ལཱ་འགན།

སྔོན་བརྗོད།

  • དུས་ནམ་ར་འབད་རུང་ འབྲུག་པའི་མི་སེར་ཚུ་ལུ་ཕན་ཐོགས་འབྱུང་ཐབས་ལུ་ རྩ་ཁྲིམས་ཆེན་མོ་ལྟར་ རྒྱལ་ཁམས་ཀྱི་རེ་དོན་ཚུ་ མི་དབང་འབྲུག་རྒྱལ་བཞི་པའི་ཐུགས་ཀྱི་དགོངས་གཏེར་ལས་འཁྲུངས་པའི་ ཡར་རྒྱས་གོང་འཕེལ་གྱི་དམིགས་ཡུལ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་མཛད་ཤུལ་བཟང་པོ་དང་བསྟུན་དགོཔ་ཨིན།
  • སྤྱི་ཚོགས་ཀྱི་གཞུང་གི་རིམ་ལུགས་ལུ་རྒྱབ་སྐྱོར་གྱི་དོན་ལུ་ རེ་འདོད་དང་འཁྲིལ་ཏེ་ འགན་ཁུར་འབག་སྟེ་ དོན་སྨིན་ཅན་དང་འཇོན་ཐངས་ཅན་གྱི་ཐོག་ལས་ གཞུང་སྐྱོང་འབད་དགོ།
  • གཞུང་གིས་ སྔོན་མའི་འཆར་གཞི་ལྷན་ཚོགས་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་འཐུས་མི་དྲུང་ཆེན་ཚུ་གིས་ལཱ་འགན་གཅིག་བསྡོམས་འབད་དགོཔ་སྦེ་ ཐུགས་ཐག་བཅད་མི་འདི་ཡང་ གཞུང་གཅིག་གིས་ཕྱག་འགན་ཡང་ སྤྱིར་བཏང་གི་དམིགས་ཡུལ་གྲུབ་ཐབས་ལུ་དམིགས་གཏད་བསྐྱེད་དགོཔ་ཨིནམ་མཁྱེནམ་ལས་བརྟེན་ཏེ་ཨིན།
  • རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་ གཤམ་འཁོད་ལཱ་འགན་དང་བྱ་སྒོའི་ལམ་ལུགས་ཚུ་ གཞུང་གིས་ཆ་འཇོག་མཛད་ཡོདཔ་ཨིན།

དམིགས་ཡུལ།

གོང་འཕེལ་གྱི་སྲིད་བྱུས་དང་འཆར་གཞི་བརྩམ་མི་ཚུ་ཡང་ངེས་པར་དུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཚོམས་གྱི་ལྟ་བ་དང་འཁྲིལ་ ལག་ལེན་འཐབ་ནི་འདི་དགོ་པའི་ཁར་ལུ།

  • ནུས་ཤུགས་ཅན་གྱི་དམངས་གཙོའི་རིམ་ལུགས་ཀྱི་གཞི་འགྱམ་སྒྲིང་སྒྲིང་བཟོ་ནིའི་དོན་ལས་ འཕེལ་ནུས་ཅན་གྱི་དཔལ་འབྱོར་ཡར་དྲགས་བཏང་ནི།
  • མཐུན་སྒྲིག་དང་ལྡན་པའི་སྔར་སྲོལ་ལམ་ལུགས་དང་རང་བཞིན་གནས་སྟངས་ནང་ལུ་སྡོད་ནི།
  • དོན་སྨིན་ཅན་དང་ལེགས་ལྡན་གཞུང་སྐྱོང་།
  • རྒྱལ་ཁམས་ཀྱི་རྒྱུ་ནོར་ མི་སེར་ཚུ་ཡར་རྒྱས་བསྐྱེད་བཏགས་ནི་ལུ་ གཙོ་བོ་བཏོན་ནི།

