སྙན་ཞུ་དང་པར་སྐྲུན།


ཁས་བླངས་ཀྱི་ རྒྱལ་ཡོངས་སྙན་ཞུ་ཐེངས་ ༢ པ་ སྤྱི་ལོ་ ༢༠༢༡ ཅནམ། – ཕབ་ལེན་འབད་ས།


འབྲུག་གི་མི་རློབས་དང་གོང་འཕེལ་གྱི་གནས་སྟངས་དབྱེ་ཞིབ་ ༢༠༡༨ ཅན་མ། – ཕབ་ལེན་འབད་ས།


ལོ་ལྔའི་རྒྱ་ཁྱབ་དཔལ་འབྱོར་གྱི་བརྡ་སྟོན་གཙོ་ཅན་  སྤྱི་ལོ་ ༢༠༢༠- ༢༠༢༡: ཟླ་ངོ་གསུམ་གསུམ་གྱི་ ཐེངས་རིམ་གསུམ་པའི་ རྒྱ་ཁྱབ་ཀྱི་བརྡ་སྟོན། – ཕབ་ལེན་འབད་ས།


རྒྱ་ཁྱབ་དཔལ་འབྱོར་གྱི་བརྡ་སྟོན་གཙོ་ཅན་ཚུ། རྩིས་ལོ་ ༢༠༡༧ ལས་ ༢༠༡༨ ཚུན།

  • རྒྱ་ཁྱབ་དཔལ་འབྱོར་གྱི་བརྡ་སྟོན་གཙོ་ཅན་ཚུའི་བཞི་དཔྱ་ ༡ པ།  – ཕབ་ལེན་འབད་ས།
  • རྒྱ་ཁྱབ་དཔལ་འབྱོར་གྱི་བརྡ་སྟོན་གཙོ་ཅན་ཚུའི་བཞི་དཔྱ་ ༢ པ།  – ཕབ་ལེན་འབད་ས།
  • རྒྱ་ཁྱབ་དཔལ་འབྱོར་གྱི་བརྡ་སྟོན་གཙོ་ཅན་ཚུའི་བཞི་དཔྱ་ ༣ པ།  – ཕབ་ལེན་འབད་ས།
  • རྒྱ་ཁྱབ་དཔལ་འབྱོར་གྱི་བརྡ་སྟོན་གཙོ་ཅན་ཚུའི་བཞི་དཔྱ་ ༤ པ།  – ཕབ་ལེན་འབད་ས།


གནམ་གཤིས་འགྱུར་བ་ལས་ཟློག་ཐབས་ཀྱི་དམིགས་གཏད་ཅན་གྱི་ལས་རིམ་ཟིན་བྲིས་ཡིག་ཆས། བསམ་འཆར་བཀོད་ནིའི་དུས་ཚོད་ཡང་ སྤྱི་ཟླ་ ༡༠ པའི་ཟླཝ་མཇུག་ཚུན། བསམ་འཆར་ཚུ་ཡང་མགོན་པོ་རྡོ་རྗེ་ལུ་གློག་འཕྲིན་ཐོག་གཤམ་འཁོད་ཡོངས་འབྲེལ་ཁ་བྱང་ནང་བཏང་གནང་ཟེར་ཞི་ནི་ཨིན།
gdorji@gnhc.gov.bt


སྤྱི་ལོ་ ༢༠༡༧ ལུ་ཚོགས་མི་ གྲོགས་མཉམ་འབྲེལ་ཞལ་འཛོམས་ཐེངས་ ༡༣ པ། ཡིག་ཆས་ཕབ་ལེན་འབད་ནིའི་དོན་ལས་ གཤམ་འཁོད་ཡོངས་འབྲེལ་འཆར་སྒོ་ནང་ལུ་གཟིགས་གནང་།


འབྲུག་གི་རྒྱ་ཆབ་དཔལ་འབྱོར་གྱི་བརྡ་སྟོན་ཚུ། སྤྱི་ལོ་ ༢༠༡༦ སྤྱི་ཟླ་ ༩ པ། – ཕབ་ལེན་འབད་ས།


ལྷོ་ཨེ་ཤི་ཡའི་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ སཱག་གི་ རྒྱལ་ཁབ་གོང་འཕེལ་དམིགས་ཡུལ་གྱི་སྙན་ཞུ་ ༢༠༡༥ ཅན་མ། – ཕབ་ལེན་འབད་ས།


འབྲུག་གི་སྐྱེ་ལྡན་གནས་སྟངས་ཡིག་ཆས་སྙན་ཞུ་ ༢༠༡༤ ཅན་མ། – ཕབ་ལེན་འབད་ས།


ལྷོ་ཨེ་ཤི་ཡའི་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ སཱག་གི་ རྒྱལ་ཁབ་གོང་འཕེལ་དམིགས་ཡུལ་གྱི་སྙན་ཞུ་ ༢༠༡༣ ཅན་མ། – ཕབ་ལེན་འབད་ས།


སྤྱི་ལོ་ ༢༠༡༣ ལུ་ཚོགས་མི་ གྲོགས་མཉམ་འབྲེལ་ཞལ་འཛོམས་ཐེངས་ ༡༢ པའི་ཡིག་ཆས།


རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་སྐོར་ལས་ ཕྲལ་ཕྲལ་ར་དྲི་བ་བཀོད་མི་ཚུ།


ཞི་བདེ་མཐུན་སྒྲིག་གི་ཐབས་ལམ་ལས་ དངུལ་བཙུགས་ལེན་གྱི་གཞི་བཀོད།


ལྷོ་ཨེ་ཤི་ཡའི་ལུང་ཕྱོགས་མཐུན་འབྲེལ་ཚོགས་པ་ སཱག་གོང་འཕེལ་གྱི་དམིགས་ཡུལ་ ༢༠༡༡ ཅན་མ།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་འདི་ ཨེ་ཤི་ཡའི་ལུང་ཕྱོགས་མཐུན་འབྲེལ་ཚོགས་པ་ སཱག་གོང་འཕེལ་གྱི་འབྲེལ་ཡོད་ལས་སྡེ་གཙོ་བོ་ཅིག་ཨིནམ་ལས་ སཱག་གི་ཡིག་ཚང་ལུ་ ལྷན་ཚོགས་ཡིག་ཚང་འོག་གི་ ཞིབ་འཚོལ་དང་དབྱེ་ཞིབ་སྡེ་ཚན་གྱིས་ ཡུན་བརྟན་གོང་འཕེལ་དམིགས་ཡུལ་གྱི་ དུས་ཕྱེད་བསྐྱར་ཞིབ་སྙན་ཞུ་འདི་ཕུལ་ཡི།

