དུས་རྒྱུན་བཀོད་པའི་དྲི་བ། (ཨེཕ་ཨེ་ཀིའུ།)

སོ་ནམ་ཞིང་ལམ་ལེགས་བཅོས་ཀྱི་ལས་འགུལ་གྱི་ དམིགས་ཡུལ་འདི་ག་ཅི་ཨིན་ན?

སོ་ནམ་ཞིང་ལམ་ལེགས་བཅོས་དགོ་པའི་གནད་དོན་གཙོ་བོ་ར་ མ་འོངས་དཔལ་འབྱོར་ཐབས་ལམ་གྱི་ཆ་ཤས་ཅིག་སྦེ་གཞི་བཙུགས་འབད་ཡོད་མི་འདི་གིས་ ས་གནས་ཀྱི་དཔལ་འབྱོར་ ས་གནས་ནང་ལུ་ལཱ་གཡོག་གི་གོ་སྐབས་དང་ནང་འདྲེན་གྱི་ཚབ་མ་ཚུ་གོང་འཕེལ་བཏང་ཐབས་ལུ་དམིགས་ཏེ་འགོ་བཙུགསཔ་ཨིན། སོ་ནམ་དང་ནགས་ཚལ་ལྷན་ཁག་ ཞབས་ཏོག་ལྷན་ཁག་དང་ ས་གནས་གཞུང་གི་རྫོང་ཁག་དང་རྒེད་འོག་བདག་སྐྱོང་ཚུ་དང་གྲོས་བསྟུན་ཐོག་ལས་ ལས་རིམ་ཆ་ཚང་སྦེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱིསའགོ་འདྲེན་འཐབ་ནི་ཨིན།

སོ་ནམ་ཞིང་ལམ་ལེགས་བཅོས་ཀྱི་དོན་ལུ་ དམིགས་བསལ་གྱི་དམིགས་ཡུལ་འདི་གཤམ་གསལ་ལྟར་ཨིན།
ཟ་འཐུང་རང་མགོ་རང་འདྲོངས་ཡར་དྲགས་བཏང་ནི།
ས་གནས་ཀྱི་མི་སྡེ་དཔལ་འབྱོར་མཐའ་སྐྱོང་འབད་ནི་དང་།
བློ་གཏད་ཅན་གྱི་མཐུད་ལམ་བརྒྱུད་དེ་ སོ་ནམ་འཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་ཚུགསཔ་བཟོ་ནི།

སོ་ནམ་ཞིང་ལམ་ལེགས་བཅོས་ཀྱི་དོན་ལུ་ གྱངས་ཁ་ག་དེམ་ཅིག་ངོས་འཛིན་འབད་ཡི་ག?

ད་ལྟོ་གི་སོ་ནམ་ཞིང་ལམ་ ཡོངས་བསྡོམས་ལས་ཧ་ལམ་ ༢༣༡༢ དེམ་ཅིག་ མ་དངུལ་ཚད་རྩིས་ལས་ ས་ཡ་ ༡༦.༥ དེ་ཅིག་གནས་པའི་ ཀི་ལོ་མི་ཊར་ ༩༨༨༣ དེམ་ཅིག་ ལེགས་བཅོས་འབད་ནིའི་དོན་ལུ་ངོས་འཛིན་འབད་དེ་ཡོད། མ་དངུལ་འཚོལ་གྲུབ་ཀྱི་གནས་སྟངས་དང་ལག་ལེན་འཐབ་ཐངས་འཇམ་ཏོང་ཏོ་བཟོ་ནིའི་དོན་ལུ་ གོ་རིམ་དང་པ་ གཉིས་པ་དང་གསུམ་པའི་འོག་ལུ་ངོས་འཛིན་འབད་དེ་ཡོད།

སོ་ནམ་ཞིང་ལམ་ལེགས་བཅོས་ཀྱི་གོ་རིམ་དང་པའདི་ ནམ་ལས་འགོ་བཙུགས་ཡི?