ལཱ་འགན་ཚུ།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་འདི།

  • ལས་སྡེ་ཚུ་གི་སྲིད་བྱུས་དང་ཡར་རྒྱས་གོང་འཕེལ་གྱི་དམིགས་ཡུལ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་གཉིས་གཅིག་མཐུན་བཟོ་ཐབས་ལུ་ སྲིད་བྱུས་བརྩམ་ནི་ལུ་ འགོ་འདྲེན་འཐབ་སྟེ་ སྣ་ཁྲིད་འབད་མི་གཞུང་ལྟེ་བའི་ལས་སྡེ་ཅིག་ཨིན།
  • མ་འོངས་པའི་སྲིད་བྱུས་དང་འཆར་གཞི་གོང་འཕེལ་གྱི་དོན་ལུ་ལམ་སྟོན་འབད་ཐབས་ལུ་ ཕུག་གི་འཆར་གཞི་ཚུ་བརྩམ་ནི་ལུ་ལམ་སྟོན་དང་རྒྱ་བསྐྱོར་འབད་ནི།
  • ལོ་ལྔའི་གཞི་བརྩམ་ནི་ལུ་ལམ་སྟོན་དང་རྒྱབ་སྐྱོར་འབད་ནི།
  • ལྷན་རྒྱས་གཞུང་ཚོགས་ལུ་ཕུན་ནིའི་དོན་ལས་ ལོ་ལྔའི་འཆར་གཞི་བསྐྱར་ཞིབ་འབད་དེ་ཆ་འཇོག་འབད་ནི།
  • ལོ་ལྔའི་འཆར་གཞི་གོང་འཕེལ་གྱི་དོན་ལུ་ མ་དངུལ་གོ་བཀྲམ་ཚུ་བསྐྱར་ཞིབ་འབད་དེ་ རྒྱབ་བསྣོན་འབད་དགོ།
  • རྒྱ་ཁྱབ་དཔལ་འབྱོར་མཉམ་འབྲེལ་ཚོགས་ཆུང་གིས་འབྲེལ་ཐག་བཅད་མི་ལུ་གཞི་བཞག་སྟེ་ མ་དངུལ་འཚོལ་གྲུབ་ཀྱི་ལམ་སྟོན་བྱིན་དགོ་ དངུལ་རྩིས་ཚོགས་ཆུང་གིས་བཀོད་ཡོད་པའི་འཐོན་ཁུངས་དང་འཁྲིལ་ མ་དངུལ་འཚོས་གྲུབ་ཀྱི་ལམ་སྟོན་བྱིན་དགོ།
  • གོང་འཔེལ་སྲིད་བྱུས་དང་འཆར་གཞི་ཚུ་གིས་སྐོར་ལས་གོ་དོན་གྱི་དོན་ལས་ ཞིབ་འཚོལ་ ཞིབ་མཇུག་ ཞིབ་དཔྱད་དང་དབྱེ་ཞིབ་ཚུ་འགོ་འདྲེན་འཐབ་དགོ
  • གཞུང་ལུ་སྙན་ཞུ་ཕུལ་ནིའི་དོན་ལས་དོན་ལས་ སྲིད་བྱུས་གོང་འཕེལ་དང་འཆར་གཞི་ཚུའི་ གྲུབ་འབྲས་དང་ལཱ་གི་གྲུབ་འབྲས་ཚུ་བསྐྱར་ཞིབ་འབད་མི་དེ་ཡང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ལུ་ ཡང་བསྐྱར་ལམ་སྟོན་བྱིན་ཐབས་ལུ་ཨིན།
  • མ་དངུལ་གོ་བཀྲམ་གྱི་གཞི་བཀོད་འདི་བསྐྱར་ཞིབ་འབད་དེ་ཆ་འཇོག་འབད་ནི།
  • སྣ་མང་ལས་སྡེ་ཚུ་དང་མཉམ་འབྲེལ་འབད་དེ་ སྲིད་བྱུས་དང་འཆར་གཞི་ཚུ་དོན་སྨིན་ཅན་ཅིག་སྦེ་ལག་ལེན་འཐབ་ཚུགས་ནིའི་དོན་ལས་ དཀའ་ངལ་ཚུ་སེལ་དགོ
  • ལྷན་རྒྱས་གཞུང་ཚོགས་ཀྱིས་ ལཱ་འགན་ག་ཅི་བཟུམ་བྱིན་མི་དང་འཁྲིལ་ཕྱག་ཞུ་དགོཔ།
  • རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱིས་ ལཱ་འགན་དང་འཁྲིལ་ཕྱག་ལཱ་མཛད་ཐབས་ལུ་ ་ མཁས་པའི་སྡེ་ཚོགས་རྩིས་ཏེ་ ལས་སྡེ་གཞན་ག་ལས་འབད་རུང་ རྒྱབ་སྐྱོར་རེ་དགོ་པ་ཅིན་འཚོལ་དགོ་ཨིན། ། མཁས་པའི་སྡེ་ཚོགས་ཀྱིས་ཕྱག་འགན་ཡང་ གཞུང་གི་སྲིད་བྱུས་འདི་གིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལུ་ ཕན་ཐོགས་འབྱུང་ཐབས་ཀྱི་དོ་ལས་ཐད་བཀར་གྱི་བསམ་འཆར་ཚུ་བྱིན་དགོ ། མཁས་པའི་སྡེ་ཚོགས་ཀྱིས་ཕྱགའགན་་གཙོ་བོ་འབག་དགོཔ་འདི་ར་ སྲིད་བྱུས་གྲོས་འཆར་དང་དེའིགནོད་པ་ཚུ་ ཞིབ་འཇུག་དང་ཞིབ་འཚོལ་ བསྐྱར་ཞིབ་འབད་ནི་ཚུ་འགོ་བཙུགས་དགོཔ་ཚུ་ཨིན།