སྙན་ཞུ་འདི་ནང་ ད་ཚན་གྱི་བར་ན་ དམིགས་ཡུལ་ ༢༢ རེ་རེ་བཞིན་དུ་གིས་གྲུབ་འབྲས་ཚུ་བཏོན་འདི་ཡོད་མི་ཚུ་འཁོད་དེ་ཡོདཔ་དང་ བྱ་སྟབས་མ་བདེ་བའི་གནད་དོན་ཚུ་ངོས་འཛིན་འབད་དེ་ ཚ་བྱང་ཅན་གྱི་གནད་དོན་ཚུ་གུར་གཙོ་བོ་བཏོན་ནི་ཨིན། འདི་མ་ཚད་ སྙན་ཞུ་འདི་གིས་ གྲོས་ཐག་བཅད་མི་ཚུ་གིས་བར་ན་གོ་བརྡ་ཚུ་ཕར་འཕར་བཏང་སྟེ་ ཁག་ཆེ་བའི་ཡུན་བརྟན་གོང་འཕེལ་གྱི་དམིགས་ཡུལ་གུར་ སྲིད་ཚོགས་ཀྱི་ཁས་ལེན་ཚུ་ཡང་བསྐྱར་གསོ་འབད་ཚུགས་ནི་ཨིན།

ཡུན་བརྟན་གོང་འཕེལ་དམིགས་ཡུལ་སྙན་ཞུ་ ༢༠༡༡ ཅན་མ་དང་འཁྲིལཝ་ད་ བརྡ་སྟོན་མང་ཤོས་ཅིག་ནང་ལུ་ འབྲུག་རྒྱལ་ཁབ་འདི་གནས་སྟངས་ཚུ་ལེགས་ཤོམ་ཡོདཔ་སྦེ་བཏོན་ནུག ། འཚོ་བའི་གནས་སྟངས་ཀྱི་ཐད་ཁར་འབད་རུང་ འབྲུག་རྒྱལ་ཁབ་འདི་ དབུས་འཕོངསདང་བཀྲེས་སྐོམ་་མར་ཕབ་ འདྲ་མཉམ་མར་ཕབ་ གྲོང་གསེབ་ཀྱི་གཞི་རྟེན་མཁོ་ཆས་ཡར་དྲགས་བཏང་ནི་ དྲང་བདེན་གྱི་ཞབས་ཏོག་ཚུ་ཐོབ་ཚུགས་ནི་ དེ་ལས་ཨམ་སྲུ་དང་ཨ་ལོའི་སྐོར་ལས་ཚ་བྱང་ཚུ་སེལ་ཐབས་འབད་ནི་ཚུ་ལུ་ ལེགས་ཤོམ་ཡོདཔ་སྦེ་བཏོན་ནུག ། ཨིན་དེ་ར་འབད་རུང་ དམིགས་བསལ་གྱི་ ན་གཞོན་ལཱ་གཡོག་མེད་པའི་དཀའ་ངལ་སེལ་མ་ཚུགས་པར་ལུས་འདི་ཡོད། གསོ་བའི་ཐད་ཁར་ལྷོདཔ་ད་ སྙན་ཞུ་དང་འཁྲིལཝ་ད་ལུ་ ཨ་ལུ་དང་ཨའི་གི་འཕྲོད་བསྟེན་འདི་ཡར་དྲགས་སོང་ཡོདཔ་སྦེ་གསལ་བཏོན་འབྱུང་ནུག་ བད་ཀན་དང་ཚད་གནད་ཀྱི་ཐད་ལུ་ཡང་མར་ཕབ་འགྱོ་ཡོད་པའི་ཁར་ལུ་ གཙང་སྦྲགས་དང་ལྡན་པའི་འཐུང་ཆུ་དང་འཕྲོད་བསྟེན་གྱི་ཐད་ལས་འབད་རུང་ ཡར་དྲགས་སོང་ཡོད་རུང་ དྲུང་འཚོ་མ་ལངས་པའི་དཀའ་ངལ་འདི་འཕྲོ་མཐུད་དེ་ར་འབྱུང་དོ་ཡོདཔ་སྦེ་གསལ་བཏོན་འབྱུང་ནུག

ཤེས་རིག་གི་ཐད་ལུ་ སྤྱི་ལོ་ ༢༠༡༠ ལུ་ སློབ་ཕྲུག་སློབ་གྲྭ་ནང་འཛུལ་ཞུགས་ཀྱི་ཚད་གཞི་འདི་ རྒྱབ་ཆ་ ༡༡༧ ཨིནམ་ལས་བརྟེན་ བརྒྱ་ཆ་ལས་ལྷག་འདི་ཡོད། ཕོ་མོ་འདྲ་མཉམ་གྱི་ཐད་ཁར་ འབྲུག་རྒྱལ་ཁབ་འདི་ནང་གཞི་རིམ་དང་འབྲི་རིམ་སློབ་གྲྭའི་གནས་རིམ་གཉིས་ཆ་རའི་ནང་མཐར་འཁྱོལ་ཅན་འབྱུང་འདི་ཡོད། ཨིན་དེ་ར་འབད་རུང་ སྤྱི་ལོ་ ༢༠༠༥ ལུ་ ན་ལོན་ཤེས་ཡོན་ཡོད་མིའི་ཚད་གཞི་འདི་བརྒྱ་ཆ་ ༥༢.༨ རྐྱངམ་ཅིག་ཨིནམ་ལས་ ཚད་གཞི་འདི་དམའ་བའི་གྲལ་ཁར་ཨིན་པས། རང་བཞིན་གནས་སྟངས་ཉམས་སྲུང་གི་ཐད་ཁར་ ས་ཆའི་རྒྱ་འཁྱོན་ལས་ བརྒྱ་ཆ་ ༧༢.༥ ནགས་ཚལ་གྱི་ཁྱབ་སྟེ་ཡོད་ དེ་གུར་ལས་ས་ཆའི་རྒྱ་འཁྱོན བརྒྱ་ཆ་ ༥༡.༣༢ འདི་ སྲུང་སྐྱོབ་ཀྱི་ས་ཁོངས་དང་སྐྱེ་ལྡན་གནས་སྟངས་ཀྱི་བར་ལམ་སྦེ་ངོས་འཛིན་འབད་དེ་ཡོད། རླུང་ ཆུ་དང་སའི་སྤ྄ས་ཚད་ཀྱི་ཐད་ཁར་ཚ་བྱང་ལང་དགོཔ་མེད་རུང་ དམིགས་བསལ་གྱི་ཐིམ་ཕུ་དང་ཕུན་ཚོགས་གླིང་གི་ཁྲོམ་ནང་ལུ་ ཕྱག་སྙིགས་བཀོག་སའི་ས་སྒོ་མེདཔ་ལས་ རང་བཞིན་གནས་སྟངས་དང་འབྲེལ་བའི་དཀའ་ངལ་འདི་ཡར་སེང་འགྱོ་འདི་ཡོད།


