ལོ་ལྔའི་འཆར་གཞི་ ༡༢ པ ༼༢༠༡༨ ལས་ ༢༠༣༠༽ དེབ་ཚན་ ༢ པ ། གཞུང་ལྟེ་བའི་འཆར་གཞི།

འཆར་གཞི ༡༢ པ་བརྩམ་ནི་འདི་ཡང་ དུས་སྟོན་ཁྱད་པར་ཅན་མང་རབས་ཅིག་དང་ཁ་ཐུག་བརྐྱབ་སྟེ་ཡོདཔ་ལས་བརྟེན་ཏེ་ འབྲུག་མི་ཡོངས་ལུ་དུས་སྟོན་འདི་གལ་གནད་ཅན་ཅིག་ཨིན། དེ་ཡང་ང་ཅས་རའི་རྒྱལ་ཁབ་ཀྱི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གསེར་ཁྲི་གུར་བྱོན་ཏེ་ལོ་ངོ་ ༡༢ དང་ རྒྱལ་བརྒྱུད་ཀྱི་རིང་ལུགས་གཞི་བཙུགས་འབད་དེ་ལོ་ངོ་ ༡༡༡ འཁོར་བའི་དུས་སྟོན་དང་ དེའི་ནང་འཁོད་རྒྱལ་ཁབ་འདི་ཡར་རྒྱས་གོང་འཕེལ་གྱི་བགོམ་པ་འདུན་དུ་སྤོ་བའི་དུས་སྟོན་ཚུ་ཡང་བརྩི་སྲུང་ཞུ་འདི་ཡོད། ང་བཅས་རའི་རྒྱལ་ཁམས་ཀྱི་ ཡབ་རྗེ་དམ་པ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ཐུགས་རྗེ་བྱིན་རླབས་ཚུ་ཡང་འཕྲོ་མཐུད་དེ་ར་ཞུ་བཞིན་དུ་ཡོད། རྒྱལ་ཁབ་ཀྱི་ཞི་བདེ་དང་མི་སེར་ཚུའི་བདེ་སྐྱིད་འབྱུང་ཐབས་ལུ་ ལོ་ངོ་ ༢༢ གི་རིང་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ཁྲི་རབས་ ༧༠ པ་མཆོག་གིས་ཡང་ སྐུ་འོ་རྒྱལ་བ་ལུ་མ་གཟིགས་པར་ཞབས་ཏོག་གང་དྲགས་མཛད་གནང་མི་འདི་ཡང་ ང་བཅས་ག་ར་གིས་སྤྱན་གྱིས་གཟིགས་ས་ཨིན། ང་བཅས་རའི་རྒྱམས་ཀྱི་སྲས་ མི་དབང་རྒྱལ་སྲས་འཇིགས་མེད་རྣམ་རྒྱལ་མཆོག་ སྐུ་འཁྲུངས་མི་འདི་གིས་ཡང་ འབྲུག་མི་ཡོངས་ཀྱི་བརྒྱུད་ལུ་འཕྲོ་མཐུད་དེ་ར་དགའ་བ་ཚད་མེདཔ་འབྱུང་སའི་གནས་ལུ་འགྱུར་འདི་ཡོད། འབྲུག་གི་སྤྱི་ཚོགས་ ༣ པའི་བཙག་འཐུའི་བྱ་རིམ་ནང་ལུ་མི་དམངས་གྲལ་གཏོགས་ཡང་ ཡར་སེང་ཐོག་ལས་བཙག་འཐུ་འདི་མཐར་འཁྱོལ་ཅན་སྦེ་འགྱོ་འདི་ཡོད། བཙག་འཐུའི་སྐབས་ལུ་ ཕྱག་ཕྱིད་གང་དྲགས་ཞུ་འདི་བཙག་འཐུ་འདི་མཐར་འཁྱོལ་ཅན་སྦེ་འགྱོ་བའི་ངོས་འཛིན་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་གི་བཙག་འཐུ་ལྷན་ཚོགས་དང་འབྲུག་རྒྱང་བསྒྲགས་ལས་འཛིན་ལུ་གཟེངས་བསྟོད་ཀྱི་རྟགས་མ་ཡང་གནང་ཡི། ལོ་ལྔའི་འཆར་གཞི་ ༡༢ པ ༼༢༠༡༨ ལས་ ༢༠༣༠༽ དེབ་ཚན་ ཁ་གསལ་ཆེད་ལྷབ་ནི།