འཐུས་མིའི་གོ་གནས།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་འཐུས་མི་འདི་གཤམ་གསལ་ལྟར་ཨིན།

  • བློན་ཆེན། ཁྲི་འཛིན།
  • དངུལ་རྩིས་བློན་པོ། ཁྲི་འཛིན་འོག་མ།
  • ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ཆེན།
  • ལྷན་ཁག་ཚུ་གི་དྲུང་ཆེན་ཚུ།
  • རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱི་འགོ་འཛིན།
  • རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་དྲུང་ཆེན།
  • རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་དྲུང་ཆེན། འཐུས་མི་དྲུང་ཆེན།
  • ལྷན་ཚོགས་ཀྱིས་དགོ་འདོན་དང་བསྟུན་ འཐུས་མི་མ་ཡིན་པའི་གཞན་འགོ་དཔོན་ཚུ་ཡང་ གྲོས་བསྡུར་གྱི་དོན་ལས་བཅའ་མར་གཏོགས་ནི་ཨིན།

ལྷན་ཚོགས་ཡིག་ཚང་།

  • ལྷན་ཚོགས་ཡིག་ཚང་གིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ལུ་ ཕྱག་ཞུ་ནི་ཨིན།

 


དབང་ཚད་ཅན་གྱི་གོ་གནས་བཟུང་མི།

  • ལྷན་ཚོགས་ཀྱི་ཁྲི་འཛིན་འདི་ བློན་ཆེན་དང་ དངུལ་རྩིས་བློན་པོ་འདི་ཁྲི་འཛིན་འོག་མ་ཨིན། དེ་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཀྱི་དྲུང་ཆེན་འདི་ འཐུས་མི་དྲུང་ཆེན་ཨིན།

ལག་ལེན་སྒྲིག་གཞི།

ཐུས་མི་ཚུ་གིས:

