འཛོམས་སྐོར་གནས་ཚུལ་གསར་བཏོན། རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་འདི་ སྔོ་ལྗང་གནམ་གཤིས་དང་འབྲེལ་བའི་མ་དངུལ་གྲོགས་རམ་གྱི་ རྒྱལ་ཡོངས་ཀྱི་དབང་འཛིན་ཅན་ཅིག་ཨིནམ་ལས་ སྤྱི་ཚེས་ ༢༩/༠༨/༢༠༡༨ ལས་ སྤྱི་ཚེས་༣༡/༠༨/༢༠༡༨ ཚུན་ ས་གནས་ཐིམ་ཕུ་ལུ་སྦེ་ ་ རྒྱལ་ཡོངས་རིམ་སྒྲིག་གྲོས་བསྡུར་འདི་འགོ་ཐོག་དང་པ་འགོ་འདྲེན་འཐབ་ཡོདཔ་ཨིན། རྒྱལ་ཡོངས་རིམ་སྒྲིག་གྲོས་བསྡུར་འདི་འགོ་འདྲེན་འཐབ་དགོ་པའི་དམིགས་ཡུལ་གཙོ་བོ་ར་ འབྲུག་རྒྱལ་ཁབ་ལུ་ སྔོ་ལྗང་གནམ་གཤིས་དང་འབྲེལ་བའི་མ་དངུལ་གྲོགས་རམ་ཐོབ་ཚུགསཔ་བཟོ་ནི་དང་ འབྲུག་གཞུང་དང་ སྔོ་ལྗང་གནམ་གཤིས་དང་འབྲེལ་བའི་མ་དངུལ་གྲོགས་རམ་གྱི་བར་ན་མཐུན་འབྲེལ་ཡར་དྲགས་བཏང་ཐབས་ཀྱི་དོན་ལས་ཨིན། སྔོ་ལྗང་གནམ་གཤིས་དང་འབྲེལ་བའི་མ་དངུལ་གྲོགས་རམ་ལས་སྡེ་ གནམ་གཤིས་འགྱུར་བ་ལས་མར་ཕབ་དང་མཐུན་འབྲེལ་ལས་ མདོ་ཆེན་གྱི་དབུ་་ཁྲིད་འབད་དེ་ འཐུས་མི་སྡེ་ཚན་ཅིག་ འབྲུག་རྒྱལ་ཁབ་ནང་ལུ་ཕེབས་ཏེ་ཡོད་མི་འདི་གིས་གོང་འགྱོ་བའི་བསྒང་ཡོད་མིའི་རྒྱལ་ཁབ་ཀྱི་ལས་རིམ་ལུ་རྒྱབ་སྐྱོར་ཧེང་སྐལ་བྱིན་ནི་ གྲོས་བསྟུན་འབད་དེ་མཉམ་འབྲེལ་རྩ་བརྟན་བཟོ་ནི་ དེ་ལས་འབྲུག་རྒྱབ་ཀྱིས་ འཆར་གཞི་ནང་ཚུད་མི་དང་འོས་འབབ་ཡོད་མིའི་ལས་འགུལ་ཚུ་ ཆ་མཉམ་གསལ་ཞུ་འབད་ནིའི་གོ་སྐབས་བཟང་པོ་ཅིག་ཨིན་པས། དེ་གིས་ཡང་མ་ཚད་པར་ ལྷོ་ཀོ་རི་ཡཱ་ སྔོ་ལྗང་འཕྲུལ་རིག་ལྟེ་བ་ (ཇི་ཊི་སི) གི་མདོ་ཆེན་གྱི་དབུ་ཁྲིད་འབད་དེ་ འཐུས་མི་སྡེ་ཚན་ཅིག་གིས་ཡང་ སྔོ་ལྗང་སྐྱེལ་འདྲེན་ལས་རིམ་དང་ཕྱགས་སྙིགས་འཛིན་སྐྱོང་གི་ལས་འགུལ་གུར་བསྟུན་གྲོས་འབད་ནིའི་དོན་ལས་གོང་འཁོད་ཉིན་གྲངས་ ༣ གྱི་གྲོས་བསྟུར་ཞལ་འཛོམས་ནང་ལུ་བཅའ་མར་གཏོགས་གནང་ཡི། སྔོ་ལྗང་འཕྲུལ་རིག་ལྟེ་བ་འདི་ སྤྱི་ལོ་ ༢༠༡༠ སྤྱི་ཟླ་ ༡༢ ཁ་གསལ་ཆེད་ལྷབ་ནི།