སོ་ནམ་ཞིང་ལམ་ལེགས་བཅོས་འདི་གོ་རིམ་དང་པའི་འོག་ལུ་ སྤྱི་ལོ་ ༢༠༢༠ སྤྱི་ཟླ་ ༩ པའི་གཞི་བཙུགས་འབད་ཡོདཔ་ཨིན། གོ་རིམ་དང་པའི་འོག་ལུ་ སོ་ནམ་ཞིང་ལམ་ལེགས་བཅོས་འདི་ཡང་ རྒེད་འོག་རེ་ལུ་སོ་ནམ་ཞིང་ལམ་རེ་རེ་འབད་འཕྲོ་ཡོད། ད་ལྟོ་ཡོད་པའི་སོ་ནམ་ཞིང་ལམ་རིང་འཐུང་ཧ་ལམ་ ཀི་ལོ་མི་ཊར་ ༡༥༥༥ དེམ་ཅིག་ལེགས་བཅོས་ཀྱི་དོན་ལུ་ མ་དངུལ་ཡོངས་བསྡོམས་ཧ་ལམ་ས་ཡ་ ༢.༦ དེ་ཅིག་ཟད་འགྲོ་བཏང་ནི་ཨིན།

སོ་ནམ་ཞིང་ལམ་ལེགས་བཅོས་འབད་ནིའི་ གོ་རིམ་དང་པའི་འོག་ལུ་འབད་མི་ ལས་འགུལ་གྱི་དུས་ཡུན་འདི་ག་དེམ་ཅིག་ཨིན་ན?
ལས་འགུལ་འདི་ཟླ་ངོ་དྲུག་གི་ནང་འཁོད་མཇུག་བསྡུ་ཚུགས་པའི་རེ་བ་ཡོད། ཨིན་དེ་ར་འབད་རུང་ སོ་ནམ་ཞིང་ལམ་གྱི་རིང་ཚད་  ས་ཆའི་གནས་སྟངས་དང་གནམ་གཤིས་གནས་སྟངས་ དེ་ལས་ད་རེས་ནངས་པ་ཁྱབ་ནད་ཆེ་བའི་ནད་ཡམས་ལས་བརྟེན་ཏེ་ ས་གནས་གཞུང་གི་ས་གནས་སོ་སོ་ལུ་ ལས་འགུལ་གྱི་ཞག་དུས་འདིལུ་འགྱུར་བཅོས་འགྱོ་འོང་། སོ་ནམ་ཞིང་ལམ་འགོ་ཐོག་དང་པ་འདི་ ཟླ་ངོ་ལྔ་གི་ནང་འཁོད་མཇུག་བསྡུ་ཚུགས་ཡི། (བུ་རི་ཆུ་རྡོ་བཱན་གྱི་སོ་ནམ་ཞིང་ལམ་ སེར་གྱི་ཐང་རྒེད་འོག་ རྩི་རང་།)

འ་ནི་སོ་ནམ་ཞིང་ལམ་ཚུ་ལེགས་བཅོས་ཀྱི་འབད་ནིའི་དོན་ལུ་ གཙོ་རིམ་ག་དེ་སྦེ་སྒྲིག་ཡི?
སོ་ནམ་ཞིང་ལམ་གྱི་གཙོ་རིམ་འདི་ གཤམ་འཁོད་ཚད་གཞི་དབྱེ་བ་བཞི་གུར་གཞི་བཞག་ཡོདཔ་ཨིན།
འཐོན་སྐྱེད། (༣༥%)
བཟོ་བསྐྲུན་གྱི་ལོ། (༡༥%)
ཁྱིམ་གུང་གི་གྱངས་ཁ། (༢༥%)
སོ་ནམ་ས་ཞིང་གི་རྒྱ་ཚད། (༢༥%)
སོ་ནམ་ཞིང་ལམ་རིང་ཤོས་འབད་མི་ ཁྱིམ་གུང་གྲངས་མང་སུ་ཅིག་ལུ་ཕན་ཐོགས་མི་དང་འཐོན་སྐྱེད་ལེགས་ཤོམ་ཡོད་པའི་ས་ཞིང་ནང་ལས་འཁོར་ལམ་ཕོག་མི་ཚུ་ལུ་གཙོ་རིམ་ཅན་སྦེ་བརྩི་དོ་ཡོདཔ་ཨིན། དེ་ཡི་ནང་དོ་ཉིད་ལས་ཡང་ གཙོ་རིམ་དེ་ཡང་ ས་གནས་གཞུང་གིས་འོས་མཐུན་བཟོ་བཟོཝ་ཨིན།