  • ལྷན་ཚོགས་ཀྱིས་འཐུམས་མི་ཚུ་གིས་ དྲང་བདེན་ ཐ་དམ་ཚིག་དང་འབད་བརྩོན་ཆེན་པོའི་སྒོ་ལས་ ལྷན་ཚོགས་ཀྱི་དམིགས་ཡུལ་གྲུབ་ཐབས་ལུ་ ཁྱད་རིག་གི་ལཱ་ ཁྱད་དུ་འཕགསཔ་སྦེ་ཡར་དྲགས་བཏང་དགོཔ་ཨིན།
  • ལྷན་ཚོགས་འདི་གིས་ཕྱག་ཚུ་འཇོན་ཐངས་ཅན་གྱི་ཐོགས་ལས་གནང་ནི་དང་ དྲང་བདེན་ལུ་གནོད་པའི་ གནང་བ་མེད་པའི་བརྡ་དོན་བྱིན་ནི་ཚུ་ལས་འཛེམ་དགོཔ་ཨིན།
  • ལྷན་ཚོགས་ཀྱི་མིང་གཏམ་ལུ་གནོད་པའི་ཕྱག་ལཱ་མཛད་ནི་ལས་འཛེམ་དགོཔ་དང་ ཕྱག་ལཱ་མཛད་པའི་སྐབས་ལུ་ གཞུང་འབྲེལ་གྱི་སྒྲིག་མཐུན་གུར་གནས་དགོ

ཁྲི་འཛིན་གྱི་དབང་ཚད་དང་ཕྱག་འགན་ཚུ།

ཁྲི་འཛིན་གྱིས་:

  • ལྷན་ཚོགས་ཡིག་ཚང་གི་ གྲོས་འབུལ་ཕུལ་མི་ ཞལ་འཛོམས་ཀྱི་ཚེས་གྲངས་དང་གྲོས་གཞི་ ཆ་འཇོག་གནང་ནི།
  • ལྷན་ཚོགས་ཀྱི་ཞལ་འཛོམས་འགོ་བཙུགས་ནི་དང་མཇུག་བསྡུ་ནི་ གྲོས་བསྡུར་གྱི་ལམ་སྟོན་འབད་ནི་ གྲོས་བསྡུར་འདི་སྒྲིག་མཐུན་འབད་ནི་ གསུང་གྲོས་སྐབས་ བློགྲོས་བསྡུར་གནང་ནིའི་དབང་ཆ་འདུག་ མིན་འདུག་ཚུ་གཟིགས་ནི་ གྲོས་བསྡུར་འབད་མི་ཚུ་ལུ་ དྲི་བ་བཀོད་ནི་དང་ གྲོས་ཐག་བཅད་མི་ཚུ་ གསལ་བསྒྲགས་གནང་ནི་ཚུ་ ཁྲི་འཛིན་གྱིས་ཕྱག་འགན་ཨིན།
  • ཁོ་མོ་གང་རུང་གིས་ བྱ་སྒོའི་ལམ་ལུགས་དང་འཁྲིལ་ གྲོས་བསྡུར་གྱི་གནད་དོན་ཚུ་གྲོས་ཐག་བཅད་ནི་ཨིན་ན་ གྲོས་ཐག་མ་བཅད་པར་བཞག་ནིའི་དབང་ཚད་ཡང་ཡོད།
  • གྲོས་བསྡུར་འབད་མི་ལུ་གཞི་བཞག་སྟེ་ ལམ་སྟོན་ཚུ་བྱིན་དགོ
  • དགོས་མཁོ་དང་འཁྲིལ་ཏེ་ དམིགས་བསལ་གྱི་མགྱོནམོ་ཚུ་ངེས་པར་དུ་དགོཔ་འཐོན་པ་ཅིན་ ཞལ་འཛོམས་ནང་བཅའ་མར་གཏོགས་པར་མགྲོན་བརྡ་འབད་འོང་།

ཁྲི་འཛིན་འོག་མའི་དབང་ཚད་དང་ཕྱག་འགན་ཚུ།

  • ཁྲི་འཛིན་འདི་བྱོན་མ་ཚུགས་པའི་སྐབས་ལུ་ ཁྲི་འཛིན་གྱི་དབང་ཚད་དང་ཕྱག་འགན་ཚུ་ ཁྲི་འཛིན་འོག་མའི་འགན་ལེན་འབད་ནི་ཨིན།

ལྷན་ཚོགས་ཡིག་ཚང་གི་ལཱ་དང་འགན་འཁུར་ཚུ།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཚོམས་ལྷན་ཚོགས་ཀྱི་ལཱ་འགན་འདི་གཤམ་གསལ་ལྟར་ཨིན།