གནས་ཚུལ་གསར་བཏོན

འབྲུག་དང་ཇཱ་པཱན་གཞུང་གི་ངོ་ཚབ་ཡིག་ཚང་ལས་ ངོ་ཚབ་གཉིས་ཀྱི་བར་ན་ མི་སྟོབས་གོང་འཕེལ་གྱི་གྲོགས་རམ་ལས་འགུལ་གུར་གྱི་གན་ཡིག་གུར་མཚན་རྟགས་བཀོད་གནང་ཡི། སྤྱི་ལོ ༢༠༡༨ སྤྱི་ཟླ་ ༧ པའི་ ཚེས་ ༣ ལུ་  རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་དྲུང་ཆེན་ངོ་ཚབ་ ངོམ་ རིན་ཆེན་དབང་འདུས་དང་ འབྲུག་གི་ཇཱ་པཱན་གཞུང་གི་ངོ་ཚབ་ཡིག་ཚང་ལས་ ངོམ་ ཀོ་ཇི་ ཡམ་དཱ་གཉིས་ཀྱི་བར་ན་ མ་དངུལ་ཚོད་རྩིས་ དངུལ་ཀྲམ་ ས་ཡ་ ༡༡༠,༠༠༠,༠༠༠ (ས་ཡ་གཅིག་བརྒྱ་བཅུ་ཐམས) དེམ་ཅིག་ཨིན་མི་ མི་སྟོབས་གོང་འཕེལ་གྱི་ གྲོགས་རམ་ལས་འགུལ་གུར་གྱི་གན་ཡིག་གུར་མཚན་རྟགས་བཀོད་གནང་ཡི། ཇ་པཱན་གཞུང་གི་གོང་འཕེལ་གྲོགས་རམ་འདི་གིས་ འབྲུག་རྒྱལ་ཁབ་ཀྱི་ མི་སྟོབས་ཀྱི་དབྱེ་ཁག་མ་འདྲཝ་ཚུ་གིས་མི་སྟོབས་གོང་འཕེལ་ གཙུག་ལག་གཞི་རིམ་གོང་མ་དང་ཆེ་མཐོའི་ཤེས་ཡོན་གྱི་ལས་རིམ་ཚུ་ ཇཱ་པཱན་གཙུག་ལག་སྡེ་ནང་ལུ་བྱིན་ནི་ཨིན་པས། ལས་འགུལ་འདི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ལག་ལེན་འཐབ་ནི་ཨིན་པས། སྤྱི་ལོ་ ༢༠༡༩ ལས་ ༢༠༢༢ འབདཝ་ད་ལོ་ངོ་ ༤ གི་ནང་འཁོད་ལུ་ ཇཱ་པཱན་གཞུང་གིས་ དབྱེ་ཁག་མ་འདྲཝ་ནང་ལུ་ གཙུག་ལག་གཞི་རིམ་འོག་མའི་ཤེས་ཚད་འདི་ཡོངས་བསྡོམས་ ༤༠ ཁ་གསལ་ཆེད་ལྷབ་ནི།

མཐོ་རིམ་གོང་མའི་ཤེས་ཡོན་གྱི་དོན་ལུ་ ཕྱི་སེལ་གྲུབ་པའི་མི་ངོ་ཚུ།

རྒྱལ་ཡོངས་དགའ་སྐྱིད་དཔལ་ལྷན་ཚོགས་ཁ་ཐུག་ལས་ གཤམ་འཁོད་འགོ་དཔོན་ཚུ་ སློབ་གཉེར་གྲོགས་རམ་ཐོག་ལས་ མཐོ་རིམ་གོང་མའི་ཤེས་ཡོན་སྦྱང་ནིའི་དོན་ལས་ ཕྱི་སེལ་གྲུབ་ཡོད་པའི་གསལ་བསྒྲགས་འབདཝ་ཨིན། རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་གི་ སློབ་གཉེར་གྲོགས་རམ་ཐོག་ལས་ མཐོ་རིམ་གོང་མའི་ཤེས་ཡོན་སྦྱང་ནིའི་དོན་ལས་ ཕྱི་སེལ་གྲུབ་པའི་མི་ངོ་ཚུ། ཨང་ མིང་གསལ། ཞི་བའི་ངོ་རྟགས་ཨང་། གོ་གནས། སྡེ་ཚན། རྒྱབ་ཁུངས། སློབ་སྦྱོང་ཁ་གསལ། སློབ་རིམ་ ༡༢ པ་ལས་ ཨིང་སྐད་དང་ཆོས་དྲག་ཤོས་ ༤ གི་བརྒྱ་ཆའི་ཚད་གཞི། གཙུག་ལག་གཞི་རིམ་ཤེས་ཚད་ཀྱི་བརྒྱ་ཆge སློབ་རིམ་ ༡༢ པ་ལས་བརྒྱ་ཆ ་༥༠ དང་གཙུག་ལག་གཞི་རིམ་ཤེས་ཚད་ ལས་ བརྒྱ་ ༥༠ ། དྲིབ་དྲིས་ལེན་གྱི་ཟླ་ཚེས། ༡ སངས་རྒྱས་ཆོས་དར།   ༢༠༡༠༠༡༠༢༤ འཆར་གཞི་འགོ་དཔོན། འཆར་གཞི་ལྟ་རྟོག་དང་འགོ་འདྲེན་སྡེ་ཚན། མཐོ་རིམ་གོང་མའི་མི་དམངས་བདག་སྐྱོང་དང་གཙུག་ལག་འོག་མའི་ཤེས་ཚད་དང ཁ་གསལ་ཆེད་ལྷབ་ནི།

