རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་རྒྱབ་ཁུངས།

སྤྱི་ལོ་ ༡༩༦༡ ལུ་ འགོ་ཐོག་དང་པ་ མི་སྡེ་དཔལ་འབྱོར་གོང་འཕེལ་གྱི་འཆར་གཞི་བརྩམ་ནི་འགོ་བཙུགསཔ་ལས་ཚུར་ འབྲུག་རྒྱལ་ཁབ་འདི་དེང་རབས་ལུགས་བསྟུན་གྱི་ལམ་བཤུལ་ནང་འཛུལ་ཡོདཔ་ཨིན། ལོ་ངོ་བཅུ་ཕྲག་གཅིག་གི་ཤུལ་ལས་ མི་དབང་ཞིང་གཤེགས་དམ་པ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ སྤྱི་ལོ་ ༡༩༧༡ ལུ་ འཆར་གཞི་ལྷན་ཚོགས་འདི་ རང་དབང་ཅན་གྱི་ལྷན་ཚོགས་སྦེ་ གཞི་བཙུགས་མཛད་གནང་ཡི། འཆར་གཞི་ལྷན་ཚོགས་དང་ལྷན་ཚོགས་ཡིག་ཚང་ཀྱི་ ལཱ་འགན་གཙོ་བོ་ར་ སྤྱི་བཏང་གི་ ཡར་རྒྱས་གོང་འཕེལ་གྱི་ཐབས་བྱུས་བཟོ་ནི་དང་ ལས་སྡེ་ཁག་གིས་ལས་སྣ་ཚུ་འགོ་འདྲེན་འཐབ་ནི་ འཆར་གཞི་དང་ལས་རིམ་ཚུ་ དེ་ལས་ལོ་ལྔའི་འཆར་གཞིའི་ལས་རིམ་བརྩམ་ནི་ཚུ་ཨིན། གྲོགས་རམ་འཛིན་སྐྱོང་འབད་ནི་ ལྷན་ཁག་ནང་འཁོད་ཀྱི་ལས་རིམ་ཚུ་འགོ་འདྲེན་འཐབ་ནི་དང་བལྟ་རྟོག་འབད་ནི་ དེ་ལས་ རྒྱ་ཁྱབ་དཔལ་འབྱོར་གྱི་གནས་རིམ་གྱི་ལས་རིམ་ཚུ་དབྱེ་ཞིབ་འབད་ནི་ཚུ་ཡང་་འཆར་གཞི་ལྷན་ཚོགས་ཀྱིས་ལཱ་འགན་ཨིན་པས། དེ་གིས་ཡང་མ་དོར་བར་ གསལ་བཀོད་འབད་ཡོད་པའི་ དམིགས་ཡུལ་དང་གཙོ་རིམ་ཚུ་དང་འཁྲིལ་ཏེ་ ལོ་ལྔའི་འཆར་གཞི་ཡང་དུས་ཚོད་ཁར་ལག་ལེན་འཐབ་ནི་འདི་ཡང་ འཆར་གཞི་ལྷན་ཚོགས་ཀྱིས་འགན་ཁུར་ཨིན་པས།