འཁོར་ལམ་རེ་རེ་ལུ་ལེགས་བཅོས་ཀྱི་དོན་ལུ་ གོང་ཚད་ག་་དེམ་ཅིག་སྨོ?
ཇི་ཨེས་བི་དང་གཡུར་བ་ལུ་ འཁོར་ལམ་རེ་རེ་ལུ་ལེགས་བཅོས་ཀྱི་རིན་གོང་འདི་ ཀི་ལོ་མི་ཊར་རེ་ལུ་ དངུལ་ཀྲམ་ས་ཡ་ ༡.༦༦ ཨིན་པས། རིན་གོང་ཚད་རྩིས་འདི་ཡང་ ཞབས་ཏོག་ལྷན་ཁག་གིས་བཏོན་བཏོནམ་ཨིན།

སོ་ནམ་ཞིང་ལམ་ལེགས་ཀྱི་ལཱ་གི་ནང་ལུ་ ཁྱབ་ཚད་ག་ཅི་ར་ཚུད་འདི་ཡོད་གས་གས་གཞུང་གིས་ གཞན་ལཱ་འབད་ཚུགས་ག?
སོ་ནམ་ཞིང་ལམ་ལེགས་ཀྱི་ལཱ་གི་ནང་ལུ་ ཇི་ཨེས་བི་དང་ཝི་དབྱིབས་ཀྱི་གཡུར་བ་རྐྱངམ་ཅིག་ཚུདཔ་ཨིན། ཨིན་དེ་ར་འབད་རུང་ ལཱ་གི་ཁྱབ་ཚད་ནང་ལུ་ཚུད་ཡོད་མི་གི་མ་དོར་བར་ འཆར་དངུལ་ཚད་གཞི་གི་ནང་ལས་མ་དངུལ་ཁ་སྐོང་འཐོན་པ་ཅིན་ ས་གནས་གཞུང་གིས་ ལས་སྣ་གཞན་ཡང་འབད་ནིའི་གོ་སྐབས་ཡོད། བགོ་ཀྲམ་འབད་དེ་ཡོད་པའི་མ་དངུལ་འདི་འཇོན་དྲགས་ཅན་སྦེ་ལག་ལེན་འཐབ་སྟེ་ ད་ལྟོ་ཡོད་པའི་སོ་ནམ་ཞིང་ལམ་ཚུ་ལེགས་བཅོས་འབད་དེ་ དུས་རྒྱུན་ལག་ལེན་འཐབ་ཚུགསཔ་བཟོ་འདི་ ས་གནས་གཞུང་གིས་འགན་ཁུར་ཨིན།

འཁོར་ལམ་ལེགས་བཅོས་ལཱ་གི་དོན་ལུ་ ཁྱད་རིག་གི་ཁ་གསལ་ག་ཅི་ར་སྨོ?
གོ་རིམ་དང་པའི་འོག་ལུ་ འཁོར་ལམ་ལེགས་བཅོས་ཀྱི་ ཁྱད་རིག་ཁ་གསལ་བྱིན་ཡོད་མི་འདི་གཤམ་གསལ་ལྟར་ཨིན།

འཁོར་ལམ་གུར་སོ་ལིང་སྒྲིག་ནི། (ཇི་ཨེས་བི): ༢༠༠ མི་ཊར།
ཀོརས་ཕཱོལ༢༥%
ག. གཡུར་བའི་རྒྱ་ཚད།. མི་ཊར། (ཝི་གཡུར་བ)
ཁྱད་རིག་ཁ་གསལ་འདི་ ཞབས་ཏོག་ལྷན་ཁག་གིས་བཟོ་བཟོཝ་ཨིན།