རྩིས་ལོ་ ༢༠༡༧ ལས་ རྩིས་ལོ་ ༢༠༡༨ ཀྱི་ གཞུང་སྐྱོང་མཆོག་འགྱུར་གྱི་འགན་ཡིག་གུར་མཚན་རྟགས་བཀོད་གནང་ཡི།

མི་རྗེ་བློན་ཆེན་དང་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་དྲུང་ཆེན་གཉིས་ཀྱི་བར་ན་ ད་རེས་ རང་བཞིན་འཐོན་སྐྱེད་གོང་འཕེལ་ལས་འཛིན་གྱི་ཞལ་འཛོམས་ཁང་ནང་ལུ་སྦེ་ རྩིས་ལོ་  ༢༠༡༧ ལས་ རྩིས་ལོ་ ༢༠༡༨ ཀྱི་ གཞུང་སྐྱོང་མཆོག་འགྱུར་གྱི་འགན་ཡིག་གུར་མཚན་རྟགས་བཀོད་གནང་ཡི།

དྲུང་ཆེན་གྱིས་གཙོས་པའི་སྡེ་ཚན་གཅིག་ ལོ་ལྔའི་འཆར་གཞི་ ༡༡ པའི་ ས་གནས་གཞུང་གི་ གྲུབ་འབྲས་གཙོ་ཅན་དང་གྲུབ་འབྲས་ཚུ་བསྐྱར་ཞིབ་ཀྱི་དོན་ལུ་ ལྷོ་ཕྱོགས་ཁ་ཐུག་ལུ་བལྟ་སྐོར་བྱོན་ཡོདཔ།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་དྲུང་ཆེན་གྱིས་གཙོས་པའི་སྡེ་ཚན་གཅིག་ ལོ་ལྔའི་འཆར་གཞི་ ༡༡ པའི་ ས་གནས་གཞུང་གི་ གྲུབ་འབྲས་གཙོ་ཅན་དང་གྲུབ་འབྲས་ཚུ་བསྐྱར་ཞིབ་ཀྱི་དོན་ལུ་ ལྷོ་ཕྱོགས་ཁ་ཐུག་ལུ་བལྟ་སྐོར་བྱོན་ཡོདཔ།   དར་དཀར་ནང་རྫོང་ཁག (༡༨-༠༧-༢༠༡༧) :    གསར་སྤང་རྫོང་ཁག (༢༠-༠༧-༢༠༡༧) :

སླར་ལོག་ས་སྟོང་གསལ་བསྒྲགས།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་ཁ་ཐུག་ལས་ ཞི་གཡོགཔ་ཚུ་གི་དོན་ལུ་ ལས་སྡེ་ནང་འཁོད་ལས་གནས་སོར་ཐོག་ལས་ གཤམ་འཁོད་ཀྱི་བསྐྱར་ཞིབ་ས་སྟོང་གསལ་བསྒྲགས་འབདཝ་ཨིན། ཨང་། གོ་གནས་ཀྱི་མིང་། གོ་གནས་དབྱེ་རིམ།  སྡེ་ཚན། ཤེས་ཚད། གྲངས། ༡ བདག་སྐྱོང་ལས་རོགསཔ། ལྟ་སྐྱོར་ ༤ པ ཀ ལས་ ལྟ་སྐྱོར་ ༡ པ ཀ།  མི་སྟོབས་སྡེ་ཚན། རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས། སློབ་རིམ་ ༡༢ པ། ༡ ༢ བརྒྱུད་འཕྲིན་གཏོང་ལེན་པ། ལག་ལེན་ ༣ པ ཀ ལས་ ལག་ལེན་ ༡ པ ཀ། ལྷན་ཚོགས་ཡིག་ཚང་། རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས། ཁ་གསལ་ཆེད་ལྷབ་ནི།