  • འབྲེལ་ཡོད་ལས་སྡེ་ཚུ་དང་གྲོས་བསྟུན་ཐོགས་ལས་ མ་འོངས་པའི་སྲིད་བྱུས་དང་འཆར་གཞི་བརྩམ་ནི་ལུ་ལམ་སྟོན་དོན་ལུ་ ཕུག་གི་འཆར་གཞི་ཚུ་བརྩམ་དགོཔ་ཨིན།
  • ལོ་ལྔའི་འཆར་གཞིའི་དམིགས་ཡུལ་དང་དམིགས་གཏད་ཚུ་ དེ་ལས་རྒྱལ་ཡོངས་ཀྱི་གཙོ་རིམ་ཚུ་ངོས་འཛིན་འབད་དེ་ གྲོས་འཆར་བཀོད་དགོ།
  • སྲིད་བྱུས་གོང་འཕེལ་གྱི་དོན་ལུ་ དངུལ་རྩིས་ཚོགས་ཆུང་གིས་བཀོད་ཡོད་པའི་འཐོན་ཁུངས་ལུ་གཞི་བཞག་སྟེ་ རྒྱལ་ཡོངས་ཀྱི་གཙོ་རིམ་དང་འཁྲིལ་ འཆར་གཞི་དང་ལས་རིམ་ཚུ་བརྩམ་སྟེ་ གསར་སྒྲུབ་ཀྱི་འཆར་དངུལ་བཀོད་དགོཔ།
  • རྒྱལ་ཡོངས་ཀྱི་གོང་འཕེལ་དམིགས་ཡུལ་གྲུབ་ཐབས་ལུ་ འཆར་གཞི་བརྩམ་ནི་ ལོ་ལྔའི་འཆར་གཞི་དང་ལས་རིམ་ཚུ་བལྟ་རྟོག་ཚུ་འགོ་འཐབ་དགོ
  • དགོས་མཁོ་དང་འཁྲིལ་ཏེ་ ས་གནས་གཞུང་ལུ་ འཆར་གཞི་བརྩམ་ནི་ བལྟ་རྟོག་དང་དབྱེ་ཞིབ་འབད་ནིའི་ནང་ལུ་རྒྱབ་སྐྱོར་འབད་དགོ
  • སྲིད་བྱུས་ཚུ་བརྩམ་ད་ལུ་ གཞུང་གི་སྲིད་བྱུས་བརྩམ་ཐངས་ཀྱི་ལམ་ལུགས་དང་ངེས་རཔ་དུ་འཁྲིལ་དགོ
  • དགོས་མཁོ་དང་བསྟུན་ ཡང་ཅིན་གཞུང་གིས་བཀའ་རྒྱ་ལྟར་ མི་སྡེ་དཔལ་འབྱོར་གོང་འཕེལ་གྱི་དམིགས་ཡུལ་དང་ལས་རིམ་ཚུ་ གཞུང་གི་སྲིད་བྱུས་དང་འཁྲིལ་ཏེ་ གཅིག་འབྲེལ་དང་གཅིག་མཚུངས་སྦེ་འགྱོ་ཐབས་ལུ་ ཞིབ་འཚོལ་དང་སྲིད་བྱུས་དབྱེ་ཞིབ་ཚུ་འགོ་འདྲེན་འཐབ་དགོ
  • རྒྱལ་ཡོངས་ཀྱི་གོང་འཕེལ་དམིགས་ཡུལ་དངདམིགས་གཏད་གྲུབ་ཚུགས་མ་ཚུགས་བལྟ་ནིའི་དོན་ལུ་ སྲིད་བྱུས་ འཆར་གཞི་ ལས་རིམ་དང་ལས་སྣ་ཚུ་བརྟག་ཞིབ་དང་དབྱེ་ཞིབ་འབད་དགོ
  • གཞུང་གི་གཙོ་རིམ་དང་འཁྲིལ་ཏེ་ གོང་འཕེལ་གྱི་དོན་ལས་ གྲོགས་རམ་ཚུ་འགོ་འདྲེན་དང་འཛིན་སྐྱོང་འབད་ནི།