སྤྱི་ལོ་ ༡༩༩༣ ལུ་ གྲོགས་རམ་འཛིན་འཐབ་ནི་ལཱ་འགན་འདི་ འཆར་གཞི་ལྷན་ཚོགས་ལས་ དངུལ་རྩིས་ལྷན་ཁག་ལུ་རྩིས་སྤྲོད་འབད་ནུག ། ལོ་དེ་ནང་ལུ་་ར་ རྫོང་ཁག་གོང་འཕེལ་འགོ་འདྲེན་གྱི་ལཱ་འགན་འདི་ ནང་སྲིད་ལྷན་ཁག་ལས་ འཆར་གཞི་ལྷན་ཚོགས་ལུ་རྩིས་སྤྲོད་འབད་ནུག ། གཞུང་གིས་ལྷན་ཁག་དང་ལས་སྡེའི་གནས་རིམ་མང་རབས་ཅིག་ནང་གྲོས་བསྟུན་རྒྱས་ཤིང་རྒྱསཔ་སྦེ་མཛད་པའི་མཐའ་མ་ འཆར་གཞིའི་ལས་རིམ་ཚུ་བརྩམ་ཐངས་ཚུ་ཡར་དྲགས་བཏང་ཐབས་ལུ་ སྤྱི་ལོ་ ༡༩༡༩༡ ལུ་ སྲིད་བྱུས་དང་འཆར་གཞི་སྡེ་ཚན་འདི་ ལྷན་ཁག་མ་འདྲཝ་ཚུ་ནང་གཞི་བཙུགས་འབད་ནུག ། སྲིད་བྱུས་དང་འཆར་གཞི་སྡེ་ཚན་གཞི་བཙུགས་འབད་མི་འདི་གིས་ སྤུས་ཚད་དང་འཆར་གཞི་བརྩམ་ནིའི་བྱ་རིམ་ཚུ་འཇོན་ཅན་བཟོ་སྟེ་ འབྲེལ་ཡོད་ལས་སྡེ་དང་འཆར་གཞི་ལྷན་ཚོགས་ཀྱི་བར་ན་ འབྲེལ་མཐུད་སྦོམ་འབྱུང་བཅུག་མི་སྡེ་ཚན་ཅིག་ལུ་འགྱུརཐབས་ལུ་དམིགས་ཏེ་གཞི་བཙུགས་འབད་ནུག །

སྤྱི་ལོ་ ༡༩༩༥ ལུ་ འཆར་གཞི་ལྷན་ཚོགས་འདི་ འཆར་གཞི་ལྷན་ཁག་སྦེ་བཟོ་གནང་ནུག།  མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ སྔོན་མ་ཡོད་པའི་ལྷན་རྒྱས་གཞུང་ཚོགས་འདི་ཧྲམ་འདི་ འཛིན་སྐྱོང་གི་དབང་ཚད་འདི་ བཙག་འཐུ་ལས་གྲུབ་པའི་བློན་པོ་ལྷན་ཚོགས་ལུ་གནང་སྟེ་ སྤྱི་ལོ་ ༡༩༩༨ ལུ་ འཆར་གཞི་ལྷན་ཁག་འདི་ ལོག་འདི་ར་འཆར་གཞི་ལྷན་ཚོགས་སྦེ་བཟོ་གནང་ནུག་ ཨིན་དེ་ར་འབད་རུང་ སྤྱི་ལོ་ ༢༠༠༣ སྤྱི་ཟླ་ ༦ པའི་ནང་ལུ་ འཆར་གཞི་ལྷན་ཚོགས་འདི་ཧྲམ་འདི་ ལྷན་ཚོགས་ཡིག་ཚང་གི་མིང་སོར་ཏེ་ དངུལ་རྩིས་ལྷན་ཁག་འོག་ལུ་ འཆར་གཞི་ལས་ཁུངས་སྦེ་བཟོ་གནང་ནུག །

རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ཐེངས་ ༨༤ པའི་ནང་ལུ་ མི་སེར་འཐུས་མི་ཚུ་གིས་ འཆར་གཞི་ལྷན་ཚོགས་ཧྲམ་ཡོད་པའི་ གནད་དོན་དེ་གུར་ཚ་བྱང་ཚུ་ཞུ་བ་ཡུལ་ཡི། མི་སེར་འཐུས་མི་གིས་ཞུ་བ་ཕུལ་ཡོད་མི་དང་འཁྲིལ་ཏེ་ སྤྱི་ལོ་ ༡༠༠༥ ལུ་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ཐེངས་ ༨༤ ཚོགས་གནང་བའི་སྐབས་ འཆར་གཞི་ལྷན་ཚོགས་འདི་ལོག་ར་གཞི་གཙུགས་འབད་དགོཔ་སྦེ་ཆ་འཇོག་གྲུབ་གནང་གནང་ནུག །