གྲོགས་རམ་མཉམ་འབྲེལ་ཞལ་འཛོམས་ཐེངས་ ༡༡ པའི་ཡིག་ཆས། འཆར་སྣང་འདི་དོན་དག་ལྡནམ་བཟོ་ཚུགས་མི། འབྲུག་རྒྱལ་ཁབ་འདི་ཡར་རྒྱས་གོང་འཕེལ་གྱི་དོང་ལེན་ཡོད།


ལོ་ལྔའི་འཆར་གཞི ༡༠ པའི་དུས་ཕྱེད་བསྐྱར་ཞིབ་སྙན་ཞུ།


འབྲུག་གི་ཕོ་མོའི་གནས་བསྟུད་ ༢༠༡༠ ཅན་མ།

འབྲུག་གི་ཕོ་མོའི་གནས་བསྡུད་ ༢༠༡༠ ཅན་མ་འདི་ ལོ་ངོ་གཅིག་གི་རིང་ལུ་ ལས་སྡེ་མང་རབས་ཅིག་གིས་ ཕོ་མོའི་དབྱེ་བའི་སྐོར་ལས་ གལ་གནད་ཆེ་བའི་གནས་བསྡུད་བསྡུ་སྒྲིག་འབད་མི་འདི་འགོ་ཐོག་དང་པ་ཨིན། གནས་བསྡུད་པར་བསྐྲུན་འབད་མི་འདི་གིས་ ང་བཅས་ཀྱི་གྲོགས་རམ་མཉམ་འབྲེལ་འབད་མི་ཚུ་གིས་རྒྱབ་བསྐྱོར་གྱི་ཐོག་ལས་ ཕོ་མོ་འདྲ་མཉམ་ཡར་དྲགས་དང་ཨམ་སྲུའི་དབང་ཆ་སྤྲོད་ནི་ཚུ་ནང་ གྲུབ་འབྲས་འབྱུང་མི་ཚུ་གུར་གཙོ་བོ་བཏོན་འདི་ཡོད། འདི་དང་འབྲེལ་ཏེ་ ང་བཅས་རའི་རྒྱལ་ཁབ་ཀྱིས་དོང་ལེན་འབྱུང་མི་ཚུ་དང་ ཕོ་མོའི་བར་ན་ཁྱད་པར་ཆར་མི་ཚུ་ལུ་གཙོ་བོ་བཏོན་འདི་ཡོད།


འབྲུག་གི་ཕོ་མོའི་གནས་བསྟུད་ ༢༠༡༠ ཅན་མ།

  1. ཕུག་གི་མི་རློབས་འཆར་གཞི།
  2. མི་རློབས་ མི་རློབས་གོང་འཕེལ་གནས་སྟངས་དབྱེ་ཞིབ་སྙན་ཞུ།
  3. ཕུག་གི་མི་དམིགས་གཏད་དང་དམིགས་ཡུལ་ཅན་གྱི་མི་རློབས་འཆར་གཞི་ ༢༠༡༠ ཅན་མ།

ས་གནས་གཞུང་གི་སྙན་ཞུ། པར་སྐྲུན་དང་ལམ་སྟོན།

  1. ས་གནས་གོང་འཕེལ་གྱི་འཆར་གཞི་ལག་དེབ།
  2. ས་གནས་གཞུང་གི་ལོ་བལྟར་མ་དངུལ་གྱི་ལམ་སྟོན།

གྲོགས་རམ་མཉམ་འབྲེལ་ཞལ་འཛོམས་ཐེངས་ ༡༠ པའི་སྙན་ཞུ་ ༢༠༠༨ ཅན་མ། – ཕབ་ལེན་འབད་ས།


ལོ་ལྔའི་འཆར་གཞི་ ༡༠ པའི་ཡིག་ཆས་གཙོ་བོ་ དེབ་ཚན་ ༡ པ་དང་ ༢ པའི་ལས་རིམ་བཅུད་བསྡུས།

  1. ལོ་ལྔའི་འཆར་གཞི་ ༡༠ པའི་ཡིག་ཆས་གཙོ་བོ་ དེབ་ཚན་ ༡ པ།
  2. ལོ་ལྔའི་འཆར་གཞི་ ༡༠ པའི་ཡིག་ཆས་གཙོ་བོ་ དེབ་ཚན་ ༢ པ།

ས་གནས་གཞུང་གི་བཅའ་ཁྲིམས།

དབང་ཚད་ཕྱིར་སྤེལ་ཐོག་ལས་ དབང་ཆ་དང་དབང་ཚད་གུར་ལུ་ ཁོང་རའི་མི་སྡེ་ དཔལ་འབྱོར་གོང་འཕེལ་དང་འཛིན་སྐྱོང་གི་དོན་ལས་ཐད་ཀར་དུ་གྲལ་གཏོགས་འབད་ཚུགས་ནི་དང་ ས་གནས་གཞུང་འདི་མི་སེར་གྱི་མཐའ་དོན་དང་མཁོ་འོད་ཚུ་གྲུབ་ནིའི་དོན་ལས་ བཅག་འཐུ་གྲུབ་པའི་འདུས་ཚོགས་ཅིག་ཨིན།

འབྲུག་གི་རྒྱལ་ཡོངས་ཚོགས་འདུ་ཆེན་མོ་གིས་གཤམ་འཁོད་ལྟར་ ས་གནས་གཞུང་གི་བཅའ་ཁྲིམས་འདི་ཆ་འཇོག་འབདཝ་ཨིན།

  1. ས་གནས་གཞུང་གི་བཅའ་ཁྲིམས་ཀྱི་དཀར་ཆག
  2. ས་གནས་གཞུང་གི་བཅའ་ཁྲིམས རྫོང་ཁའི་ནང་།

གྲོང་གསེབ་གོངའཕེལ་་གནས་སྟངས་དབྱེ་ཞིབ་སྙན་ཞུ་ ༢༠༠༧ ཅན་མ།

འབྲུག་རྒྱལ་ཁབ་ཀྱི་ཡར་གོང་འཕེལ་གྱི་འཆར་གཞི་འགོ་ཐོག་དང་པ་འདི་ སྤྱི་ལོ་ ༡༩༦༡ འགོ་བཙུགས་ནུག་ དེ་ཡང་ལོ་ལྔའི་འཆར་གཞི་དང་པ་འགོ་བཙུགས་པའི་སྐབས་ལུ་ཨིན་པས། ད་རེས་སྤྱི་ལོ་ ༢༠༠༨ ལས་ འབྲུག་གཞུང་གིས་ ལོ་ལྔའི་འཆར་གཞི་ ༡༠ པ་ བརྩམ་ནི་ཡང་་འགོ་བཙུགས་པའི་གནས་ཚད་ལུ་ལྷོད་འདི་ཡོད།