གོང་གི་ལཱ་འགན་ཚུ་གུར་ལུ་ ལྷན་ཚོགས་ཡིག་ཚང་གིས་ གཤམ་འཁོད་རྒྱབ་སྐྱོར་གྱི་ཞབས་ཏོག་ཚུ་འབད་དགོཔ་ཨིན།

  • ལས་སྡེ་ཚུ་གིས་ཕུལ་མི་ གྲོས་བསྡུར་་ཡིག་ཆས་ཚུ་ བསྐྱར་ཞིབ་འབད་དེ་ ཁྲི་འཛིན་ལུ་སྙན་སྒྲོན་ཞུ་དགོ
  • གྲོས་གཞི་ཚུ་གྲ་སྒྲིག་འབད་དེ་ ཞལ་འཛོམས་འདི་འགོ་འདྲེན་འཐབ་དགོཔ་ཨིན།
  • ཞལ་འཛོམས་མ་རན་པའི་བདུན་ཕྲག་གཅིག་གི་སྔ་གོང་ལས་ ཞལ་འཛོམས་ཀྱི་གྲོས་གཞི་དང་རྒྱབ་རྟེན་ཡིག་ཆས་ཚུ་ ལྷན་ཚོགས་ཀྱི་འཐུས་མི་ཚུ་ལུ་ངེས་པར་དུ་ཕུལ་དགོཔ་ཨིན།
  • ལྷན་ཚོགས་ཀྱི་འཛོམས་ཀྱི་དྲན་ཐོ་བཞག་ནི་དང་ དྲན་ཐོ་ཚུ་དུས་ཚོད་ཁར་ བཀྲམ་སྤེལ་འབད་དགོཔ་ཨིན།
  • ལྷན་ཚོགས་ཀྱིས་གྲོས་བཅད་ཡོད་མིའི་ལས་སྣ་ཚུ་ལྟ་རྟོག་འབད་ནི་དང་ལཱ་ཤུལ་ཚུ་དབྱེ་ཞིབ་འབད་དེ་ གནས་སྟངས་དང་གནད་དོན་ཚུ་གི་སྐོར་དུས་ཐོག་སྙན་ཞུ་ཕུལ་དགོཔ་ཨིན།
  • ལྷན་ཚོགས་ཀྱིས་གནང་མིའི་ཕྱག་ལཱ་ཚུ་མཛད་དགོཔ་ཨིན།

 


ལྷན་ཚོགས་ཞལ་འཛོམས་ ཚོགས་ཐེངས་ཀྱི་ལན་གྲངས།

  • ལྷན་ཚོགས་ཞལ་འཛོམས་འདི་ཉུང་ཤོས་ར་ཟླ་ངོ་ ༣ ནང་འཁོད་ལུ་ ཚར་རེ་ཚོགས་གནང་དགོཔ་ཨིན། ཞལ་འཛོམས་ཁ་སྐོང་ཚོགས་གནང་དགོ་རུང་ མི་རྗེ་ཁྲི་འཛིན་གྱི་བློ་འདོད་ལྟར་ཚོགས་ནི་དང་ ཡང་ཅིན་ ལྷན་ཚོགས་ཡིག་ཚང་གིས་ ཞུ་བ་ཕུལ་མི་དང་འཁྲིལ་ཚོགས་གནང་དགོཔ་ཨིན།

ལྷན་ཚོགས་ཞལ་འཛོམས་ཚོགས་ནིའི་གསལ་བསྒྲགས།

  • ལྷན་ཚོགས་ཀྱི་འཐུས་མི་ཚུ་གིས་ གྲོས་གཞི་འདི་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་ལུ་ བདུན་ཕྲག་ ༢ ཀྱི་སྔ་གོང་ལས་ཡིག་ཐོག་ལུ་གནང་དགོཔ་ཨིན།