རྒྱུ་མཚན་དེ་ལུ་བརྟེན་ འཆར་གཞི་ལྷན་ཚོགས་འདི་ ལོག་སྟེ་ར་གཞི་བཙུགས་འབད་དེ་ ལྷན་ཚོགས་ཀྱི་ཁྲི་འཛིན་འདི་ མི་རྗེ་བློན་ཆེན་ ཁྲི་འཛིན་འོག་མ་འདི་ དངུལ་རྩིས་བློན་པོ་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱི་དྲུང་ཆེན་རྩིས་ཏེ་ གཞུང་གི་དྲགོས་དྲུང་ཚུ་འཐུས་མི་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་དྲུང་འདི་འཐུས་མི་དྲུང་ཆེན་སྦེ་བསྐོ་བཞག་མཛད་གནང་ནུག །

སྤྱི་ལོ་ ༢༠༠༧ ལུ་ ང་བཅས་རའི་འབྲུག་རྒྱལ་ཁབ་ཀྱི་གཞན་དང་མ་འདྲ་བའི་ངོས་ལེན་ཅན་གྱི ཡར་རྒྱས་གོང་འཕེལ་གྱི་ལྟ་བ་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལུ་གཞི་བཞག་སྟེ་ འཆར་གཞི་ལྷན་ཚོགས་ཡིག་ཚང་ལས་ མིང་སོར་ཏེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་ཟེར་བཏགས་གནང་ནུག །

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་གི་ལཱ་འགན་འདི་ འཆར་གཞི་ལྷན་ཚོགས་ཀྱི་ལཱ་ག་ཨིན་མི་འདི་འབག་དགོ་པའི་ཁར་ལུ་ རྒྱལ་ཡོངས་གནཚ་ཚད་ཀྱི་ཡར་རྒྱས་གོང་འཕེལ་གྱིས་ མི་མང་གི་དགའ་སྐྱིད་འདི་ཡར་དྲགས་བཏང་ནིའི་འགན་ཁུར་ཡང་འབག་དགོཔ་ཨིན།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་སྦེ་གཞི་བཙུགས་འབད་བའི་ཤུལ་ལས་ རྒཡལ་ཁབ་ནང་ལུ་ ད་རེས་ནངས་པ་ སྲིད་དོན་དང་འབྲེལ་བའི་དམངས་གཙོའི་རིང་ལུགས་ཀྱི་འགྱུར་བ་ཚུ་འབྱུང་མི་ཚུ་ལས་བརྟེན་ ལྷན་ཚོགས་དང་དེའི་འབྲེལ་ཡོད་ལས་སྡེ་ཚུ་གིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་དང་ལྷན་ཚོགས་ཡིག་ཚང་འདི་ ཁྱད་རིག་གི་ཞབས་ཏོག་དང་འབྲེལ་བྱིན་མི་དང་ ལྷན་ཐབས་འབད་མི་གཙོ་བོ་ཅིག་ཨིནམ་སྦེ་ཤེས་རྟོག་འབྱུང་ནུག །

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱིས་ གོང་གི་ལཱ་འགན་ཚུ་འཇོན་ཐངས་ཅན་གྱི་ཐོག་ལས་འབག་ཚུགསཔ་མ་ཚུགསཔ་ལུ་རག་ལས་ནི་ཨིན་པའི་ཁར་ལུ་ ཡིད་ཆེས་ཚུགས་པའི་ རྒྱལ་ཡོངས་ཀྱི་གནས་རིམ་ལུ་ འཆར་གཞི་དང་སྲིད་བྱུས་ཚུ་གི་ལམ་སྟོན་འབད་ནི་ཚུ་ཨིན་པས། རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་དམིགས་དོན་དང་དམིགས་ཡུལ་ཚུ་ ཐིག་ཁྲམ་ ༡ པའི་ནང་གསལ་བཀོད་འབད་དེ་ཡོད།

ཐིག་ཁྲམ་ ༡ པ། རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་དམིགས་དོན་དང་དམིགས་ཡུལ།