སོ་ནམ་ཞིང་ལམ་ལེགས་ཀྱི་ལཱ་གི་དོན་ལུ་ག་ཅི་འབད་ འཁོར་ལམ་གུར་སོ་ལིང་༼ཇི་ཨེས་བི་༽ འདི་གདམ་ཁ་བརྐྱབ་ཨིན་ན?
ཚད་རྩིས་འདི་ཡང་ བརྩི་ནག་བཏང་ནི་ རྡོ་ཞིབ་ལབ་དང་ཇི་ཨེས་བི་ལི་གཞི་བཞག་སྟེ་བཏོན་བཏོནམ་ཨིན། ངོས་འཛིན་འབད་དེ་ཡོད་པའི་སོ་ནམ་ཞིང་ལམ་གྱི་དོན་ལུ་ མ་དངུལ་ཚད་རྩིས་ཀྱི་དགོས་མཁོ་འདི་ དངུལ་་ཀྲམ་དུང་ཕྱུར་ ༥༢ དངུལ་ཀྲམ་དུང་ཕྱུར་ ༥༧  དངུལ་ཀྲམ་དུང་ཕྱུར་ ༡༦  སོ་སོ་སྦེ་བཞག་འདི་ཡོད། ཟད་འགྲོ་བཏང་ཚུགས་ཐབས་ལུ་ ས་གནས་ནང་འཁོད་ལུ་ཡོད་པའི་རྒྱུ་ཆ་ ས་གནས་ཀྱི་ལས་མི་ སྒེར་གྱི་ལས་སྡེ་ཚུ་གྲལ་གཏོགས་ ལཱ་གཡོག་གི་གོ་སྐབས་བཟོ་ནི་དང་ ཉམས་བཅོས་ཀྱི་ཟད་འགྲོ་མར་ཕབ་ཚུ་ལུ་བལྟ་སྟེ་ ཇི་ཨེས་བི་གི་གཡུར་བའི་གདམ་ཁ་བརྐྱབ་རྐྱབས་ཨིན།

༡༠གནས་ཚད་ཅན་གྱི་རིན་གོང་བཏོན་ནི་མེན་པར་ ས་དབྱིབས་དང་གནམ་གཤིས་གནས་སྟངས་ལས་བརྟེན་པའི་དགོས་མཁོའི་རིན་གོང་བཏོན་པ་ཅིན་མ་བཏུབ་ཡོད་ག?

མ་གཞི་ཚ་གྱང་འདི་ཡང་གལ་གནད་ཅན་ཨིན་ ཨིན་དེ་ར་འབད་རུང་ སོ་ནམ་ཞིང་ལམ་ལེགས་བཅོས་ཀྱི་མ་དངུལ་ཚད་ཅིག་ལས་བརྒལ་མེདཔ་ལས་ གནས་ཚད་ཅན་གྱི་རིན་གོང་ལག་ལེན་འཐབ་དགོཔ་འཐོན་ཡི། ས་ཆ་དང་གནམ་གཤིས་གནས་སྟངས་ལས་བརྟེན་ཏེ་ མ་དངུལ་དགོས་མཁོ་ཡར་སེང་འགྱོ་མི་འདི་བདེ་སྒྲིག་བཟོ་ནིའི་དོན་ལུ་ ས་གནས་གཞུང་ལུ་ ལཱ་གི་ཁྱབ་ཚད་ཡང་འགྱུར་བཅོས་འབད་ནིའི་ས་སྒོ་བཞག་འདི་ཡོད། གོང་གི་ལཱ་ཚུ་ལས་བརྟེན་ཏེ་མ་དངུལ་ཁ་སྐོང་འཐོན་པ་ཅིན་ རང་སོའི་འཆར་དངུལ་ཚད་གཞི་གི་ནང་འཁོད་ལས་བཏང་དགོཔ་ཨིན།

༡༡འཁོར་ལམ་གྱི་ལཱ་གི་གོ་སྐབས་ཚུ་ཆ་འཇོག་འབད་དེ་ཡོད་མི་ཚུ་ ས་གནས་གཞུང་གིས་འགྱུར་བཅོས་ཐབས་ཡོད་ག?
ཆ་འཇོག་འབད་དེ་ཡོད་པའི་ལཱ་གི་ཁྱབ་ཚད་ནང་ལུ་ འཁོར་ལམ་གུར་སོ་ལིང་༼ཇི་ཨེས་བི༽བརྐྱབ་ནི་དང་གཡུ་བ་ཚུ་ཚུད་དེ་ཡོད། ཨིན་དེ་ར་འབད་རུུང་ ས་ཆའི་གནས་སྟངསདང་འཁྲིལ་ཏེ་ ས་གནས་གཞུང་གིས་ ཇི་ཨེས་བི་ལས་སོ་ལིང་བརྐྱབ་ནི་ བརྩི་ནག་བཏང་ནི་ རྡོ་ཞིབ་ལམ་ལ་སོགས་པ་ཚུ་འགྱུར་བཅོས་འབད་ཆོག་ནི་དང་  དེ་ལས་ ཝི་དབྱིབས་ཀྱི་གཡུར་བ་ལས་ ཡུ་དབྱིབས་ཀྱི་གཡུར་བ་ ཕེརེནཆི་གི་ གཡུར་བ་ལ་སོགས་པ་ཚུ་འགྱུར་བཅོས་འབད་ཆོག་རུང་ ཇི་ཨེས་བི་ ཡང་ཅིན་ ཝི་དབྱིབས་ཀྱི་གཡུར་བ་ཚུ་ཁྱད་རིག་ལྟར་དུ་འབད་བ་ཅིན་ འོས་མཐུན་མེདཔ་སྦེ་མཐོང་ཡོདཔ་ཨིན།