ལོ་སྟོང་གོང་འཕེལ་གྱི་དམིགས་ཡུལ་ དགོས་མཁོའི་དབྱེ་ཞིབ་དང་ སྔོན་རྩིས་སྙན་ཞུ་ ༢༠༠༧ ཅན་མ།

འབྲུག་རྒྱལ་ཁབ་འདི་ཡོངས་སུ་རྫོགསཔ་སྦེ་ ལོ་སྟོང་གོང་འཕེལ་གྱི་དམིགས་ཡུལ་ལུ་ཁས་ལེན་འབད་དེ་ཡོད་པའི་ཁར་ལུ་ ང་བཅས་རའི་རྒྱལ་ཁབ་ཀྱི་དོན་ལུ་ གལ་གནད་ཆེ་ཤོས་ཀྱི་དམིགས་ཡུལ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་འདི་རྩིས་ཏེ་ ང་བཅས་རའི་རྒྱལ་ཁབ་ཀྱི་ རྒྱལ་ཡོངས་གོང་འཕེལ་གྱི་གཙོ་རིམ་ཚུ་ཡང་ འབྲེལ་མཐུད་སྦོམ་འབད་ཡོད། སྤྱི་ལོ་ ༢༠༡༨ ལས་ ༢༠༡༣ ཚུན་འབད་མི་ ལོ་ལྔའི་འཆར་ ༡༠ པའི་ གནད་དོན་གཙོ་བོ་གཅིགཔོ་འདི་དབུལ་འཕོངས་མར་ཕབ་འབད་ནི་ཨིནམ་ལས་ ལོ་སྟོང་གོང་འཕེལ་གྱི་དམིགས་ཡུལ་འདི་ རྒྱལ་ཡོངས་གོང་འཕེལ་འཆར་གཞིའི་བྱ་རིམ་ནང་གཅིག་འབྲེལ་བཟོ་གནང་ཡི།

མ་གཞི་ང་བཅས་རའི་རྒྱལ་ཁབ་འདི་ ལོ་སྟོང་གོང་འཕེལ་གྱི་དམིགས་ཡུལ་གྲུབ་ནིའི་ལམ་ཤུལ་གུར་ཡོད་རུང་ དམིགས་ཡུལ་ཡོངས་སུ་རྫོགསཔ་སྦེ་གྲུབ་ནིའི་དོན་ལུ་ མ་དངུལ་གྱི་དཀའ་ངལ་འདི་འཐོན་འདི་ར་ཡོད། རྒྱལ་སྤྱིའི་གནས་རིམ་ནང་འབད་བ་ཅིན་ དམིགས་ཡུལ་འདི་གྲུབ་ཐབས་ཀྱི་དོན་ལས་ གོང་འཕེལ་མ་དངུལ་གྱི་ སྔོན་རྩིས་འདི་གཙུག་སྡེ་གི་ཆེ་མཐོའི་ཚོགས་ཆུང་གིས་བཏོན་དོ་ཡོདཔ་དང་ ལོ་སྟོང་གོང་འཕེལ་གྱི་དམིགས་ཡུལ་འདི་ རྒྱལ་ཡོངས་ཀྱི་གནས་རིམ་ནང་ལུ་གྲུབ་ནིའི་དོན་ལས་ འཛམ་གླིང་དངུལ་ཁང་དང་རྒྱལ་ཁབ་ལ་ལུག་གཅིག་གིས་ དབྱེ་ཞིབ་འབད་ནི་ཡང་འགོ་བཙུགས་ནུག་ འབྲུག་རྒྱལ་ཁབ་ནང་ལུ་ ལོ་སྟོང་གོང་འཕེལ་གྱི་དམིགས་ཡུལ་འདི་གྲུབ་ཐབས་ལུ་ ངེས་ཏིག་དགོ་པའི་མ་དངུལ་གྱི་དབྱེ་ཞིབ་ཅིག་འབད་དགོཔ་ཡོདཔ་དང་ དམིགས་ཡུལ་དེ་ འཆར་གཞི་ ༡༠ པའི་བྱ་སྒོའི་ལམ་ལུགས་ནང་འབྲེལ་མཐུད་བཟོ་དགོཔ་ཡོད། དེ་འབདཝ་ལས་ སྤྱི་ལོ་ ༢༠༠༦ སྤྱི་ཟླ་ ༦ པའི་ནང་ དམིགས་ཡུལ་དེའི་དོན་ལས་ དགོས་མཁོའི་དབྱེ་ཞིབ་དང་མ་དངུལ་སྔོན་རྩིས་བཏོན་ནི་འདི་ཡང་ འཆར་གཞི་ལྷན་ཚོགས་ཀྱིས་འགོ་བཙུགས་གནང་ནུག


ལྷོ་ཨེ་ཤི་ཡའི་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ སཱག་གི་ གོང་འཕེལ་དམིགས་ཡུལ། ཡུན་བརྟན་གོང་འཕེལ་དམིགས་ཡུལ། རེ་འདོད་ཅན་གྱི་གྲ་སྒྲིག


འབྲུག་གིའཆར་སྣང ༢༠༢༠ ། ཞི་བདེ་ སྟོབས་འབྱོརདང་དགའ་སྐྱིད།

སྤྱི་ལོ་ ༡༩༦༡ ལས་འགོ་བཙུགས་ཏེ་ ང་བཅས་རའི་རྒྱལ་ཁབ་ནང་དཀའ་ངལ་ཚུ་བྱུང་སྟེ་ར་འབད་རུང་ ལོ་ལྔའི་འཆར་གཞི་ ༧ པའི་གོང་འཕེལ་གྱི་ལས་སྣ་ཚུ་ལེགས་ཤོམ་སྦེ་མཐར་འཁྱོལ་ཡོདཔ་ལས་བརྟེན་ཏེ་ ང་བཅས་མི་སེར་ཚུ་རེ་བ་ལས་ལྷག་པའི་གྲུབ་འབྲས་བྱུང་སྟེ་ཡོད། རྒྱལ་ཁབ་ཀྱི་གནས་སྟངས་འདི་མགྱོགས་དྲགས་སྦེ་གྱུར་ཏེ་འགྱོ་ནི་འདི་གིས་ ང་བཅས་ཚུ་རང་བཞིན་གྱིས་འགྱུར་ཏེ་འོང་མི་ལུ་ཆ་བཞག་ནི་མེན་པར་ ང་བཅས་རའི་བློ་འདོད་ལྟར་དུ་འབད་འོང་དགོཔ་འདི་ཡང་གལ་ཆེ་ཤོས་ཅིག་ཨིན། ཨིན་དེ་རང་འབད་རུང་ མ་འོངས་པའི་དུས་འདི་ རང་གི་མནོ་དོན་ལྟར་དུ་འགྲུབ་ཚུགས་ནིའི་དོན་ལས་ཨིན། འཆར་གཞི་བརྩམས་མི་ཚུ་ དུས་རྒྱུན་དུ་བསྐྱར་ཞིབ་འབད་དགོ་མི་འདི་ གོང་གི་དམིགས་ཡུལ་འགྲུབ་ཚུགས་པའི་ལྷན་ཐབས་ཀྱི་ལས་རིམ་ཅིག་ཨིན། འཆར་གཞི་ལྷན་ཚོགས་ཀྱི་ཁ་ཐུག་ལས་འགོ་འདྲེན་འཐབ་སྟེ་ དུས་ཡུན་ལོ་ངོ་ ༢༠ རིང་གི་འཆར་སྣང་ཡིག་ཆས་འདི་ པར་བསྐྲུན་འབད་ཚུགས་མི་འདི་ལུ་གནམ་མེད་ས་མེད་སེམས་དགའ་ཡི།