གྲོས་གཞི།

  • ལྷན་ཚོགས་ཀྱི་འཐུས་མི་ཚུ་གིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་ལུ་ ལྷན་ཚོགས་ཞལ་འཛོམས་མ་ཚོགས་པའི་སྔ་གོང་ལས་ གྲོས་གཞི་འདི་ཡིག་ཐོག་ལུ་བཙུགས་དགོཔ་ཨིན། དེ་ལས་ལྷན་ཚོགས་ཡིག་ཚང་གིས་ གྲོས་གཞི་འདི་བསྐྱར་ཞིབ་འབད་དེ་ ཆ་འཇོག་གི་དོན་ལུ་ ལྷན་ཚོགས་ཀྱི་ཁྲི་འཛིན་ལུ་ཕུལ་དགོཔ་ཨིན།
  • གྲོས་བསྟུན་འབད་ནིའི་དོན་ལས་ སྙན་ཞུ་དང་དགོས་མཁོ་ཅན་གྱི་རྒྱབ་རྟེན་ཡིག་ཆས་ཚུ་ གྲོས་གཞི་དང་གཅིག་ཁར་ཞལ་འཛོམས་ཚོགས་མ་རནམ་ལས་ བདུན་ཕྲག་གཅིག་གི་སྔོན་མ་ལས་ཀྲམ་སྤེལ་འབད་དགོ

མཚན་ཐོ་བཀོད་ནི།

  • འཐུས་མི་ཚུའི་ངོ་སྦྱོར་གྱི་མཚན་ཐོ་འདི་ངེས་པར་དུ་འཁོད་དགོཔ་ཨིན།
  • ཞལ་འཛོམས་ནང་ལུ་བཅའ་མར་གཏོགས་མ་ཚུགས་པའི་འཐུས་མི་གང་རུང་གིས་ ཁྲི་འཛིན་མཆོག་ལུ་ ཡིག་ཐོག་ལུ་ ལྷོད་མ་ཚུགས་པའི་གནད་དོན་ཁ་གསལ་ཚུ་བཀོད་དེ་ཕུལ་དགོ

འཐུས་མི་གི་གྲངས་ཚད་ཚང་དགོཔ།

  • ལྷན་ཚོགས་ཀྱི་ཞལ་འཛོམས་ཚོགས་པའི་སྐབས་ འཐུས་མི་ཚུ་ གསུམ་དཔྱ་གཉིས་ངེས་པར་དུ་ཚང་དགོཔ་ཨིན།

འཐུས་མི་ཚུ་གིས་བཀོད་མི་གྲོས་གཞི།

  • ལྷན་ཚོགས་ཀྱི་འཐུས་མི་ག་གིས་འབད་རུང་ གྲོས་གཞི་གང་རུང་ཅིག་གྲོས་བསྡུར་དོན་ལུ་བཀོད་མི་འདི་ གསང་བ་སྦེ་བཞག་ནི་ཨིན། ལྷན་ཚོགས་ཀྱི་འཐུས་མི་ག་འབད་རུང་ གསལ་ཞུ་མ་འབད་བའི་སྔོན་མ་ ཁྲི་འཛིན་ལས་གནང་བ་ཞུ་དགོ ། འཐུས་སི་གང་རུང་ཅིག་གིས་ གསལ་ཞུ་འབད་མི་འདི་ གྲོས་བསྡུར་གནང་མི་གནད་དོན་འདི་ དོན་ཚན་དང་འབྲེལ་མེད་པ་ཅིན་ ཁྲི་འཛིན་མཆོག་གིས་ ཆ་མེད་བཏང་ནི་ཨིན།

གྲོས་ཐག་བཅད་ནི།

  • ལྷན་ཚོགས་ནང་གྲོས་ཐག་བཅད་ནི་གུར་ལྷོདཔ་ད་ ཐུས་མི་གེ་ར་ཁན་འཆམ་གྱི་ཐོག་ལས་གྲོས་ཐག་བཅད་ནི་དང་ གལ་གྲོས་ཐག་བཅད་ནི་ནང་ འཐུས་མི་འགྲན་འདྲ་འཐོན་པ་ཅིན་ ཁྲི་འཛིན་གྱིས་གྲོས་ཐག་བཅད་ནི་ཨིན།