མི་དབང་རྒྱལ་བཙུན་མཆོག་ དགུལ་ལོ་ ༣༠ བཞེས་པའི་འཁྲུངས་སྐར་དུས་སྟོན་ལུ་ བཀྲ་ཤིས་ལེགས་སྨོན་ཞུ་ནི།

མི་དབང་ཨ་ཞེ་རྒྱལ་བཙུན་མཆོག་སྐུ་འཁྲུངས་པའི་སྐལ་པ་བཟང་པོའི་ཉིནམ་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཚོམས་ལྷན་ཚོགས་ཀྱིས་ སྒོ་གསུམ་གུས་པ་ཆེན་པོའི་སྒོ་ལས་ བཀྲིས་བདེ་ལེགས་ཞུ་ནི་དང་འབྲེལ་ སྐུ་གཟུགས་བྲག་ལས་བརྟན་ ཆོས་སྲིད་ལུགས་གཉིས་ཀྱི་བསྟན་པ་དར་ཞིང་རྒྱས་ཏེ་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ནང་ བསྐལ་པ་མ་སྟོང་གི་བར་དུ་ ཞི་བདེ་དང་དགའ་སྐྱིད་ངང་ལུ་གནས་བཅུག་ཟེར་སྨོན་འདེབས་ཕུལཝ་ཨིན།

 

བཀྲ་ཤིས་བདེ་ལེགས།།