  1. སྡེ་ཚན་ ༡ པ།
  2. སྡེ་ཚན་ ༢ པ།

ལོ་ལྔའི་འཆར་གཞི་ ༩ པ བརྩམ་ནིའི་ལམ་སྟོན།

ལོ་ལྔའི་འཆར་གཞི་ ༩ པ་ (༢༠༠༢/༠༣-༢༠༠༧/༠༨) བརྩམ་ནིའི་ལམ་སྟོན་འདི་ ལོ་ལྔའི་འཆར་གཞི་ ༨ པའི་ལོ་ ༣ གྱི་སྔོན་མ་ལས་ འབྲེལ་ཡོད་ལས་སྡེ་ཚུ་དང་གྲོས་བསྟུན་འབད་དེ་ གཤམ་འཁོད་ཡིག་ཆས་ཚུ་ལུ་གཞི་བཞག་སྟེ་བརྩམ་བརྩམས་ཨིན།

  • འབྲུག་གི་འཆར་སྣང་ ༢༠༢༠། བཞི་བདེ་ སྟོབས་འབྱོརདང་དགའ་སྐྱིད།
  • གཞུང་ལེགས་བསྒྱུར་གྱི་ཕྱག་ལཱ་ ༢༠༠༠ ཅན་མ།
  • ལོ་ལྔའི་འཆར་གཞི ༨ པའི་དུས་ཕྱེད་བསྐྱར་ཞིབ་སྙན་ཞུ་ ༢༠༠༠ ཅན་མ།
  • ལོ་ལྔའི་འཆར་གཞི ༩ པ་ བརྩམ་ནིའི་དོན་ལས་ མཁས་པའི་སྡེ་ཚོགས་ཀྱི་ཞལ་འཛོམས་ཚོགས་གནང་བའི་དྲན་ཐོ་ཡིག་ཆ།
  • གཞུང་ལྟེ་བ་ལས་སྡེ་ཚན་གཙོ་བོ་གིས་ རྫོང་ཁག་ནང་ལུ་གཟིགས་སྐོར་བྱོན་མའི་སྙན་ཞུ་ ༢༠༠༠ ཅན་མ།
  • རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་གོང་འཕེལ་བཏང་ཐབས་ལུ་ སྤྱི་ལོ་ ༢༠༠༠ སྤྱི་ཟླ་ ༩ པའི་སྤྱི་ཚེས་ ༧ ལས་ ༩ ཚུན་ ས་གནས་ཐིམ་ཕུ་ལུ་ཚོགས་མིའི་ གྲོགས་རམ་མཉམ་འབྲེལ་ཞལ་འཛོམས་ཐེངས་ ༧ པ།

རྒྱལ་ཡོངས་མི་སྟོབས་གོང་འཕེལ་སྙན་ཞུ་ ༢༠༠༥ ཅན་མ།

རྒྱལ་ཡོངས་མི་སྟོབས་གོང་འཕེལ་སྙན་ཞུ་ ༢༠༠༥ ཅན་མ་འདི་ འབྲུག་གི་རྒྱལ་ཡོངས་མི་སྟོབས་གོང་འཕེལ་སྙན་ཞུ་བརྩམས་མི་འདི་གོ་རིམ་གཉིས་པ་ཨིན་པས། རྒྱལ་ཡོངས་མི་སྟོབས་གོང་འཕེལ་སྙན་ཞུ་འདི་འགོ་ཐོག་དང་པ་ སྤྱི་ལོ་ ༢༠༠༠ ལུ་བརྩམས་མི་འདི་གིས་ གནད་དོན་གཙོ་བོ་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་གུལ་གཙོ་བོ་བཏོན་ཡོད་རུང་ དེང་སང་གི་སྙན་ཞུ་འདི་མངཆེ་ཤོས་ཅིག་ན་གཞོན་ལཱ་གཡོག་མེད་མི་གུར་གཙོ་བོ་བཏོན་ཏེ་ཡོད། རྒྱལ་ཡོངས་མི་སྟོབས་གོང་འཕེལ་སྙན་ཞུ་ ༢༠༠༥ ཅན་མའདི་དབྱེ་ཁག་གཉིས་ལུ་ཕྱེ་འདི་ཡོད་ ལས་ཚན་དང་པ་ རྒྱལ་ཁམས་ཀྱི་སྤྱིར་བཏང་མི་སྟོབས་གོང་འཕེལ་དང་ ལས་ཚན་གཉིས་པ་འདི་ ན་གཞོན་ལཱ་གཡོག་མེད་མིའི་དཀའ་ངལ་ཚུ་ལུ་གཙོ་བོ་བཏོན་ཏེ་ཡོད།