འཆར་སྣང་། རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱིས་ འབྲུག་མི་ཚུ་དགའ་སྐྱིད་ཡར་དྲགས་བཏང་ཚུགསཔ་བཟོ་ནི།
དམིགས་སྐྱེད། རྒྱལ་ཁབ་ཀྱི་གཞི་མ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་དང་འཁྲིལ་ཏེ་ ཡར་རྒྱས་གོང་འཕེལ་འདི་ འབྲུགཔ་མི་ཡོངས་ཀྱི་དགའ་སྐྱིད་ཡར་དྲགས་བཏང་ཚུགསཔ་བཟོ་ནི།
དམིགས་དོན། · འཆར་གཞི་དང་སྲིད་བྱུས་ཚུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་དང་འཁྲིལ་ འབྲེལ་མཐུན་བཟོ་ནི་ལུ་ལམ་སྟོན་འབད་ནི།

· ལོ་ལྔའི་འཆར་གཞིའི་ གྲུབ་འབྲས་གཙོ་ཅན་ཚུ་འཇོན་ཐངས་ཅན་སྦེ་ལག་ལེན་འཐབ་ཚུགས་བཟོ་ནི།

· རྒྱལ་ཡོངས་ལྟ་རྟོག་དང་དབྱེ་ཞིབ་རིམ་ལུགས་ཀྱི་ ལམ་ལུགས་འགོ་བཙུགས་ནི།

· དཀའ་ངལ་ཅན་གྱི་སྡེ་ཚན་ཚུ་གིས་མཁོ་འདོད་ཚུ་ངེས་པར་དུ་གྲུབ་ཚུགསཔ་བཟོ་ནི།

· སྲིད་བྱུས་ དེ་ལས་དང་འཆར་གཞི་དང་ལས་རིམ་ཚུ་གིས་ སྣ་མང་ལས་སྣ་དང་འབྲེལ་བའི་དཀའ་ངལ་ཚུ་དུས་མཐུན་བཟོ་ནི།

·  རྒྱལ་ཡོངས་གོང་འཕེལ་གྱི་འཆར་གཞི་དང་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་གཉིས་ དུས་མཐུན་བཟོ་ཐབས་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་འདི་ ཁྲིམས་དོན་གྱི་དབང་ཆ་ཡོད་པའི་ལྷན་ཚོགས་ཅིག་སྦེ་གཞི་བཙུགས་འབད་ནི།

དམིགས་ཡུལ། · ཕུག་གི་མཐའ་དོན་ལུ་ མི་སྡེ་དཔལ་འབྱོར་གོང་འཕེལ་བཏང་ནི་དང་ཐབས་ལམ་ཚུ་ལུ་ལམ་སྟོན་འབད་ནི།

· ལོ་ལྔའི་འཆར་གཞི་ ལོ་བསྟར་འཆར་གཞི་དང་ མི་དམངས་ཀྱི་མཐའ་དོན་ལུ་སྲིད་བྱུས་བརྩམ་ནི་ལུ་འགོ་འཁྲིད་འབད་ནི།

· རྒྱལ་སྤྱིད་དང་ལུང་ཕྱོགས་ཀྱི་འགན་ལེན་ཚུ་ཤེས་རྟོག་འབད་ནི་ཐབས་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་འདི་ འཆར་གཞི་དང་སྲིད་བྱུས་ཚུ་འབྲེལ་མཐུན་ཡོདཔ་བཟོ་ནི།

· འཆར་དངུལ་ཚུ་ལངམ་སྦེ་ དུས་ཚོད་ཁར་འཚོལ་གྲུབ་འབད་དེ་ འདྲ་མཉམ་དང་འཇོན་ཐངས་ཅན་གྱི་ཐོག་ལས་བགོ་ཀྲམ་འབད་ནི།

· ལྟ་རྟོག་དང་ལྷན་ཐབས་འབད་ནི་ དེ་ལས་སྲིད་བྱུས་ལག་ལེན་འཐབ་ནི་ འཆར་གཞི་དང་ལས་རིམ་ཚུ་གིས་ཞབས་ཏོག་འཇོན་ཐངས་ཅན་གི་ཐོག་ལས་མཁོ་སྤྲོད་འབད་ནི།

· སྲིད་བྱུས་དང་འཆར་གཞི་ཚུ་དུས་ཚོད་ཁར་དབྱེ་ཞིབ་འབད་ནི་དང་ སྲིད་བྱུས་དང་འཆར་གཞི་ཚུ་ནོར་བ་འབྱུང་མི་ཚུ་དག་བཅོས་འབད་དེ་རྒྱབ་བསྣོན་བསམ་འཆར་བཀོད་ནི།

The GNHC services are cross sectoral in nature. The client system and services provided are grouped into four categories.