ལོ་ལྔའི་འཆར་གཞི་ ༡༢ པ། ༼སྤྱི་ལོ་༢༠༡༨ ལས་ ༢༠༢༣༽ དེབ་ཚན་ ༣ པ། ས་གནས་གཞུངི་གི་འཆར་གཞི།

ལོ་ལྔའི་འཆར་གཞི་ ༡༢ པ། ༼སྤྱི་ལོ་༢༠༡༨ ལས་ ༢༠༢༣༽ དེབ་ཚན་ ༣ པ། ས་གནས་གཞུངི་གི་འཆར་གཞི། བུམ་ཐང་། ཆུ་ཁ། དར་དཀར་ན།  མགར་ས། ཧཱ། ལྷུན་རྩེ། མོང་སྒར། སྤ་རོ། པདྨ་དགའ་ཚལ།  སྤུ་ན་ཁ། བསམ་རྩེ། གསར་སྤང་།  བསམ་གྲུབ་ལྗོངས་ཁར། ཐིམ་ཕུག  བཀྲ་ཤིས་སྒང་། བཀྲ་ཤིས་གཡང་རྩེ། ཀྲོང་གསར། རྩི་རང་། དབང་འདུས་ཕོ་འབྲང་། གཞལམ་སྒང་།   ཐིམ་ཕུག་ཁྲོམསྡེ། ཕུན་ཚོགས་གླིང་ཁྲོམ་སྡེ། དགེ་ལེགས་ཕུག་ཁྲོམ་སྡེ། བསམ་གྲུབ་ལྗོངས་ཁར་ཁྲོམ་སྡེ།

ལོ་ལྔའི་འཆར་གཞི་ ༡༢ པའི་ལམ་སྟོན། (༢༠༡༨-༢༠༢༣)

གཞུང་གིས་ཁ་ཐུག་ལས་ ལོ་ལྔའི་འཆར་གཞི་ ༡༢ པ་བརྩམ་ནིའི་ལམ་སྟོན་འདི་ ད་རེས་ལས་ཆ་འཇོག་གྲུབ་གནང་ཡི། ལོ་ལྔའི་འཆར་གཞི་ ༡༢ པའི་དམིགས་ཡུལ་འདི་ དབང་ཚད་ཕྱིར་སྤེལ་རྒྱ་བསྐྱེད་བཏང་ཐོག་ལས་འདྲ་མཉམ་དང་ཞི་བདེ་མཐུན་སྒྲིག་དང་ལྡན་པའི་ཁར་ ཡུན་བརྟན་ཅན་གྱི་མི་སྡེ་ཟེར་བཞག་སྟེ་ཡོད། རྒྱལ་ཡོངས་གྲུབ་འབྲས་གཙོ་ཅན་ ༡༦ ངོས་འཛིན་འབད་དེ་ཡོད་མི་འདི་ཚུ་ཡང་ རྒྱལ་ཡོངས་བརྡ་སྟོན་གཙོ་ཅན་བརྒྱུད་དེ་དབྱེ་ཞིབ་འབད་ནི་ཨིན། ལོ་ལྔའི་འཆར་གཞི་ ༡༢ པ་བརྩམ་ནིའི་ལམ་སྟོན་འདི་ཡང་ གོ་བརྡའི་ལས་རིམ་མང་རབས་ཅིག་འགོ་འདྲེན་ འཐབ་པའི་ཤུལ་ལས་ མགྱོགས་པ་ར་ གསར་བཏོན་འགོ་འབྱེད་མཛད་གནང་ནི་ཨིན། ད་རེས་ཀྱི་འཆར་གཞི་བཟུམ་སྦེ་ར་མིན་པར་ རྒྱལ་ཡོངས་གྲུབ་འབྲས་གཙོ་ཅན་འདི་ཡང་ ལས་སྡེའི་གྲུབ་འབྲས་གཙོ་ཅན་དང་ས་གནས་གཞུང་གི་གྲུབ་འབྲས་གཙོ་ཅན་ཚུ་གིས་ལྷན་ཐབས་འབད་དགོཔ་ཨིན། ལོ་ལྔའི་འཆར་གཞི་ ༡༢ པའི་ལམ་སྟོན། – ཕབ་ལེན།