ལོ་སྟོང་གོང་འཕེལ་གྱི་དམིགས་ཡུལ་སྙན་ཞུ་ ༢༠༠༥ ཅན་མ།

ལོ་སྟོང་གོང་འཕེལ་གྱི་དམིགས་ཡུལ་འདི་གཞི་བཙུགས་འབད་མི་འདི་གིས་ ང་བཅས་རའི་རྒྱལ་ཡོངས་ཀྱི་གྲུབ་འབྲས་ཚུ་ལྟ་རྟོག་འབད་དེ་ལོ་སྟོང་གོང་འཕེལ་གྱི་དམིགས་ཡུལ་འདི་གྲུབ་ཚུགས་ཅི་ཟེར་གསལ་བཏོན་འབད་ནི་ལུ་གལ་ཅན་སྦེ་བརྩིཝ་ཨིན། ལོ་སྟོང་གོང་འཕེལ་གྱི་དམིགས་ཡུལ་གྱི་སྙན་ཞུ་པར་བསྐྲུན་ཐེངས་གཉིས་པ་འབད་མི་འདི་གིས་ འབྲུག་རྒྱལ་ཁབ་ནང་ ལོ་སྟོང་གོང་འཕེལ་གྱི་དམིགས་ཡུལ་གྲུབ་འདི་ཡོད་པའི་ ད་རེས་ནངས་པའི་གནས་སྟངས་ཚུ་གསལ་བཏོན་འབད་དེ་ཡོདཔ་དང་ རྒྱལ་ཁབ་མཐའ་དབུས་མེད་པར་ག་རའི་ནང་ལུ་ དོང་ལེན་ཅན་གྱི་གནད་དོན་དང་དཀའ་ངལ་བྱུང་མི་ཚུ་ སེལ་ནིའི་ཐབས་ཤེས་རྣམ་པ་སྣ་ཚོགས་ལུ་གཙོ་བོ་བཏོན་ཏེ་ཡོད།སྙན་ཞུ་འདི་གིས་ ལོ་སྟོང་གོང་འཕེལ་གྱི་དམིགས་ཡུལ་གྲུབ་ནི་ལུ་ གལ་གནད་ཆེ་བའི་དོང་ལེན་ཚུ་དང་གནོད་པ་འབྱུང་མི་ཚུ་ལུ་དབྱེ་ཞིབ་འབད་དེ་ གོང་འཕེལ་གྱི་རྒྱབ་སྐྱོར་འབད་དགོཔ་ གལ་ཅན་གྱི་གཙོ་རིམ་ཚུ་ངོས་འཛིན་འབད་ནི་ཨིན། ལོ་སྟོང་གོང་འཕེལ་གྱི་དམིགས་ཡུལ་གྱི་སྙན་ཞུ་པར་བསྐྲུན་ཐེངས་དང་པ་བཟུམ་མེན་པར་ ད་ལྟོའི་སྙན་ཞུ་འདི་ཁག་ཆེ་ཤོས་ར་ ལོ་སྟོང་གོང་འཕེལ་གྱི་དམིགས་ཡུལ་འདི་ཡར་དྲགས་བཏང་ནི་ གོ་བརྡ་སྤྲོད་ནི་དང་དར་ཁྱབ་བཏང་ནི་ དེ་ལས་ འབྲུག་རྒྱལ་ཁབ་ཀྱི་ལོ་སྟོང་གོང་འཕེལ་གྱི་དམིགས་ཡུལ་འདི་ཡོངས་སུ་རྫོགས་པ་འབད་ཡུན་བརྟན་གྱི་ཐོག་ལསག་དེ་སྦེ་་གྲུབ་ནི་ཨིན་གི་སྐོར་ལས་སྤྲོ་བ་གི་ཐོག་ལས་གྲོས་བསྡུར་རྒྱ་ཆེཝ་འབད་གནང་ནི་ལུ་རེ་འདོད་སྐྱེཝ་ཨིན།

  1. སྡེ་ཚན་ ༡ པ།
  2. སྡེ་ཚན་ ༢ པ།
  3. སྡེ་ཚན་ ༣ པ།
  4. སྡེ་ཚན་ ༤ པ།

ལོ་ལྔའི་འཆར་གཞི་ ༩ པའི་སྙན་ཞུ་འདི་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ཐེངས་ ༨༠ པའི་ནང་ལུ་སྤྱན་འབུལ་ཕུ་ཡི།

སྤྱི་ལོ་ ༡༩༩༧ ལས་ སྤྱི་ལོ་ ༢༠༠༢ ཚུན་གྱི་ ལོ་ལྔའི་འཆར་གཞི་ ༨ པ་འདི་ སྤྱི་ལོ་ ༢༠༠༢ སྤཡི་ཟླ་ ༦ པའི་ནང་མཇུག་བསྡུ་ནི་དང་འབྲེལ་ སྤྱི་ལོ་ ༢༠༠༢ སྤྱི་ཟླ་ ༧ པའི་སྤྱི་ཚེས་ ༡ ལས་འགོ་བཙུགས་ཏེ་ ལོ་ལྔའི་འཆར་གཞི་ ༩ པ་འདི་བརྩམས་ནི་འགོ་ནི་ཨིན། སྤྱི་ལོ་ ༢༠༠༢ ལས ༢༠༠༧ ཚུན་ ལོ་ལྔའི་འཆར་གཞི་ ༩ པ་འི་ རྒྱལ་ཁབ་ནང་ལུ་སྔར་ལས་མེད་པའི་གྱུར་བ་འགྱོ་བའི་དུས་ཚོད་ལུ་བརྩམ་ནི་འགོ་བཙུགས་ཡི། སྤྱི་ལོ་ ༡༩༨༡ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གཞི་བཙུགས་གནང་མི་ དབང་ཚད་ཕྱིར་སྤེལ་གྱི་ལམ་ལུགས་འདི་ཡང་ མི་སེར་ཚུ་གིས་ལྕོགས་གྲུབ་དང་བསྟུན་ཏེ་ གྲོས་ཀྱི་སྦེ་ལཱ་དང་འགན་ཁུར་ཚུ་ཡང་ཡར་སེང་འགྱོ་མི་དང་འཁྲིལ་ ལོ་ངོ་བཅུ་ཕྲག་གཉིས་ཀྱི་ནང་འཁོད་ དབང་ཚད་ཕྱིར་སྤེལ་གྱི་ལམ་ལུགས་འདི་ཡང་ མི་སེར་ལུ་སྤྲོད་གནང་ཡི། གྲོས་ཀྱི་སྦེ་སྤྲོད་བཞིན་ཡོད་པའི་ དབང་ཚད་ཕྱིར་སྤེལ་གྱི་ལམ་ལུགས་འདི་ གསེར་ཁྲི་རྩ་བ་ལས་ སྤྱི་ལོ་ ༢༠༠༨ ལུ་བཀོནད་ཁྱབ་ཀྱི་དབང་ཚད་འདི་ བཙག་འཐུ་གྲུབ་པའི་བློན་ལྷན་རྒྱས་ལུ་གནངམ་དང་འབྲེལ་ཏེ་མཇུག་བསྡུ་ནུག་ སྤྱི་ལོ་ ༢༠༠༡ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཁབ་ཀྱི་དོན་ལུ་ འབྲུག་གི་རྩ་ཁྲིམས་ཆེན་མོ་ ཟིན་བྲིས་བཏབ་དགོ་པའི་བཀའ་སློབ་བཟང་པོ་གནང་མི་འདི་ དོ་རུང་ཡང་རྒྱལ་རབས་དང་ལྡན་པའི་འགྱུར་བ་སྦོམ་ཅིགག་ཨིན། ང་བཅས་རའི་རྒྱལ་ཁབ་ཀྱི་ཀ་ཆེན་བཟུམ་ཨིན་མི་ རྩ་ཁྲིམས་ཆེན་མོ་འདི་གིས་ འབྲུག་མི་ཡོངས་ཀྱི་རེ་འདོད་འགྲུབ་ནི་ རང་དབང་རང་བཙན་སྲུང་སྐྱོབ་འབད་ནི་ དེ་ལས་རྒྱལ་ཁམས་ཀྱི་ཉེན་སྲུང་འདི་ཇི་སྲིད་ནམ་གནས་ཀྱི་བར་དུ་སྒྲིང་སྒྲིང་གནས་ཚུགསཔ་ཨིན།