༡༢ས་གནས་གཞུང་གིས་གཞན་གཏན་འཇགས་ཀྱི་ལཱ་ཚུ་འབད་ནིའི་དོན་ལུ་ མ་དངུལ་ཁ་སྐོང་བྱིན་ཐབས་ཡོད་ག?
ས་གནས་གཞུང་ལུ་གཞན་གཏན་འཇགས་ཀྱི་ལཱ་ དཔྱེ་འབད་བ་ཅིན་ ཆུ་བྱག་བརྒྱབ་ནི་ ཟུར་ལམ་དང་བཏེ་ལམ་ལ་སོགས་པ་ཚུའི་དོན་ལུ་ མ་དངུལ་ཁ་སྐོང་བྱིན་ནི་མེད། གོང་གི་ལཱ་ཚུ་ལས་བརྟེན་ཏེ་མ་དངུལ་ཡར་སེང་འགྱོ་བ་ཅིན་ རང་སོའི་འཆར་དངུལ་ཚད་བགོ་ཀྲམ་གྱི་གཞི་གི་ནང་འཁོད་ལས་བཏང་དགོཔ་ཨིན།

༡༣སོ་ནམ་ཞིང་ལམ་ཚུ་ལེགས་བཅོས་འབད་ནིའི་དོན་ལུ་གོ་རིམ་དང་པའི་འོག་ལུ་ བལྟ་རྟོགས་ཀྱི་ཐབས་ལམ་ཚུ་ག་དེ་སྦེ་རང་སྒྲིག་འདི་ཡོག་ག་?
སོ་ནམ་ཞིང་ལམ་ལེགས་བཅོས་ཀྱི་ལཱ་ཚུ་ལག་ལེན་འཐབ་མི་ཅིག་ཨིནམ་ལས་ ལཱ་ཚུ་དུས་རྒྱུན་བལྟ་རྟོགས་འབད་ནི་འདི་ ས་གནས་གཞུང་གི་འགན་འཁུར་ཨིན། འདི་དང་འབྲེལ་ ས་གནས་གཞུང་གི་འཆར་གཞིའི་ལས་ཚན་བརྒྱུད་དེ་ ལས་སྣ་ཚུ་ལག་ལེན་འཐབ་ཡོད་པའི་ཟླ་རིམ་གྱི་གྲུབ་འབྲས་གནས་སྟངས་འདི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱིས་ལེན་ནི་ཨིན། ་གྲུབ་འབྲས་སྙན་ཞུ་འདི་ཡང་ མི་རྗེ་བློན་ཡིག་ཚང་ནང་ལུ་ཕུལ་དགོཔ་ཨིན། ཟླ་རིམ་གྱི་སྙན་ཞུ་ནང་ལུ་ དཀའ་ངལ་དང་གདོང་ལེན་གྱི་གནད་དོན་ག་ཅི་འཐོན་རུང་ དེ་འཕྲོ་ལས་སེལ་ནི་ཨིན།  རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ ཡང་ཅིན་ ཞབས་ཏོག་ལྷན་ཁག་གཉིས་མཉམ་འབྲེལ་ཐོག་ལས་ ས་ཁོངས་བལྟ་རྟོགས་ཀྱི་བལྟ་སྐོར་ཡང་འབད་ནི་ཨིན། ཞབས་ཏོག་ལྷན་ཁག་འོག་གི་ ལམ་སེལ་ལས་ཁུངས་ཡིག་ཚང་བརྒྱུད་དེ་ སོ་ནམ་ཞིང་ལམ་ལེགས་བཅོས་ལུ་ ཁྱད་རིག་་གི་རྒྱབ་བསྐྱོར་དང་འཁོར་ལམ་གྱི་སྤུས་ཚད་བལྟ་རྟོགས་གཉིས་ཆ་ར་བལྟ་རྟོགས་འབད་དགོཔ་སྦེ་ཞུ་བ་ཕུལ་འདི་ཡོད།