འཆར་གཞི་ ༡༡ པའི་བར་མཚམས་བསྐྱར་ཞིབ་ཀྱི་སྙན་ཞུ།

ལོ་ལྔའི་འཆར་གཞི་བཅུ་གཅིག་པ་འདི་ གནམ་ལོ་༢༠༠༨ ལུ་དམངས་གཙོའི་རྩ་ཁྲིམས་ཅན་གྱི་རྒྱལ་བརྒྱུད་ཀྱི་རིང་ལུགས་འདི་འགོ་བཙུགས་ཞིནམ་ལས་ ལོ་ལྔའི་འཆར་གཞི་གཉིས་པ་ཨིན། དེ་ཡང་ འབྲུག་གི་དམངས་གཙོའི་རྩ་ཁྲིམས་ཅན་གྱི་རྒྱལ་བརྒྱུད་ཀྱི་རིང་ལུགས་ཀྱི་རིང་ལུ་ བཙག་འཐུ་ལས་གྲུབ་པའི་གཞུང་གིས་འཆར་གཞི་བརྩམ་སྟེ་ལག་ལེན་འཐབ་མི་ ལོ་ལྔའི་འཆར་གཞི་གཉིས་པ་ཨིན། དེ་འབདཝ་ལས་བརྟེན་ཏེ་ ལོ་ལྔའི་འཆར་གཞི་ ༡༡ པ་གིས་ འདས་པའི་རིང་ལུ་ ཡར་རྒྱས་གོང་འཕེལ་དང་གྲུབ་འབྲས་ཐོན་མིའི་ཉམས་མྱོང་ཚུ་ལས་བརྟེན་ཏེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་དམིགས་ཡུལ་གྲུབ་དགོཔ་དང་འཁྲིལ་ཏེ་ ད་ལས་ཕར་གནས་སྐབས་དང་རིག་པ་གསརཔ་བཏོན་ཏེ་ ང་བཅས་རའི་ཕུག་གི་མཐའ་དོན་ཚུ་གྲུབ་ཐབས་ལུ་གཙོ་བོ་བཏོན་ནིའི་གོ་སྐབས་བཟང་པོ་བྱིནམ་ཨིན་པས། འཆར་གཞི་ ༡༡ པ བརྩམ་ནིའི་བྱ་རིམ་ནང་ལུ་ འབྲེལ་ཡོད་ཚུ་གིས་རྒྱ་ཆེ་དྲགས་སྦེ་བཅའ་མར་གཏོགས་ནིའི་དོན་ལས་ ལོ་ལྔའི་འཆར་གཞི་ ༡༡ པ་བརྩམ་ནིའི་ཕྱག་ལཱ་འདི་ སྤྱི་ལོ་ ༢༠༡༡ སྤྱི་ཟླ་ ༨ པ་ལས་ར་འགོ་བཙུགས་ཡོདཔ་ཨིན། འབྲེལ་ཡོད་ལས་སྡེ་ཚུ་དང་གཅིག་ཁར་གྲོས་མང་རབས་གཅིག་འགོ་འདྲེན་འཐབ་པའི་ཤུལ་ལས་ ལོ་ལྔའི་འཆར་གཞི་ ༡༡ པའི་ཟིན་བྲིས་འདི་ སྤྱི་ལོ་ ༢༠༡༣ ཟླ་ ༨ པའི་ནང་ལུ་ ལྷན་རྒྱས་གཞུང་ཚོགས་གསརཔ་ལུ་སྤྱན་འབུལ་ཕུལ་ཡི། ཁ་གསལ་ཆེད་ལྷབ་ནི།