ཕོ་མོའི་མོ་བཏབ་ཀྱི་བརྟག་ཞིབ་སྙན་ཞུ།

རྒྱལ་ཁབ་ནང་ལུ་ གོང་འཕེལ་གྱི་འཆར་གཞི་འགོ་བཙུགས་པའི་སྐབས་ལས་ར་ འབྲུག་རྒྱལ་ཁབ་ཀྱིས་ མི་ཚེའི་གནས་སྟངས་སྤུས་ཚད་ལེསག་བཅོས་འབད་ནི་ མི་སེར་གྱི་འཚོ་བའི་གནས་སྟངས་ཡར་དྲགས་བཏང་ནི་དང་མི་སེར་དཔལ་འབྱོར་ཡར་འཕར་ དེ་ལས་ སེམས་ཁམས་དང་སེམས་འཚོར་ཡར་དྲགས་བཏང་ནི་ལུ་གཙོ་བོ་བཏོན་ཏེ་ཡོད། མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ཐུགས་ཀྱི་དགོངས་བཞེད་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་འདི་ རྒྱལ་ཁབ་ཀྱི་ཡར་རྒྱས་གོང་འཕེལ་གྱི་གཞི་བཀོད་དང་ཡུན་བརྟན་གོང་འཕེལ་གུར་གཙོ་བོ་བཏོན་ཏེ་ མི་སེར་རང་མགོ་རང་འདྲོང་བཟོ་ནི་ལུ་གཙོ་བོ་བཏོན་ནི་འདི་ཨིན་པས། རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་འདི་ ཡར་རྒྱས་གོང་འཕེལ་དོན་ལུ་ མི་ངོ་རྐྱང་ལུ་ཡང་གཙོ་རིམ་ཡོད་པའི་ཁར་ལུ་ དེའི་གཙོ་རིམ་ལྔ་དེམ་ཅིག་ཡོད།


རྒྱལ་ཡོངས་མི་སྟོབས་གོང་འཕེལ་སྙན་ཞུ་ ༢༠༠༥ ཅན།

སྤྱི་ལོ་ ༡༩༦༡ ལུ་ འབྲུག་རྒྱལ་གསུམ་པ་ མི་དབང་ཞིང་གཤེགས་དམ་པ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ འབྲུག་རྒྱལ་ཁབ་འདི་ རྒྱལ་ཁབ་གཞན་ལས་ཟུར་སྡོད་ལས་མཇུག་བསྡུ་ནི་གུར་ཐུགས་ཐག་བཅད་གནང་སྟེ་ དུས་འཕོ་འགྱུར་དང་བསྟུན་རིག་གསར་གྱི་ཡར་རྒྱས་གོང་འཕེལ་གྱི་ལམ་ཤུལ་ནང་བཙུགས་གནང་སྟེ་ ང་བཅས་རའི་རྒྱལ་ཁབ་འདི་ རྒྱལ་སྤྱིའི་རྒྱལ་ཁབ་ཀྱི་མི་ཚུ་དང་གཅིག་ཁར་འཐུས་ཡར་ཡེང་ཡེ་གཅིག་ལུ་གྱུར་ནུག་ ཨིན་དེ་ར་འབད་རུང་ འདི་བསྒང་ལས་ར་ འབྲུག་རྒྱལ་ཁབ་འདི་ གཞན་ལུ་རེ་མ་དགོ་པར་རང་ལུགས་སྔར་སྲོལ་ལམ་ལུགས་གུར་གནས་ཏེ་སྡོད་མི་ཅིག་ཨིན་པས། མི་ཚུ་ཁོང་རའི་དགོས་མཁོ་དང་འཁྲིལ་ཏེ་ སོ་ནམ་ཞིང་ལཱ་ལུ་བརྩོན་ཏེ་ རང་བཞིན་གནས་སྟངས་དང་ཡུན་བརྟན་གྱི་ཐོག་ལས་འབྲེལ་མཐུན་སྦོམ་སྡོད་ནུག ། མི་ཚུ་གིས་སྒོ་ནོར་སེམས་ཅན་ཚུ་གསོ་སྐྱོང་འབད་དེ་ བཀབ་བགོ་ལ་ཚུ་ཁོང་ར་གིས་ཐག་ནི་དང་བཞེས་སྒོ་འབད་ནིའི་རྫམ་ཡང་བཟོ་སྡོད་ནུག ། སྣུམ་འཁོར་གྱི་ལམ་ཡང་མེདཔ་ལས་བརྟེན་ སྐྱེལ་འདྲེན་གྱི་དོན་ལས་ དྲེལ་ཚུ་ གཡག་ཚུདངརྟ་ཚུ་ར་ལག་ལེན་འཐབ་སྡོད་ནུག ། ད་ལས་ཕར་ ལོ་ངོ་བཅུ་ཕྲག་ ༤ ཉུངམ་ཅིག་གི་སྔོན་མ་ལས་ རིག་གསར་གྱི་ཡར་རྒྱས་གོང་འཕེལ་དང་བསྟུན་ སྣུམ་འཁོར་གྱི་ལམ་བཏོན་ སློབ་གྲྭ་དང་བཟོ་གྲྭ་ཁང་ཚུ་ཡང་གཞི་བཙུགས་འབད་ཡི། དེ་ལས་ཚུར་ རྒྱལ་ཁབ་ནང་ལུ་ ཚུལ་དང་ལྡན་པའི་བདག་སྐྱོང་གི་རིམ་ལུགས་ སྣུམ་འཁོར་གྱི་མཐུད་འབྲེལ་དང་བརྡ་དོན་ཚུའི་མཐུན་རྐྱེན་ཡང་གཞི་བཙུགས་གནང་ནུག་ འབྲུག་རྒྱལ་ཁབ་ཀྱི་ཡར་རྒྱས་གོང་འཕེལ་གྱི་གཙོ་རིམ་ཡོད་ཚུ་ལས་ རིག་གསར་ལམ་ལུགས་དང་བསྟུན་པའི་གསོ་བ་ གཙང་སྦྲགས་ ཉེན་སྲུང་དང་ལྡན་པའི་འཐུང་ཆུའི་ཞབས་ཏོག་དང་གློག་ཀྲམ་སྤེལ་ཚུ་གཙོ་བོ་བཏོན་གནང་ནུག །