ལས་མགྲོན་རིམ་ལུགས་དང་ཞབས་ཏོག་ཚུ།

འབྲེལ་ཡོད་ལྷན་ཁག་ ལས་སྡེ་ཚུ་དང་ས་གནས་གཞུང་།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་དམིགས་སྐྱེད་ངོ་མ་ར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་དང་འཁྲིལ་ཏེ་ ཡར་རྒྱས་གོང་འཕེལ་བཏང་སྟེ་མི་སེར་གྱིས་ དགའ་སྐྱིད་དང་ལྡནམ་སྦེ་བཞག་ནི་འདི་ཨིན། དམིགས་སྐྱེད་དེ་ཚུ་གྲུབ་ཐབས་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཡིག་ཚང་གིས་ རྒྱལ་ཡོངས་ཀྱི་གཙོ་རིམ་དམིགས་ཡུལ་ཚུ་གྲུབ་ཐབས་ལུ་ གཞུང་ལྟེ་བའི་ལས་སྡེ་དང་ས་གཞུང་ལུ་ སྤྱིར་བཏང་གི་སྲིད་བྱུས་དང་འཆར་གཞིའི་གཞི་བཀོད་ཚུ་གིས་ལམ་སྟོན་འབད་དགོཔ་ཨིན།

དེ་གིས་ཡང་མ་དོར་བར་ ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཡིག་ཚང་གིས་ ལས་སྡེ་ཚུ་ལུ་མ་དངུལ་དུས་ཚོད་ཁར་འཚོལ་གྲུབ་འབད་དེ་བྱིན་དགོཔ་ཨིན། མ་དངུལ་འཚོལ་གྲུབ་དེ་ཡང་ མ་དངུལ་འཚོལ་གྲུབ་ཀྱི་བྱ་རིམ་བརྒྱུད་དེ་འབདཝ་ཨིན།

འཆར་གཞིའི་ལས་རིམ་དང་ལས་སྣ་ཚུ་ལེགས་ཤོམ་སྦེ་ལག་ལེད་འཐབ་ནིའི་དོ་ལས་ འབྲེལ་ཡོད་ལས་སྡེ་ལུ་ དཀའ་ངལ་འབྱུང་མི་ཚུ་སེལ་ཐབས་ལུ་ལྷན་ཐབས་འབདཝ་ཨིན།

རྒྱལ་སྤྱིའི་གྲོགས་རམ་འབད་མི་ལས་སྡེ་ཚུ།

ཁས་ལེན་འབད་དེ་ཡོད་པའི་གྲོགས་རམ་མ་དངུལ་དང་འཁྲིལ་ཏེ་ ལས་སྣ་དང་ལས་རིམ་ཚུ་ལག་ལེན་ཚུགས་ནིའི་དོན་ལས་ ནང་འཁོད་ཐོན་སྐྱེད་མ་དངུལ་ལུ་ལྷན་ཐབས་ཀྱི་དོན་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་གིས་ ཕྱི་རྒྱལ་་གྱི་གྲོགས་རམ་འཚོལ་གྲ྄བ་འབདཝ་ཨིན། ད་ལྟོའི་བར་ན་ཡང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་འདི་ རྒྱལ་ཁབ་ནང་འཁོད་ཀྱི་གོང་འཕེལ་དོན་ལུ་ མ་དངུལ་འཚོལ་གྲུབ་འབད་མི་ལས་སྡེ་ཅིག་ཨིནམ་དང་ ལྷན་ཚོགས་ཡིག་ཚང་གིས་ གྲོགས་རམ་གྱི་བྱ་སྒོའི་ལམ་ལུགས་ཚུ་བཟོ་འདི་ རྒྱལ་ཡོངས་ཀྱི་གཙོ་རིམ་དམིགས་ཡུལ་དང་འཁྲིལ་ཏེ་ གཞུང་འབྲེལ་གྱི་གྲོགས་རམ་དང་གཅིག་ཁར་རིམ་སྒྲིག་བཟོ་དགོཔ་ཨིན།