༡༤གོ་རིམ་དང་པའི་འོག་ལུ་ སོ་ནམ་ཞིང་ལམ་ཚུ་ལེགས་བཅོས་འབད་ནི་འདི་ ནམ་ལས་འགོ་བཙུགས་ནི་སྨོ?
 གོ་རིམ་གཉིས་པའི་འོག་ལུ་ སོ་ནམ་ཞིང་ལམ་ལེགས་བཅོས་ཀྱི་ལཱ་འགོ་བཙུགས་ནི་འདི་གཙོ་བོ་ར་ གོ་རིམ་དང་པའི་འོག་གི་སོ་ནམ་ཞིང་ལམ་ལེགས་བཅོས་འབད་ཚར་འདི་ཡོད་པའི་ལཱ་གི་སྤུས་ཚད་དབྱེ་ཞིབ་ལུ་རག་ལས་ནི་ཨིན།
དེ་ཡི་ནང་དོག་ཉིད་ལས་ཡང་ གོ་རིམ་གཉིས་པའི་འོག་གི་སོ་ནམ་ཞིང་ལམ་ལེགས་བཅོས་ཀྱི་ལཱ་འདི་ ནམ་བྱཱར་གྱི་དུས་ཚོད་མཇུག་མ་བསྡུ་ཚུན་ཕར་ཕུད་བརྐྱབ་ཡོད་མི་འདི་ཡང་ ནམ་བྱཱར་གྱི་དུས་ལུ་ ཇི་ཨེས་བི་གིས་ལཱ་འདི་འབད་ནིའི་འོས་འབབ་མེདཔ་ལས་བརྟེ་ཏེ་ཨིན།

༡༥ས་གནས་གཞུང་གི་བདག་སྐྱོང་ལུ་ སོ་ནམ་ཞིང་ལམ་ལེགས་བཅོས་འབད་ནི་གི་མ་དངུལ་ལས་ སོ་ནམ་ཞིང་ལམ་གསར་བཏོན་ཆོག་ག?
ས་གནས་གཞུང་གིས་ སོ་ནམ་ཞིང་ལེགས་བཅོས་ཀྱི་ལཱ་འདི་ མ་དངུལབགོ་ཀྲམ་འབད་ཡོད་མི་ནང་འཁོད་བརྐྱབ་ཆོག། ཨིན་རུང་ གཙོ་རིམ་བཟོ་ནི་དང་སོ་ནམ་ཞིང་ལམ་གསརཔ་བཏོན་ནི་འདི་ རང་སོའི་རྫོང་ཁག་ཚོགས་འདུ་དང་རྒེད་འོག་ཚོགས་སྡེ་ལུ་ཐོབ་དབང་ཡོད་ ས་གནས་གཞུང་གིས་སོ་ནམ་ཞིང་ལམ་གསརཔ་བཏོནམ་ད་ལུ་ དགོས་མཁོ་ཆེ་ཧིང་དང་འཁྲིལ་དགོཔ་དང་ སོ་ནམ་ཞིང་ལམ་ག་མནོ་སར་བཏོན་ནི་ལས་འཛེམ་དགོཔ་ཨིན།

༡༦སོ་ནམ་ཞིང་ལམ་འདི་ ལེགས་བཅོས་འབད་ཚར་བའི་ཤུལ་མ་ འཛིན་སྐྱོང་གི་འཆར་གཞི་ཚུ་ག་ཅི་ར་ཡོད?
སོ་ནམ་ཞིང་ལམ་འདི་ ཆ་འཇོག་གྲུབ་སྟེ་ལག་ལེན་འཐབ་ཚར་བའི་ཤུལ་མ་ ཁྲིམས་ལུགས་ལྟར་དུ་ སོ་ནམ་ཞིང་ལམ་ བལྟ་རྟོགས་འབད་དེ་ཉམས་བཅོས་འབད་ནིའི་དོན་ལུ་ ས་གནས་གཞུང་གིས་ སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཟེར་ སྡེ་ཚན་འདི་ངེས་པར་དུ་བཟོ་དགོཔ་ཨིན།