ལོ་ལྔའི་འཆར་ ༨ པའི་དུས་ཕྱེད་བསྐྱར་ཞིབ་སྙན་ཞུ།

ལོ་ལྔའི་འཆར་གཞི་འདི་ འབྲུག་རྒྱལ་ཁབ་ཀྱི་མི་སྡེ་དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ གལ་གནད་ཆེ་བའི་ལམ་སྟོན་གཞི་བཟུམ་ཅིག་གྱུར་འདི་ཡོད། འདི་དང་འཁྲིལ་ཏེ་ འབྲུག་གཞུང་གིས་ འཆར་གཞིའི་ལས་སྣ་ཚུའི་གྲུབ་འབྲས་བརྟག་ཞིབ་འབད་ཚུགས་ནི་དང་ལས་སྣ་ཚུ་ལག་ལེན་འཐབ་ད་དཀའ་ངལ་བྱུང་མི་ཚུ་མར་ཕབ་འབད་ནིའི་དོན་ལས་ ལོ་ལྔའི་འཆར་གཞི་འདི་བསྐྱར་ཞིབ་འབད་ནི་དང་ འཆར་གཞིའི་དུས་ཕྱེད་བསྐྱར་ཞིབ་གཞི་བཙུགས་འབད་ནི་འདི་གལ་ཆེཝ་འབད་བརྩི་འཇོག་མཛད་གནང་ནུག །
ལོ་ལྔའི་འཆར་གཞི་ ༨ པའི་དུས་ཕྱེད་བསྐྱར་ཞིབ་འདི་ དམིགས་བསལ་གྱི་གལ་ཆེཝ་བརྩི་དགོ་མི་དེ་ཡང་ འཆར་གཞི་ ༨ པའི་ལོ་དང་པ་གཉིས་པའི་ནང་འཁོད་ གལ་གནད་ཅན་གྱི་ལས་མ་མང་རབས་ཅིག་འགོ་འདྲེན་འཐབ་ཚུགསཔ་ལས་བརྟེན་ཏེ་ཨིན། གསེར་ར་ཁྲི་རྩ་བ་ལས་དབང་ཚད་ཕྱིར་སྤེལ་གྱི་དབང་ཚད་འདི་ བཙག་འཐུ་གྲུབ་པའི་བློན་པོ་ལྷན་ཚོགས་ལུ་གནང་མི་འདི་གིས་ འབྲུག་རྒྱལ་ཁབ་ཀྱི་ མི་སྡེ་སྲིད་དོན་རིམ་ལུགས་འདི་ འཆར་གཞི་གོང་འཕེལ་གྱི་བྱ་རིམ་ནང་འགོ་དང་པ་འོང་བའི་རྟགས་མཚན་བཏོནམ་ཨིན་པས།


གནད་དོན་ག་ཅི་ཐད་ལས་འབད་རུང་ ཨམ་སྲུ་ཚུ་ལུ་ཆགས་ལྡང་ཕྱོགས་རིས་རྩ་མེད་བཏང་ནིའི་མཆིངས་ཡིག །

གནད་དོན་ག་ཅི་ཐད་ལས་འབད་རུང་ ཨམ་སྲུ་ཚུ་ལུ་ཆགས་ལྡང་ཕྱོགས་རིས་རྩ་མེད་བཏང་ནིའི་རྒྱལ་སྤྱིའི་མཆིངས་ཡིག་འདི་ སྤྱི་ལོ་ ༡༩༩༧ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ རྒྱལ་ཡོངས་ཚོགས་འདུ་གིས་ཆ་འཇོག་མཛད་གནང་་ནུག ། མཆིང་ཡིག་འདི་ནང་ གཞི་དོན་ངོ་སྤྲོད་དང་རྩ་ཚན་ ༣༠ འཁོད་དེ་ཡོདཔ་ལས་ དེའི་ངེས་ཚིག་ནང་ ཨམ་སྲུ་ཚུ་ལུ་ ཆགས་ལྡང་ཕྱོགས་རིས་ཟེར་མི་འདི་ག་ཅི་བཟུམ་ཨིན་ན་འཁོད་ཡོད་མི་འདི་གུར་རྒྱལ་ཡོངས་ཀྱི་གྲོས་གཞི་བཟོ་སྟེ་ ཨམ་སྲུ་ཚུ་ལུ་ དེ་བཟུམ་མའི་ ཆགས་ལྡང་ཕྱོགས་རིས་འདི་རྩ་མེད་བཏང་ནི་ཨིན་པས། དེ་འབད་ལཝ་ལས་ གནད་དོན་ག་ཅི་ཐད་ལས་འབད་རུང་ ཨམ་སྲུ་ཚུ་ལུ་ཆགས་ལྡང་ཕྱོགས་རིས་རྩ་མེད་བཏང་ནིའི་མཆིངས་ཡིག་འདི་ འཕྲལ་ཕྲལ་རྒྱལ་སྤྱིའི་ཨམ་སྲུ་ཚུའི་དབང་ཆའི་བཅའ་ཡིག་ཟེར་ཡང་བཤད་དོ་ཡོདཔ་ཨིན།


དབུལ་འཕོངས་དཀའ་ངལ་མར་ཕབ་ཀྱི་དམིགས་གཏད་ཡིག་ཆས།

འབྲུག་གཞུང་གིས་ ད་ལྟོ་འབད་འཕྲོ་ཡོད་མིའི་ དབུལ་འཕོངས་དཀའ་ངལ་མར་ཕབ་འབད་ཐབས་ཀྱི་དམིགས་གཏད་ཡིག་ཆས་ཅིག་གཞི་བཙུགས་འབད་ཡི། དབུལ་འཕོངས་དཀའ་ངལ་མར་ཕབ་འབད་ཐབས་ཀྱི་དམིགས་གཏད་ཡིག་ཆས་ཅིག་གཞི་བཙུགས་འབད་དགོ་པའི་དམིགས་ཡུལ་གཙོ་བོ་ར་ དབུལ་འཕོངས་དཀའ་ངལ་མར་ཕབ་ཀྱི་གཞི་བཀོད་སྒྲིང་སྒྲིང་བཟོ་ནི་ གྲོགས་རམ་མཉམ་འབྲེལ་ཡར་དྲགས་བཏང་ནི་ དེ་ལས་ གསར་བཙུགས་འབད་དེ་ཡོད་པའི་ མི་མངགི་ཟད་འགྲོའི་འཛིན་སྐྱོང་ལུ་རྒྱབ་བསྐྱོར་ཡར་དྲགས་བཏང་ཏེ་ དབུལ་འཕོངས་བལྟ་རྟོག་འབད་ནི་དང་དབྱེ་ཞིབ་འབད་ནི་ཚུ་ཨིན།