འབྲུག་གི་མི་སེར།

མ་གཞི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་འདི་ འཆར་གཞིའི་ལས་རིམ་དང་ལས་སྣ་ཚུ་ལག་ལེན་འཐབ་མི་ཐད་ཀར་གྱི་ལས་སྡེ་ཅིག་མེན་ ཨིན་དེ་ར་འབད་རུང་ འབྲུགཔམི་ཚུ་ལུ་ གཞུང་གིས་ཁ་ཐུག་ལས་ ཁོང་རའི་ངོས་འཛིན་འབད་ཡོད་པའི་རེ་དོན་ཚུ་ འཆར་གཞི་ནང་ལུ་བཀོད་དེ་ཡོད་མི་ཚུ་ གྲུབ་ནིའི་དོན་ལུ་ཕྱག་ཕྱིད་ཞུཝ་ཨིན། རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་གིས་དམིགས་གསལ་ལཱ་འགན་འདི་ དཀའ་ངལ་ཅན་གྱི་སྡེ་ཚན་ཚུ་གི་དོན་ལུ་མཁོ་འདོད་ཚུ་བཙུགས་ནི་དང་ སྣ་མང་གོང་འཕེལ་གྱི་གནད་དོན་ཚུ་ཡང་ རྒྱལ་ཡོངས་དང་ས་གནས་གཞུང་གི་འཆར་གཞི་དང་སྲིད་བྱུས་ནང་བཙུགས་དགོཔ་ཨིན། དེ་འབདཝ་ལས་བརྟེན་ཏེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་ཁ་ཐུག་ལས་ རྒྱལ་ཁབ་ཀྱི་མཐའ་དོན་ལུ་ དུསཐུང་དང་ཕུག་གི་འཆར་སྣང་ཚུ་གྲ་སྒྲིག་འབད་བའི་སྐབས་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་ནང་ལུ་འཁོད་དེ་མི་ཡོདཔ་ཞིན་ འབྲུག་གི་མི་སེར་ཚུ་གིས་རེ་དོན་གྲུབ་ནི་འདི་ གཙོ་རིམ་ཅན་སྦེ་བརྩི་དགོཔ་ཨིན།

སྲིད་བྱུས་དང་ཁྲིམས་བཟོ་མི – རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས།

དུས་ནམ་ར་འབད་རུང་ རྒྱལ་ཁབ་ཀྱི་མཐའ་དོན་ལུ་ སྲིད་འབྲེལ་དང་འབྲེལ་བའི་མཁས་རིག་ཚུ་གི་དོན་ལུ་ སྲིད་བྱུས་བརྩམ་མི་དང་ཁྲིམས་བཟོ་མི་ཚུ་གིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ལུ་རེད་དགོཔ་འཐོནམ་ཨིན། རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱིས་ རྒྱབ་ཁུངས་དང་ལྡན་པའི་སྲིད་བུས་ལམ་སྟོན་དང་ རྒྱལ་ཁབ་ལུ་རྒྱ་ཁྱབ་དཔལ་འབྱོར་གྱི་གདོང་ལེན་འབྱུང་མི་ཚུ་རྩིས་ཏེ་ ཡར་རྒྱས་གོང་འཕེལ་གྱིས་གདོང་ལེན་སྦོམ་ཚུ་གི་སྐོར་ལས་ཞལ་བཀོད་ཕུལ་དགོཔ་དང་ རྒྱལ་ཁབ་ལུ་རྒྱ་ཁྱབ་དཔལ་འབྱོར་གྱི་གདོང་ལེན་འབྱུང་མི་ཚུ་མར་འབད་ནིའི་ཐབས་ལམ་བཏོན་དགོ་པའི་ཁར་ལུ་ མ་འོངས་པའི་མཐའ་དོན་ལུ་ ཕུག་གི་གནས་སྟངས་ཚུ་གི་སྐོར་ལས་ཡང་རྒྱབ་སྣོན་ཕུལ་དགོཔ་ཨིན།